ངྷ་ས་ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱིས་དབུས་གཞོན་ནུ་དང་བུད་མེད་ལ་མཉམ་འབྲེལ་གྱིས་ལས་འགུལ་ཆུ་ཚོད་ ༢༤ རིང་གི་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་སོང་།
འདི་ལོའི་གསུམ་བཅུའི་དུས་དྲན་རྗེས་ཏེ། ངྷ་ས་ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱི་གོ་སྒྲིག་འོག་ཟླ་གསུམ་པའི་ཚེས་ ༡༥ ཉིན་ནས་བཟུང་མི་ ༢༠ ནས་ ༣༠ བར་གྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་དུས་ཡུན་ཆུ་ཚོད་ ༢༤ རིང་བརྗེ་རེས་ཀྱིས་ཟས་བཅད་ངོ་རྒོལ་བྱས་ཡོད་མོད། ཟླ་འདིའི་ཚེས་ ༡ ནས་ ༥ བར་འཚོགས་པའི་གཞོན་ནུའི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་དང་། ཨོ་ལིམ་པིག་རྩེད་རྒྱུར་ཟླ་གཅིག་ལས་མེད་སྟབས་ས་གནས་གཞོན་ནུས་དབུས་གཞོན་ནུ་དང་ཟླ་སྒྲིལ་གྱིས་ལས་འགུལ་སྤེལ་དགོས་པ་དང་། ས་གནས་བུད་མེད་ཀྱིས་དབུས་བུད་མེད་མཉམ་ཟླ་ ༡༠ ནང་ཐུག་འཆར་གྱི་བོད་རྒྱའི་འབྲེལ་མོལ་ལ་དོན་ལྡན་གྱི་འབྲས་བུ་ཡོང་ཕྱིར་ལས་འགུལ་འདྲ་མིན་སྤེལ་དགོས་སྟབས། གནས་སྐབས་རིང་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་ཏེ་ལས་འགུལ་གཞན་གྱི་སྟེང་གྲ་སྒྲིག་བྱེད་ཀྱིན་ཡོད་འདུག