མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༼ བོད་མི་གསར་བརྗེ་བ་ཞིག ༽ མི་སྣའི་ལོ་རྒྱུས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

  འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་སྲིད་དོན་མི་ཚེའི་ལོ་རྒྱུས། སྤྱི་ལོ་ ༢༠༠༦ ལོར་འདི་ག་གསར་ཁང་ནས་འདོན་སྤེལ་བྱས་ཤིང་། རྩོམ་པ་པོ། མེལ་ཝིན་སི་གྷོལ་སི་ཊེན་དང་། ཟླ་བའི་ཤེས་རབ། ཝི་ལིམ་ཨར་སའི་བྷན་ཤུ་བཅས་ཡིན་ལ། ཆུང་ཚེ་རིང་ལགས་ཀྱིས་བོད་བརྒྱུར་བྱས།

དེབ་འདིའི་ནང་དོན་གཙོ་བོ་ནི། བོད་མི་སྲིད་དོན་པ་དང་གསར་བརྗེ་བ་གྲགས་ཆེན། འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་ཏེ། སྐབས་དེའི་བོད་རྒྱའི་ཆབ་སྲིད་འཕོ་འགྱུར་དང་། སྤྱི་ཚོགས་གནས་བབ། བོད་སྡེ་བ་གཞུང་གི་སྒྲིག་འཛུགས་དང་ལམ་ལུགས་སོགས་བརྗོད་སྙིང་དུ་བཟུང་སྟེ། མ་རྩ་རིང་ལུགས་ཀྱི་སྲིད་གཞུང་དུ་གྲགས་པའི་གོ་མིན་ཏང་དང་། གོང་ཁྲན་ཏང་དམར་ཤོགས་ཚོགས་པ་གཉིས་བར་ཁྱོད་ཤི་ང་གསོན་གྱི་འགལ་འདུའི་འཐབ་རྩོད་རྒྱས་འབྲི་བྱས་ཡོད་ལ། རྒྱལ་སྤྱིའི་སྟེང་གི་དམར་ཤོག་དང་དམངས་གཙོ་གཉིས་བར་གྱི་རྒྱལ་ཕམ་འཐབ་རྩོད་སོགས་ལའང་ཟུར་བལྟའི་ཚུལ་དུ་བཀོད་ཡོད།

འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་རླབས་ཆེན་གསར་བརྗེ་བསམ་བློ་དེར་གྲུབ་ཆ་གལ་ཆེན་གཉིས་ཡོད། དང་པོ། ཁོང་བྱིས་པའི་དུས་ནས་སེམས་པའི་གཏིང་སར་ཉལ་ཡོད་པའི་དུས་རབས་ཉི་ཤུའི་དུས་མགོར་ཁམས་དང་ཨ་མདོའི་ས་ཁུལ་ཏུ་གོ་མིན་ཏང་གི་ལོག་སྤྱོད་དམག་མིས་འཕྲོག་བཅོམ་བསྲེགས་རྡུང་ཚབ་ཆེན་བྱས་ཏེ། མི་སེར་ལ་གཉའ་གནོན་དང་བརྙས་བཅོས་ཚད་མེད་བྱས་པའི་ཕ་མེས་ཚོའི་ངག་རྒྱུན་གྱིས་བསླངས་པའི་ཞེ་འཁོན་དང་། ནར་སོན་ཏེ་རྒྱ་ནག་ནན་ཅིན་སོགས་སུ་སློབ་གྲྭར་སྐྱོད་སྐབས། གོ་མིན་ཏང་གི་རུལ་སུངས་སྲིད་ཇུས་ཀྱིས་ཁོའི་ལས་དོན་ལ་ཕོག་ཐུག་ཚབ་ཆེན་བཏང་ཡོད་ལ། ཁོར་ཡུག་དང་དགེ་རྒན། སློབ་གྲོགས་སོགས་ཀྱིས་ཁོའི་བསམ་བློར་ཤུགས་རྐྱེན་ཐེབས་ཡོད། གཉིས་པ། ལོ་རབས་བཞི་བཅུ་ཡས་མས་ནས་རྒྱ་ནག་གུང་ཁྲན་ཏང་གིས་བོད་ཀྱི་མཐའ་མཚམས་ཁག་ཏུ་བཙན་འཛུལ་དང་མི་གསོད་ཁྲག་སྦྱོར་ཡ་ང་བ་བྱེད་ཀྱིན་ཡོད་ནའང་། བོད་སྡེ་བ་གཞུང་གི་སྐུ་དྲག་ཚོས་དེ་དག་སྣང་མེད་ཀྱིས་རྒྱས་སྤྲོས་དང་རྒྱན་འཛུགས་ཤོ་རྒྱག རྒྱུ་དབང་འཕྲོག་རྩོད་སོགས་སྐྱུག་བྲོ་བའི་སྤྱི་ཚོགས་རྙིང་བའི་ལམ་ལུགས་དེར་ཞེན་པ་གཏིང་ནས་ལོག་ཅིང་། བོད་མི་རིགས་འཆི་གསོན་གྱི་གཉན་འཕྲང་དེ་ལས་སྐྱོབ་འདོད་ཀྱི་སེམས་ཤུགས་དང་སྙིང་སྟོབས་ཆེས་ཆེར་འབར་ཏེ། ཁོང་ཉིད་དངོས་སུ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བྱ་བཞག་ནང་ཞུགས་ཤིང་། བོད་རིགས་དམར་ཤོག་ཚོགས་པ་གསར་འཛུགས་བྱས་པ་སོགས་ནི། བོད་མི་གསར་བརྗེ་པ་ཁོང་གི་བསམ་བློའི་རྒྱབ་ལྗོངས་གལ་ཆེན་ཞིག་ཏུ་གྲུབ་ཡོད་ལ། དཔེ་དེབ་འདིའི་ནང་གི་བསྟན་དོན་གཙོ་བོའང་དེ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 2

  1. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    དེབ་འདི་སྔོན་མ་དབྱིན་ཡིག་ནང་ཐོན་རྗེས་སུད་སི་ནས་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་པ་ཡིན། ཧ་ཅང་སྙན་པོ་བྱུང་། རྒྱ་གར་ནང་སླེབས་རྗེས་དེབ་འདི་བོད་ཡིག་ནང་བསྒྱུར་འདུག་ཟེར་ཡང་དབྱིན་ཡིག་ནང་བཀླགས་ཟིན་སྟབས་ཀློག་འདོད་མ་བྱུང་། ཉེ་དུས་གྲོགས་པོ་མང་པོས་བོད་བསྒྱུར་དེའི་སྐོར་མང་པོ་ཞིག་བཤད་ཀྱི་འདུག་ལ། ངའི་རོགས་པ་ཨ་མདོ་བ་ཞིག་གིས་དབྱིན་ཇི་དེ་ཆ་ཚང་པར་སློག་བྱས་ཏེ། བོད་བསྒྱུར་དེ་དང་བསྡུར་ཏེ་དབྱིན་ཡིག་སྦྱོང་གི་འདུག མགོ་སེར་ཁ་ཤས་ཀྱིས་དེབ་འདི་དབྱིན་ཇི་དང་བོད་ཡིག་གཉིས་མཉམ་སྦྲགས་ཀྱིས་ཀློག་པར་མ་ཟད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཀློག་པའི་སྒྲ་སྤྱད་དེ་བོད་སྐད་བོད་ཡིག་སྦྱོང་གི་འདུག དེར་བརྟེན་ངས་ཀྱང་བོད་བསྒྱུར་དེ་ཆ་ཚང་གཅིག་བཀླགས་པ་ཡིན། དབྱིན་ཡིག་ནང་ཀློག་པ་ལས་སྙན་པ་ལྟ་བུ་ཞིག་བྱུང་། དེ་ནས་ལེའུ་ཁ་ཤས་དབྱིན་བོད་གཉིས་བསྡུར་ནས་བཀླགས་པ་ཡིན། བསྒྱུར་རྩལ་ཧང་སངས་དགོས་པ་བྱུང་འདུག་ ང་རང་ལའང་ཕན་ཐོགས་ཆེན་པོ་བྱུང་། དངོས་གནས་དཔེ་མི་སྲིད་པའི་ཡག་པོ་བསྒྱུར་འདུག བསྔགས་བརྗོད་ཡོད། ད་ཕན་དབྱིན་ཡིག་ནས་བསྒྱུར་བའི་ནང་ནས་འདི་ལས་ལེགས་པ་མཐོང་མ་མྱོང་།

    འོན་ཀྱང་ལོ་ཙཱ་བ་ཆུང་ཚེ་རིང་ལགས་ཀྱིས་བསྒྱུར་བའི་དེབ་གཞན་དག་མང་པོ་མཐོང་མ་མྱོང་། སྒྱུར་རྩལ་དེ་ཙམ་ཡག་པོ་ཡོད་དུས་དེ་ཙམ་ལ་མཚམས་མ་བཞག་པར་མུ་མཐུད་དེབ་གཞན་དག་མང་ཙམ་བསྒྱུར་གནང་ན། བོད་ཀྱི་སྐད་ཡིག་རིག་གཞུང་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།

    Reply
  2. བློ་བཟང་ཀུན་མཁྱེན says:
    ལོ་ 18 སྔོན།

    སྐུ་ཞབས་ཆུང་ཚེ་རིང་ལགས།
    ་་་་་་་་་་ངས་ཁྱེད་ལ་སྙིང་དབུས་ནས་ཐུགས་རྗེ་ཞུ་བཞིན་ཡོད།་རྒྱུ་མཚན་ནི་ཁྱེད་ཀྱིས་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་མི་ཚེའི་ལོ་རྒྱུས་འདི་དཔེ་མི་སྲིད་པའི་ཡག་པོ་སྒྱུར་གནང་འདུག།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese