མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་སྐལ་མེད་པའི་སློབ་བུ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp
ལོ་བདུན་ལ་བོད་ཡིག་སྦྱངས་ཀྱང་སུམ་རྟགས་མི་ཤེས་མཁན་ང་ཚོ་ཡིན།

ཝར་ཎའི་མི་ཞུན་སེར་པོ།

 

བོད་ཡིག་སྦྱོང་མཁན་ང་ཚོ་ཡིན་ལ། སྦྱངས་ནས་མ་ཤེས་མཁན་ཡང་ང་ཚོ་རེད།  ལར་ནས་སྦྱངས་ན་མི་ཤེས་གང་ཡང་མེད་ཅེས་པ་བདེན་མོད།  འོན་ཀྱང་ཁ་སང་དེ་རིང་བོད་ཡིག་སྦྱོང་སའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་ཁྲོད་དུ་བོད་ཡིག་མི་ཤེས་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་གི་འདུག དེ་རིང་གི་གླེང་སྟེགས་འདིའི་སྒང་ནས་ངས་བཤད་འདོད་པ་དང་འབྲི་འདོད་པ་ཡང་བཙན་བྱོལ་ནང་གི་སློབ་ཕྲུག་རྣམས་ཀྱི་ལས་དབང་གི་སྡུག་སྐད་ཙམ་ཡིན།

གུས་པ་ཡང་གསལ་བྱེད་སུམ་ཅུའི་ལྷུ་རྐང་སྒྲིག་ཤེས་ཙམ་གྱི་སློབ་ཕྲུག་ཅིག་ཡིན་རྐྱེན་བཤད་སྟངས་མ་ཤེས་པ་དང་འབྲི་སྟངས་མ་འགྲིག་པ་འདྲ་བྱུང་ན་ཀློག་པ་པོ་རྣམས་ཀྱི་སྤྱན་སྔ་ལ་དང་པོ་ནས་མཐོལ་ལོ་བཤགས་ཟེར་གྱི་ཡིན།  བོད་ཡིག་གི་ཚགས་ཤོག་དང་དུས་དེབ་ཀློག་མཁན་ང་ལྟ་བུ་ཞིག་གི་ངོས་ནས་བཤད་ན་ད་ལྟའི་བར་དུ་བོད་ཀྱི་སྐད་ཡིག་གི་ཉམ་ཆག་ལ་སེམས་འཁུར་གཏིང་ནས་བྱེད་མཁན་དག་དང་སྐད་ཡིག་གི་འཕེལ་རྒྱས་ལ་བསྟུན་པ་ཧུར་གྱིས་བསྐྱེད་མཁན་གྱི་ཤེས་ཡོན་དང་ལྷག་བསམ་ཟུང་གིས་ཕྱུག་པའི་མི་སྣ་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་དང་དངོས་ཤུགས་བརྒྱུད་གསུམ་ནས་རང་རེའི་སྐད་ཡིག་གི་གནས་སྟངས་ཀྱི་སྐོར་ལ་ཚགས་ཤོག་དང་དུས་དེབ་འདྲ་མིན་གྱི་ལམ་ཁའི་སྟེང་ནས་སྐད་ཆ་རེ་བཤད་དེ་ལས་ཀྱི་མགོ་འདྲེན་དག་གི་འགུལ་བསྐྱོད་ལ་ཤུགས་རྐྱེན་ཙམ་སྤྲད་ཨེ་ཐུབ་ལ་རེ་ཡི་ཡོད་ནའང༌། བཤད་ཡུལ་དེའི་རྣ་བ་རྨང་ནས་འོན་སོང་བ་ཡིན་ནམ། ཡང་ན་མིག་ཟུང་གཏན་ནས་ཞར་སོང་བ་རེད།  མིན་ན་བཤད་མཁན་དེའི་སྐད་ཆ་ལ་དེ་ཙམ་གྱི་རིན་ཐང་མེད་སོང་བ་རེད། གང་ལྟར་ངས་ཆེན་པོ་ཞིག་ཤེས་མ་སོང་ན་ཡང༌། ད་དུང་ཡང་བཙན་བྱོལ་ནང་གི་བོད་ཡིག་གི་བླ་སྲོག་ཀུན་ཏུ་ཁྱབ་པའི་ནད་འབུ་ཕྲ་མོ་ཞིག་གིས་བསྡམས་ནས་བསྡད་ཡོད་པ་ངས་ཤེས་ཡོད། བོད་ཡིག་ལ་ཞེ་ནས་དགའ་མཁན་གྱི་གསར་འབྱོར་བ་ཚོ་དང་བོད་ཡིག་མ་གཏོགས་ཅི་ཡང་སློབ་ན་མི་འདོད་པའི་ལྟ་བ་མཁྲེགས་པོ་རྡོ་འདྲ་བ་ཁག་ཅིག་གིས་ལྷག་བསམ་དང་ལར་ཞེན་གྱི་རུས་པ་སྙིང་ལ་བཅིངས་ནས་རྒྱུན་དུ་འདི་དག་གི་སྐོར་ལ་གླེང་སློང་དང་ཐབས་ཤེས་འདྲ་མིན་གྱི་སྒོ་ནས་རང་དོན་བཞིན་གཅེས་སུ་འཛིན་གྱི་ཡོད་པའང་ངས་ཤེས་ཡོད། གླེང་སློང་གང་འདྲ་བྱས་རུང༌། སྡུག་སྐད་ཇི་འདྲ་འཆོར་ཡང༌། ད་དུང་གནས་སྟངས་ལ་ཤུགས་རྐྱེན་ཙམ་ཡང་སྤྲོད་མ་ཐུབ་པར་ཟུར་ལོགས་སུ་གད་སྙིགས་བཞིན་ལྷག་ནས་བསྡད་ཡོད་པའི་རྒྱུ་རྐྱེན་ཅི་ཞིག་གིས་ལན་པ་ཡིན་ནམ་ཞེས་ངས་རྒྱུན་དུ་ཉེ་འཁོར་གྱི་གྲོགས་པོ་ཚོ་ལ་སྡུག་སྐད་འདོན་བཞིན་ཡོད། འོན་ཀྱང་། འདི་དང་དེ་རེད་བསམ་པའི་འོས་འཚམ་ཀྱི་རྒྱུ་རྐྱེན་ཞིག་གཏན་ནས་རྙེད་མ་སོང་ལ་གཞན་གྱི་ཁ་ནས་ཀྱང་གོ་མ་སོང༌། རྐུབ་སྟེགས་མཐོན་པོའི་སྟེང་ན་མྱི་ཡིན་བསམས་ནས་འགྱིང་ངེར་བསྡད་ཡོད་པའི་གཞུང་ཞབས་པ་དེ་ཚོའི་ཕྲག་སྟེང་གི་ལས་འགན་རྒྱལ་ཁབ་འཕེལ་རྒྱས་དང་རིག་གཞུང་སྲུང་སྐྱོབ་མིན་ཟེར་མཁན་ནི་ཧ་ལམ་ཡོད་ཀྱི་མ་རེད། དེས་ན། རྒྱལ་ཁབ་འཕེལ་རྒྱས་དང་རིག་གཞུང་སྲུང་སྐྱོབ་ཀྱི་གཞི་རྐང་གི་མ་ལག་གཙོ་ཆེ་ཤོས་ཤིག་ནི་སློབ་གྲྭ་ཁག་གི་སློབ་ཕྲུག་དག་ལ་ཐད་ཀར་དུ་འབྲེལ་ནས་བསྡད་ཡོད་པའང་བསྙོན་དུ་མེད་པའི་སྐད་ཆ་ཡང་དག་ཅིག་རེད། རྒྱུ་མཚན་གཞི་ནས་ནར་སོན་བཞིན་པའི་སློབ་ཕྲུག་ཚོ་ནི་ཞིང་ཁའི་སྟེང་གི་མྱུ་གུ་ལྟ་བུ་ཡིན་རྐྱེན་མ་འོངས་པའི་བོད་རྒྱལ་ཁབ་ཀྱི་ངོ་བོ་ལ་འགྱུར་བ་ཅི་ཙམ་ཞིག་ཐེབས་ཐུབ་མིན་ཀྱང་ད་ལྟ་བའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་ལ་རག་ལས་བསྡད་ཡོད་པ་རེད་ཅེས་བཤད་ནའང་ཐལ་མི་ཆེ་སྙམ།  སྟོན་མཇུག་གི་ལོ་འབྲས་ལ་རེ་བ་ཆེ་ཙམ་རྒྱག་མཁན་གྱི་སོ་ནམ་པས་རང་གི་ཞིང་ཁ་ལ་དུས་ལྟར་རྫས་ལུད་རྒྱག་པ་དང་ཉི་དྲོད་དང་ཆར་ཆུ་སོགས་ཀྱི་མཐུན་རྐྱེན་གང་འཛོམས་ཀྱིས་གཅེས་ཉར་གང་ལེགས་བྱེད་ཀྱི་ཡོད་པ་བཞིན་དུ་ང་ཚོའི་གཞུང་གིས་ཀྱང་ས་ཞིང་ལྟ་བུའི་སློབ་གྲྭའི་ནང་གི་མྱུ་གུ་ལྟ་བུའི་སློབ་ཕྲུག་ཚོ་ལ་སོ་ནམ་པ་ལྟ་བུའི་དགེ་རྒན་སྤུས་ལེགས་ཀྱི་མཐུན་རྐྱེན་སྤྲོད་དགོས་པ་ནི་གཙོ་བོའི་ནང་གི་གཙོ་བོ་ཡིན་དགོས་ལ།  ཉི་འོད་ལྟ་བུའི་ཀློག་དེབ་ཀྱི་འཆར་བཀོད་དང་ཆར་ཆུ་ལྟ་བུའི་སྒྲིག་གཞིའི་དོ་དམ་ཡང་གཙོ་གནད་ཡིན་ནི་རེད། 

སློབ་ཕྲུག་ཅིག་འཚར་ལོངས་འབྱུང་བཞིན་པའི་བརྒྱུད་རིམ་ནང་དུ་དགེ་རྒན་ནི་རྒྱུན་ལྡན་ནས་མཉམ་དུ་འགྲོགས་པའི་སློབ་ཕྲུག་གི་གྲོགས་པོ་ལྟ་བུ་ཡིན་རྐྱེན་སློབ་ཕྲུག་ཚོའི་བསམ་བློའི་ཁ་ཕྱོགས་དང་ཤེས་ཡོན་གྱི་ཆུ་ཚད། སྤྱོད་ལམ་གྱི་ཡག་ཉེས་སོགས་ནི་ཕྱོགས་གང་དུ་བསྐོར་ནའང་དགེ་རྒན་གྱི་ལག་ཏུ་ཡོད་པས་ཁོང་གིས་ཅི་ཞིག་བྱེད་འདོད་ནའང་དེ་ལྟར་བྱེད་ཐུབ་པའི་ནུས་པ་ཞིག་ཉུང་མཐའ་ལའང་ཡོད་དགོས་ནི་རེད། ཅིའི་ཕྱིར་ཞེ་ན། དགེ་རྒན་ནི་ཕྱོགས་སྟོན་གྱི་འཁོར་ལོ་དང་དགེ་རྒན་ནི་རྐང་གཉིས་འགྲོ་བའི་བསམ་བློ་ལ་ཁ་ལོ་བསྒྱུར་མཁན་གྱི་བྱེད་པོ་དེ་ཡིན།  འོན་ཀྱང་། ང་དང་ང་ལྟ་བུའི་སློབ་ཕྲུག་ཚད་ལས་བརྒལ་བ་ཞིག་དགེ་རྒན་གྱི་ངོ་གདོང་གི་འོག་ནས་བཙན་བྱོལ་ནང་དུ་ལོ་ངོ་དྲུག་བདུན་ཞིག་ལ་བརྒལ་ཟིན་པ་ཡིན་ནའང་། ད་དུང་སུམ་ཅུ་བའི་རྣམ་དབྱེ་དང་རྟགས་འཇུག་གི་དབྱེ་བ་ཙམ་ཡང་མི་ཤེས་པར་ལུས་ནས་བསྡད་ཡོད་པ་འདི་ཅི་ཞིག་གིས་ལན་པ་རེད་དམ། ངས་རྟག་ཏུ་འདིའི་སྐོར་ལ་བསམ་བློ་གཏོང་གིན་ཡོད།   སློབ་ཕྲུག་ཚོའི་ཁྲོད་དུའང་དེ་འདྲའི་གླེན་ཞིང་རྨོངས་ལ་རྟུལ་ཞིང་གྱོང་བའི་མི་ནི་མི་འདུག  དེ་ནི་དབྱིན་ཡིག་དང་ཨང་རྩིས་ཀྱི་ཤེས་ཚད་ལ་བལྟས་ན་ཁོང་ཚོ་དེ་འདྲ་ཞིག་མིན་པ་ར་སྤྲོད་བྱེད་ཐུབ་ཀྱི་ཡོད།  ཡིན་ནའང་། དམིགས་སུ་བཀར་ནས་རང་གི་ཕ་སྐད་ཀྱི་ངོ་བོར་གྲུབ་པའི་སྐད་ཡིག་ལ་དེ་འདྲའི་སྐྱོ་བོ་ཞིག་ཡིན་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།  འདི་སློབ་ཕྲུག་གི་ངོས་ནས་མ་འཇོན་པ་རེད་དམ་ཡང་ན་དགེ་རྒན་གྱི་ངོས་ནས་མ་འགྲིག་པ་རེད།  ངས་བལྟས་ནས་ཡོང་ན་འདི་ཚང་མའི་སྐྱོན་ཡོད་ཚད་སྤུས་ཀ་ཞན་ཞིང་ཚད་ལྡན་མིན་པའི་བོད་ཡིག་དགེ་རྒན་དེ་ཚོའི་ངོས་ནས་མ་འགྲིགས་པ་རེད་བསམ་གྱི་འདུག  དེ་ལས་ཀྱང་སྐད་ཆ་རྒྱ་ཆེ་རུ་བཏང་ན། གསེར་བུམ་སྟོང་པ་ལྟ་བུའི་དགེ་རྒན་དེ་ཚོ་སློབ་གྲྭ་ཁག་ལ་གཏོང་མཁན་གྱི་གཞུང་ཞབས་པ་ཞ་ར་དེ་ཚོའི་ངོས་ཐད་ནས་མ་འགྲིགས་པ་རེད་བསམ་ནས་བསྡད་ཡོད། ཁོང་ཚོས་ནང་གི་ཡོན་ཏན་ལ་མ་བལྟས་པར་ཕྱིའི་རྣམ་པ་དང་ལག་འཁྱེར་ཁོ་ན་ལ་བལྟས་ནས་བྱ་བ་སྤྲད་རྐྱེན། སློབ་དཔོན་ཆེན་མོའི་ལག་འཁྱེར་སྐེ་ལ་དཔྱངས་པའི་ཀླད་སྟོང་བ་དེ་ཚོས་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་ལ་བསྐྱར་བཟློས་དང་ཡང་བཟློས་རྐྱང་རྐྱང་གི་སློབ་ཚན་ཁག་ཅིག་འཁྲིད་དེ་ཉི་མ་འཁྱོལ་ཐབས་བྱས་ནས་བསྡད་ཡོད་པ་རེད། ང་ལ་མཚོན་ན་གཞི་རིམ་སློབ་གྲྭའི་ལོ་རིམ་དང་པོ་ནས་བཟུང་བོད་ཡིག་དགེ་རྒན་གྱིས་འཁྲིད་མྱོང་བ་ནི་སུམ་ཅུ་བ་ཁ་གསལ་ལ་མ་གསལ་བ་ཞིག་ཡིན།  དེ་ཡང་རྣམ་དབྱེ་བརྒྱད་པོ་ལ་དཔེ་བརྗོད་རེ་འཇོག་སྐབས་ཁོང་ཚོ་ཚང་མ་ལ་ཐུན་མོང་གིས་སྤྱི་གོམས་སུ་སོང་ཡོད་པ་ནི་ཤར་ཕྱོགས་སུ་སོང་དང་བོད་དུ་ལོག་ལྟ་བུ་ནི་རྒྱུན་དུ་རྣམ་དབྱེ་གཉིས་པའི་དཔེ་བརྗོད་ལ་ཡང་དང་བསྐྱར་དུ་འཇོག་གི་རེད།  ཧ་ལམ་ཁོང་ཚོ་ལ་དེ་མ་གཏོགས་དཔེ་བརྗོད་གཞན་འཇོག་རྒྱུ་མེད་པ་འདྲ་བོ་ཞིག་འདུག  རྒྱ་ཆུང་ཞིང་གུ་དོག་པའི་རྭ་བ་དེ་དག་ལས་བརྒལ་མ་ཐུབ་པའི་རྐྱེན་གྱིས་ཁོང་ཚོའི་འོག་ནས་ནར་སོན་པའི་སློབ་ཕྲུག་དག་ཀྱང་ད་ལྟ་དེ་ལྟ་བུ་ཞིག་ཆགས་ནས་བསྡད་ཡོད་པ་རེད།  སྔོན་མ་ང་རང་གཞི་རིམ་སློབ་གྲྭའི་ལོ་རིམ་གཉིས་པ་ཡིན་པའི་སྐབས་སུ་ང་ཚོའི་བོད་ཡིག་དགེ་རྒན་ཞིག་གིས་ང་ཚོའི་འཛིན་གྲྭ་ལ་སྐད་ཆ་འདི་ལྟ་བུ་ཞིག་བཤད་མྱོང་ཡོད། ཁོས་བཤད་ན་ང་ཚོ་ལ་དངོས་གནས་ཁག་ཡོད་ནི་མ་རེད། བོད་ཡིག་ལ་མཁས་པ་ཚང་མ་བོད་ནང་དུ་ལྷག་ནས་བསྡད་ཡོད་རྐྱེན། ང་ཚོ་ལའང་བོད་ཡིག་མཁས་ཅན་གྱི་དགེ་རྒན་ཞིག་རེག་མ་མྱོང་བ་རེད། ཁྱེད་ཚོ་ནི་བོད་ནས་དགེ་རྒན་ཡག་པོའི་འོག་ནས་ཡོང་བས་ང་ཚོ་དང་བསྡུར་ཐབས་ཡོད་ནི་མ་རེད། ཅེས་བཤད་མྱོང༌།  དྲང་མོར་བཤད་ན་དེའི་དུས་ངས་ཀྱང་སྐད་ཆ་དེ་ལ་བདེན་ཁ་སྤྲད་པ་ཡིན་མོད། འོན་ཀྱང་། ད་ལྟའི་གནས་སྐབས་སུ་ད་དུང་ཡང་དེ་ལྟར་བྱེད་དགོས་པ་མི་འདུག་སྙམ། རྒྱུ་མཚན་ངྷ་རམ་ས་ལར་ལས་མེད་དུ་འཁྱམས་ནས་བསྡད་ཡོད་པའི་མྱི་ལྡོམ་པོ་དེ་དག་གི་ཁྲོད་དུའང་ལག་འཁྱེར་མེད་པའི་བོད་ཡིག་མཁས་ཅན་གང་མང་མང་འདུག  དེ་བས་མ་འོངས་པའི་བོད་ཀྱི་སྤྱི་ཚོགས་ཀྱི་བརྟན་བརླིང་གི་ཆེད་དང་སྐད་ཡིག་གི་འཕེལ་རྒྱས་ཀྱི་ཕྱིར་དུ་ལག་འཁྱེར་གྱི་ཤོག་བུའི་ངོ་སོ་ལ་མ་བལྟས་པར་ཡོན་ཏན་གྱི་རིན་ཐང་ཆེ་ཆུང་ལ་བལྟས་ཏེ་གསེར་ལྟ་བུའི་དགེ་རྒན་སྤུས་ལེགས་རི་འདྲ་བ་རྐྱང་རྐྱང་ཡིག་རྒྱུགས་དྲག་ཤོས་ཀྱི་ལམ་ནས་འདེམས་ཐོན་གྱིས་མ་འོངས་བོད་ཀྱི་གཙོ་བདག་འདི་དག་གི་ལས་སྐལ་དུ་ཐོབ་ཐུབ་ན་ཅི་མ་རུང་སྙམ་གྱི་ཡོད། མ་གཞི་ནས་ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པ་བཞིན་དུ། སུ་ལ་ཡོན་ཏན་ཡོད་ན་དེ་ལ་དགེ་རྒན་གྱི་རྐུབ་སྟེགས་སྤྲད་ན་འོས་པ་མ་གཏོགས། ཡོན་ཏན་མེད་པའི་ཀླད་སྟོང་ཞིག་སློབ་ཐོན་གྱི་ལག་འཁྱེར་ཡོད་ནའང་དགེ་རྒན་གྱི་ལས་སྣེ་ནས་བསྡད་ན་སྡིག་པའི་རྒྱུ་རུ་འགྲོ་བ་མ་གཏོགས་ཡོང་རྒྱུ་ཅི་ཞིག་འདུག ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱི་སྟེང་ན་བོད་ཡིག་དགེ་རྒན་ལ་མཐོང་མེད་པ་དང་བརྩི་འཇོག་དང་བཀུར་བསྟི་མེད་པའང་གཙོ་བོའི་གནད་དམ་པ་བཤད་ན་གོང་གི་རྒྱུ་རྐྱེན་དེ་ལ་ཐུག་ནས་བསྡད་ཡོད་པ་རེད། དོན་དངོས་ནས་བཤད་ནའང་ཡོན་ཏན་མེད་པའི་དགེ་རྒན་ཞིག་ལ་སུ་ཞིག་གིས་བཀུར་བསྟི་དང་བརྩི་མཐོང་བྱེད་ན་འདོད་ཀྱི་རེད།  སློབ་ཕྲུག་ཚོ་ནི་མ་འོངས་པའི་བོད་ཀྱི་སྤྱི་ཚོགས་ལ་ཁ་ལོ་བསྒྱུར་མཁན་ཡིན་རྐྱེན་སློབ་ཕྲུག་ཚོའི་བསམ་བློ་དང་ཤེས་ཚད་དེ་ད་ལྟ་ནས་དགེ་རྒན་བཟང་པོས་སྤུས་ལྡན་དུ་མ་བཟོས་ན་མི་རིགས་འདིའི་མ་འོངས་པ་ཅི་འདྲ་ཞིག་ཏུ་འགྱུར་མིན་སུས་ཤེས།  སུམ་ཅུ་བའི་རྣམ་དབྱེ་ལ་དཔེ་བརྗོད་གཙང་མ་ཞིག་ཀྱང་འཇོག་མི་ཤེས་མཁན་གྱི་མཐོ་རིམ་སློབ་མ་ང་ཚོའི་བོད་ཡིག་གི་ཆུ་ཚད་ལ་བལྟས་ནས་བདེན་དྲང་གི་སྐད་ཆ་ཞིག་ཤོད་དང༌། ང་ཚོ་ལ་བོད་ཡིག་གི་དགེ་རྒན་ཚད་ལྡན་ཞིག་ཐོབ་ཡོད་ན་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ཡིན་དགོས་པའི་རྒྱུ་མཚན་ཅི་ལ་ཡོད། འདིའི་སྐྱོན་དང་ཁག་ཚང་མ་དགེ་རྒན་དེ་ཚོ་དང་ལས་བགོས་བྱེད་མཁན་གྱི་གཞུང་ཞབས་པ་དེ་ཚོའི་མགོ་ལ་འགེལ་བ་ལས་ང་ཚོ་ལ་ནོར་བ་ཅི་ཡང་མེད་ཅེས་བཤད་ན་འདོད།  ལྷག་པར་དུ་བོད་པའི་མཐོ་རིམ་སློབ་གྲྭ་ཁག་གི་འགྲོ་སྲོལ་ལྟར་ནའང་། སློབ་གྲྭ་ནས་ཐོན་པའི་སློབ་ཕྲུག་ཡག་ཤོས་དེ་ཕྱི་རྒྱལ་ལ་གཏོང་བ་དང་རང་ཁོངས་སུ་ཉར་བ། འབྲིང་ཤོས་དེ་གཞིས་ཆགས་ཁག་དང་སྤྱི་ཚོགས་སྟེང་དུ་ལས་ཀ་བྱེད་དུ་གཏོང་པ། ཐ་ཤོས་སམ་སྙིགས་མ་དེ་དག་གཞི་ནས་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་ལ་དགེ་རྒན་དུ་གཏོང་གི་འདུག  ངའི་མཐོང་སྣང་ལ་འདི་ནི་དང་པོ་ནས་ནོར་ཕྱོགས་སུ་སོང་བའི་སྐྱོན་ཆ་ཆེ་ཤོས་ཤིག་རེད་བསམ་གྱི་འདུག་པ་མ་ཟད། སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་ལ་བརྩི་འཇོག་མ་བྱས་པ་དང་བོད་ཡིག་གི་དགེ་རྒན་ཚོའི་རིན་ཐང་ལ་སྣང་ཆུང་བྱས་པ་མང་དྲགས་མེད་དམ་བསམ་གྱི་ཡོད།  སློབ་ཕྲུག་ཚོ་ལ་ཁ་ཕྱོགས་སྟོན་མཁན་གྱི་དགེ་རྒན་ཡག་པོ་མེད་ན་སྤྱི་ཚོགས་སྟེང་དུ་ཡོང་རྒྱུ་གདའ་བའི་སློབ་ཕྲུག་འདི་དག་ཀྱང་ཡག་པོ་ཆགས་ཀྱི་མ་རེད། དེས་ན། མ་འོངས་པའི་བོད་ཀྱི་སྤྱི་ཚོགས་དེའང་ཕ་སྐད་སྤྱོད་མི་ཤེས་ཤིང་ཕ་ཡིག་འབྲི་མི་ཤེས་མཁན་གྱི་མྱི་བླུན་པོ་འབའ་ཞིག་གིས་ཁེངས་མི་སྲིད་པའི་དུས་ཤིག་མི་ཤར་བ་གཏན་ནས་མ་རེད་ཅེས་བཤད་ན་འདོད། འདི་ནི་ང་རང་བཙན་བྱོལ་བའི་སློབ་གྲྭའི་ནང་དུ་ལོ་ངོ་བདུན་ལ་བསྡད་མྱོང་བའི་ཉམས་མྱོང་གི་ཕྱོགས་བསྡོམས་ཙམ་ཡིན་རྐྱེན་དངོས་གནས་བསམ་ཚུལ་ནོར་འདུག་པ་དང་ལྟ་སྟངས་འཁྱོག་འདུག་པ་ཡིན་ན་བློ་ལྡན་སུ་ཞིག་གིས་སྐྱོན་བརྗོད་དང་དྲང་ལམ་སྟོན་པར་དགའ་བསུ་ཡོད།  གང་ལྟར་ངའི་སེམས་ནང་དུ་ནམ་ཡང་དགེ་རྒན་ནི་ཉི་འོད་དང་དགེ་རྒན་ནི་སྐྱབས་མགོན་ཡིན། དགེ་རྒན་ཀྱིས་ང་ཚོ་བདེན་ལམ་དུ་འཁྲིད་ཐུབ་ལ་དགེ་རྒན་གྱིས་ང་ཚོ་མྱི་ཡང་དག་པ་ཞིག་ཏུ་བཟོ་ཐུབ།  མི་མང་གི་བདེ་སྡུག་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱང་དགེ་རྒན་གྱི་ལག་ན་ཡོད་པས་ང་ཚོས་ཅིས་ཀྱང་དགེ་རྒན་གྱི་གོ་ས་ལྷ་བཞིན་བཀུར་དགོས་ལ་སྐྱབས་བཞིན་བསྟེན་དགོས།  འོན་ཀྱང་ཕྱི་རྫིག་ནང་སྟོང་གི་དགེ་རྒན་དེ་དག་ང་ཚོ་ལ་མི་དགོས་བས་རྨག་མེད་དུ་བཟོས་ན་འགྲིག།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༢༢ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 2

  1. minyak kalsang says:
    ལོ་ 18 སྔོན།

    bden pa red

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    ཐེ་བོ་ཤེས་རབ་རྒྱ་མཚོའི་གོང་གི་བསམ་ཚུལ་འདི་ལྟར་བྲིས་འདུག

    ཁྱེད་ཀྱིས་བཤད་པ་བདེན་གི་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese