མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱེའུ་ཚང་ནང་གི་རྨི་ལམ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༢༠ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

འཛམ་གླིང་གི་རྨི་ལམ་གཅིག་དེ་བདུན་ཕྲག་གཅིག་གི་རྗེས་ནས་མངོན་འགྱུར་ཡོང་གི་ཡོད། རྨི་ལམ་འདི་ནི་རང་དབང་གི་སྐོར་ལ་རྨིས་པ་རེད། རང་དབང་གིས་འཁྱེར་ཡོང་བའི་མཛའ་བརྩེའི་སྐོར་རེད། འཛམ་གླིང་ཡོངས་ཁྱབ་ཀྱིས་འདི་གཅིག་རང་རྨིས་པ་རེད། རྨི་ལམ་འདི་མངོན་འགྱུར་ཡོང་ས་ནི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་རེད། སྐར་ལྔའི་དར་དམར་གྱི་འོག་རེད། འདི་རྒྱ་ནག་གིས་ཐག་བཅད་པ་རེད།

སྐབས་འདིར་རྨི་ལམ་འདི་སླར་ཡང་ངའི་རྨི་ལམ་ལ་འཁོར་བྱུང་། ངའི་རྨི་ལམ་དེ་བྱེའུ་ཚང་ཞིག་གི་ནང་དུ་རེད། བྱེའུ་ཚང་དེའི་ནང་དུ་ཧུའུ་ཅིན་ཐའོ་འདུག བྷུ་ཤུ་འདུག བྷུ་ཤུའི་གཡས་གཡོན་གཉིས་ན་ཛིམ་བྷ་ཝའི་སྲིད་འཛིན་མུ་གྷ་བྷེ་དང་། ཁུ་བྷ་ཡི་སྲིད་འཛིན་ཁ་སི་ཊུ་རོ་གཉིས་ལངས་འདུག ངས་འདི་ཡ་མཚན་དུ་མཐོང་། ད་དུང་འབར་མའི་དམག་སྤྱི་སོགས་འཛམ་གླིང་གི་དབུ་ཁྲིད་མཐའ་དག་བྱེའུ་ཚང་འདིའི་ནང་འཛུལ་འདུག ཁོང་ཚོ་གད་མོ་བགོད་གིན་འདུག འོན་ཀྱང་། བྱེའུ་ཚང་འདིའི་མཐའ་དམག་གིས་སྐོར་འདུག

འཛམ་གླིང་གི་རྨི་ལམ་གཅིག་དེ་མངོན་འགྱུར་མ་བྱུང་གོང་དུ་ངས་འདི་ལྟར་རྨི་ལམ་གྱི་གོ་བ་ལྡོག་ནས་རྨིས། ངས་བྱེའུ་ཚང་འདི་སྔར་ལས་ཀྱང་འཇིགས་ཡེར་བ་དང་གུ་དོག་པོར་མཐོང་ཞིང་། ངའི་རྨི་ལམ་དེ་བྱེའུ་ཚང་གི་ནང་ནས་ཕྱི་ལ་ཐོན། པེ་ཅིན་གྱི་མཁར་གྲོང་དང་ལམ་མདོ་དག་བརྒྱུད་ནས་སླེབས། ང་གང་དུ་ཕྱིན་ནའང་ངའི་རྒྱབ་ན་དམག་མི་ཞིག་གིས་བལྟས་བསྡད་འདུག ང་དོན་མེད་ལ་དངངས་སྐྲག་ཅིག་གིས་དེད་ནས་འགྲོ་གི་འདུག ངས་རང་དབང་མ་མཐོང་ལ་མཛའ་བརྩེའང་མ་ཚོར།

ངའི་རྨི་ལམ་མུ་མཐུད་ནས་འཁྲིག ང་ཕ་ཡུལ་བོད་དུ་ཕྱིན་འདུག ལྷ་སའི་ཇོ་ཁང་དང་པོ་ཏ་ལའི་མདུན་ཐང་། གདན་ས་ཁག་ཚང་མ་དམག་གིས་སྐོར་འདུག སྔར་གྱི་དམག་ལྭ་ལྗང་ཁུ་གྱོན་པའི་དམག་མི་དེས་ཡང་བསྐྱར་ངའི་རྒྱབ་ན་བལྟས་འདུག ང་སྡོད་བཟོད་མ་བདེ་བར་ཕྱིན། ང་བླ་བྲང་དང་རེབ་གོང་དུ་ཕྱིན། རྔ་པ་དང་རྨ་ཆུ་རུ་ཕྱིན། དཀར་མཛེས་དང་མགོ་ལོག་ཕྱོགས་སུ་ཕྱིན། ང་གང་དུ་སོང་ན་དེ་རུ་དམག་གིས་ཁེངས་འདུག དམག་སྒར་གྱི་འདབ་ན་བོད་མི་སྐོར་ཚོགས་རེས་ཞབས་བྲོ་འཁྲབ་གི་འདུག འོན་ཀྱང་། དམག་མི་འགས་པར་རྒྱག་པ་མ་གཏོགས་ཕྱི་རྒྱལ་གྱི་གསར་འགོད་པ་མི་འདུག བོད་ས་ཁུལ་གྱི་གསར་འགོད་པ་ཚང་མ་དམག་མི་རེད། འགྲིམ་འགྲུལ་གྱི་ཁ་ལོ་བ་ཡང་དམག་མི་རེད། བོད་མིའི་ཞབས་བྲོ་ལ་ལྟ་མཁན་ཡང་དམག་མི་རེད། ང་གང་དུ་ཕྱིན་ནའང་སྣེ་ལེན་བྱེད་མཁན་དང་སྐྱེལ་མ་བྱེད་མཁན། གཞུག་ནས་ལྟ་མཁན་ཚང་མ་དམག་མི་རེད།

འདིའི་རྐྱེན་གྱིས་ང་རྨི་ལམ་ནང་སླར་ཡང་བཙན་བྱོལ་དུ་ཡོང་གི་འདུག ས་མཚམས་དང་འགག་སྒོ་ཚང་མ་དམག་གིས་སྐོར་འདུག ངས་ཐར་ལམ་ཞིག་རྩ་ནས་མ་རྙེད། དེ་ལྟར་ང་རི་མགོ་སྐོར་ནས་ཡོང་གི་འདུག ནང་པ་ལར་བསླེབས་མ་ཐག་ཏུ་གློ་བུར་ལ་ངའི་རྒྱབ་ནས་མེ་མདའི་སྐད་གྲགས་སོང་། མཚམས་འདི་ནས་སྐྲག་དངངས་ཤིག་དང་མཉམ་དུ་ང་གཉིད་ལས་སད། ངའི་སྙིང་གི་འཕར་སྒྲ་ཤུགས་ཆེར་ལྡིང་གི་འདུག ངས་འདི་རྨི་ལམ་ཐུན་གཅིག་ཡིན་པ་ཤེས་བཞིན་དུའང་མངོན་སུམ་གྱི་ཚོར་བ་ཞིག་འགོག་ཏུ་མེད་པར་སྐྱེས།

བདུན་ཕྲག་གཅིག་གི་རིང་འདིར་པེ་ཅིན་གྱི་མགོ་ཁྲིད་ཚོས་འཛམ་གླིང་གཅིག་ལ་རྨི་ལམ་གཅིག་ཅེས་པའི་འབོད་ཚིག་འོག་ཨོ་ལིམ་པིག་རྩེད་འགྲན་ལ་གྲ་སྒྲིག་བྱེད་སྐབས། ངའི་རྨི་ལམ་ནི་འདི་ལྟར་འཇིགས་ཡེར་བ་ཞིག་རེད་ལ། འཛམ་གླིང་གིས་སྐྱོབ་མ་ཐུབ་པར་ཡོད་པའི་ངའི་བོད་རིགས་སྤུན་ཟླ་ཚོས་ཀྱང་ཕལ་ཆེར་རྨི་ལམ་འདི་ལྟ་བུ་ཞིག་རྨི་གིན་ཡོད་ཚོད་ཡིན།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༧ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

མཆན། 5

  1. ཀརྨ་དོན་གྲུབ། says:
    ལོ་ 18 སྔོན།

    ངས་རྨི་ལམ་གཞན་ཞིག་རྨིས། དེའི་ནང་དུ་མི་སྐོར་ཞིག་འདུག ཐོག་མར་གདོང་ཁེབ་ནག་པོ་གཡོག་པའི་མི་སྐོར་ཞིག་གིས་བྱང་ཤར་ས་ནས་འབམ་དང་མེ་མདའ་ཁྱེར་ནས་རྒྱུག་གི་འདུག ཁོང་ཚོས་བྱེའུ་ཚང་དེ་གཏོར་གི་ཡོད་པ་རེད་ཟེར། དེ་ཕྱི་ཚེས་ ༨ ཀྱི་ཉིན་རེད། དེ་བཞིན་ཉིན་དེར་རྒྱ་ནག་གི་ནུབ་ཕྱོགས་ས་ནས་བོད་པ་ཚོས་རྒྱལ་དར་ཁྱེར་ནས་རྒྱུག་གི་འདུག འབྲོག་ཕྱོགས་ནས་རྟ་ལ་ཞོན་ནས་རྒྱུག་གི་འདུག གློ་བུར་དུ་སྔོན་མ་ནང་བཞིན་རྒྱ་དམག་གིས་སོད་སོད་གཏུབ་གཏུབ་ཀྱི་མེ་སྒྱོག་ཁྱེར་ནས་སླེབས་ཐལ། མཐོ་སྒང་འདི་ཐན་ཁེ་ཡིས་ཁེངས་འདུག རྒྱ་ནག་གཞུང་གིས་སླར་ཡང་ནུབ་ཕྱོགས་ཀྱི་གསར་འགོད་པ་དག་བཀག་འདུག ཡིན་ནའང་གནས་ཚུལ་དེ་ག་ས་གང་ནས་ཁ་ཤོར་ཏེ་འཛམ་གླིང་ཡོངས་ནས་གོ་ཐལ། ནུབ་ཕྱོགས་ཀྱི་མི་དམངས་ནི་ཧ་ལས་པ་ཞིག་ངར་འདུག བྱེའུ་ཚང་ནང་གི་ལུས་རྩལ་བ་མང་པོ་ཞིག་སོ་སོའི་རྒྱལ་ཁབ་ཀྱིས་ཕྱིར་འཐེན་བྱེད་ཀྱི་འདུག་ལ། ཁག་ཅིག་གིས་བྱེའུ་ཚང་ནང་ནས་སྐད་བརྒྱབས་སོང་། བྷུ་ཤུ་ཕྱིར་ཨ་རིར་ཕེབས་སྐབས་ཨ་རིའི་མང་ཚོགས་ཀྱིས་ངོ་རྒོལ་བྱེད་ཀྱིན་འདུག ཨོ་བྷ་མས་དུས་སྐབས་འདི་དང་བསྟུན་ནས་ཆབ་སྲིད་ཀྱི་བསྒྲགས་གཏམ་ཤུགས་ཆེན་པོ་ཞིག་བསྒྲགས་སོང་། ཁོང་གིས་ཡུ་རོབ་རྒྱལ་ཁབ་ཁག་ཨ་རིའི་མཉམ་དུ་ལངས་དགོས་པར་བཤད། འཇར་མན་དང་ཧྥ་རན་སིའི་མང་ཚོགས་ནི་ཟླ་སྔོན་མར་ཨོ་བྷ་མའི་རྒྱབ་རྩར་ལངས་པ་བཞིན། སོ་སོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དག་གིས་ཨོ་བྷ་མའི་སྐད་ཆར་ཉན་དགོས་སྐོར་བཤད། འདི་ལྟར་ངའི་རྨི་ལམ་ཧ་ལས་པ་ཞིག་འཁྲིག་སོང་།

    Reply
  2. ཨ་གངས་རྩེན། says:
    ལོ་ 18 སྔོན།

    ད་ནི་རྨི་ལམ་ཐུན་གཅིག་མ་གཏོགས་རྨི་ཁོམ་མི་འདུག བདུན་ཕྲག་གཅིག་གི་རྗེས་ནས་འཛམ་གླིང་གཅིག་དང་རྨི་ལམ་གཅིག་དེ་མཇུག་སྒྲིལ་གི་རེད། རྒྱ་ནག་དང་དཔལ་འབྱར་གྱི་ཚོང་འབྲེལ་ཆེས་བཟང་བའི་རྒྱལ་ཁབ་དག་དང་ཨོ་ལིམ་པིག་རྩེད་འགྲན་ཚོགས་གཙོ། ཐེངས་འདིའི་རྩེད་འགྲན་གྱི་སྦྱིན་བདག རྒྱ་ནག་གི་དཔོན་རིགས་ཚོ་བཅས་ཀྱི་འཇིགས་ཡེར་ཞིང་གདུག་རྩུབ་ཆེ་བའི་རྨི་ལམ་འདི་མཇུག་སྒྲིལ་གྱི་རེད། ཡིན་ནའང༌། ཆེས་མཐའ་མཇུག་གི་རྨི་ལམ་ཐུན་གཅིག་དེ་ཁོང་ཚོར་མཚོན་ན་སྐྲག་སྣང་ཧ་ཅང་ཆེ་ཞིང་གཉིད་ཉལ་མི་ཕོད་པའི་རྨི་ལམ་ཞིག་དང༌། དུས་ཚོད་སྐར་ཆ་རེ་རེ་དང་ཐག་སྒྲ་རེ་རེ། སྙིང་ཁམས་ཀྱི་འཕར་ལྡིང་རེ་རེ་འགྲན་དུ་ཞུགས་པའི་རྨི་ལམ་ཞིག་ཡིན་ཨང༌།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    རྣམ་པ་གཉིས་ཀྱིས་འདིར་བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ།
    བྱེའུ་ཚང་ནང་གི་རྨི་ལམ་འདི་བྲིས་རྗེས་ཀྱི་ཉིན་ ༤ པ་དེར་བྱེའུ་ཚང་འདི་བཟོ་མཁན་གྱིས་སྐད་ཆ་རེ་ཟུང་བཤད་འདུག དེའི་ནང་ནས་རྨི་ལམ་འདིར་ཁ་སྣོན་ལྟ་བུ་རེ་ཡོད་པ་ནི། ༼རྒྱ་ནག་གཞུང་གིས་པེ་ཅིན་གྱི་ཨོ་ལིམ་པིག་རྩེད་འགྲན་སྐབས་ཉེན་རྟོག་པ་ ༡༠༠༠༠༠ དང་། པར་ཆས་ ༣༠༠༠༠༠ བཙུགས་ཡོད་ལ། བྱེའུ་ཚང་ར་བའི་གཤམ་དུ་བར་སྣང་འཕུར་མདེལ་འགོག་བྱེད་བཙུགས་ཡོད་འདུག གྲོང་ཁྱེར་ནང་དུ་འཛུལ་སར་ཞིབ་བཤེར་ས་ཚིགས་ཕྱི་ནང་གསུམ་ཡོད་ལ། ངོ་རྟགས་ལག་འཁྱེར་ཞིབ་བཤེར་གྱི་ལས་དོན་མུ་མཐུད་ནས་བཟོ་བཞིན་ཡོད་ཚུལ་འདུག༽ཞེས་པ་འདི་དང་། ༼ངས་བལྟས་ན་འདི་ནི་ངོ་ཚ་ཞིག་རེད། འདི་ནི་མཐོང་ཤོར་བ་ཞིག་རེད། ཐོག་མའི་བསམ་ཚུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་མགྲོན་འབོད་བྱས་ཏེ། འགྲོ་བ་མིའི་གུས་བརྩི་དང་རིན་ཐང་མཉམ་སྤྱོད་བྱེད་པ། ཞི་བདེ་དང་འཆམ་མཐུན་གླེང་གི་ཡོད་པ་རེད། ཡིན་ནའང་དེ་རིང་། ཁྱེད་ཀྱིས་ཉེན་རྟོག་པ་ག་ས་གང་ནས་མཐོང་གི་རེད། གྲོང་པ་ཁྱིམ་མཚེས་གང་དུ་ཕྱིན་ནའང་དེ་རུ་བདེ་འཇགས་ཀྱི་ལས་དོན་ཤུགས་ཆེར་སྤེལ་གྱི་ཡོད་པ་རེད། འདི་པེ་ཅིན་གཅིག་པུ་མ་རེད། རྒྱ་ནག་གི་ཡུལ་ལུང་གང་སར་ཁྱབ་ཡོད་པ་རེད། མི་རྣམས་ནི་དངོས་གནས་ཉེན་རྟོག་པའི་སྲིད་གཞུང་ཞིག་གི་འོག་ན་བསྡད་ཡོད་པ་རེད༽ འདི་ཚོ་རེད། འདིའི་སྐོར་གྱི་གནས་ཚུལ་ནི་དུས་བབ་དྲ་རྒྱའི་སྟེང་ཉེན་རྟོག་པའི་རྒྱལ་ཁབ་དང་དེའི་ངོ་ཚ་ཞེས་པའི་ནང་བཀོད་ཡོད།
    ད་ཆར་བྱེའུ་ཚང་ནང་གི་རྨི་ལམ་འདི་རྨི་མཁན་བོད་པ་གཅིག་པོ་མ་རེད། ཞིན་ཅང་དུའང་འདུག དཔེར་ན། བྱེའུ་ཚང་འདི་དངོས་སུ་བཟོ་མཁན་ ཨི་ཝེ་ཝེ་རེད།རྒྱ་ནག་གི་མི་སེར་ཚང་མར་འདི་ལྟའི་རྨི་ལམ་ཞིག་ཡོད་པ་འདྲ། གལ་སྲིད་དེ་ལྟར་ཡིན་ཚེ་མི་གྲངས་དུང་ཕྱུར་ ༡༣ གྱི་རྨི་ལམ་འཁྲིག་པའི་དབང་གིས། རྒྱ་ནག་གི་དཔོན་རིགས་ཚོ་ལའང་རྨི་ལམ་སྐྱིད་པོ་ཞིག་མེད་ཚོད་ཡིན།

    Reply
  4. Dhondup Tashi Rekjong says:
    ལོ་ 18 སྔོན།

    རྨི་ལམ་འདི་ང་ཚོ་ཐུན་མོང་ལ་ཡོད་པའི་རྨི་ལམ་ཞིག་རེད། འོན་ཀྱང༌། ང་ཚོའི་རེ་བ་དང་ཕུགས་བསམ་ཡོད་ཚད་ཡང་རྨི་ལམ་འདིའི་འཇིགས་སྐྲག་འོག་ནས་རྒས་སོང། ད་ནི་ང་ཚོའི་རྨི་ལམ་མ་གཏོགས་བོད་ལ་ལོག་མི་ཐུབ་པའི་མཚམས་ཤིག་ལ་སླེབས་ཀྱི་ཡོད་པ་འདྲ།

    Reply
  5. ངག་བསྟན་ཡེ་རྒྱམ། says:
    ལོ་ 18 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས་ནས་བྱེའུ་ཚང་ནང་གི་རྨི་ལམ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་འདུག་པ་དེ་བཀླགས་ནས་ང་ལ་ངས་ཚར་བརྒྱ་ཕྲག་ཁ་ཤས་རྨིས་པའི་རྨི་ལམ་འཇིགས་པོ་དེ་དག་ཡང་སྐྱར་སེམས་གཏིང་ནས་སྔོགས་འདོན་ཐེངས་ཤིག་བྱེད་དགོས་པའི་གཟུགས་མེད་ཀྱི་་སྒུལ་ཤུགས་ཤིག་བསླེབས་སོང་། ཨ་མདོ་ནས་ལྷ་ས་དང་དེ་ནས་གཙང་དང་ས་དགའ། རྒྱལ་མཚམས་རྡོ་རིང་གི་རྒྱབ་མདུན་དང་བལ་ཡུལ་ས་ཐོག་ཏུ་བསླེབས་པ་སོགས་མུ་ཁྱུད་རིང་མོ་འདིའི་ཀློང་དུ་འཇིགས་སྐྲག་དང་དངངས་འཚབ། རེ་བ་དང་ཡི་ཆད་སོགས་ལུ་གུ་བརྒྱུད་དུ་བསྟར་བའི་ལོ་ཟླ་དེ་དག་ལོ་ངོ་འདི་ཚོའི་རིང་ལ་ཡང་ནས་སྐྱར་དུ་རྨི་ལམ་དུ་འཁོར་བཞིན་འདུག་ལ། རྨི་ལམ་འདི་དག་གི་ཁྲོད་ནས་སྐབས་རེར་རྒྱ་དམག་དང་ལན་རེར་བལ་བོའི་ས་སྲུང་དམག་མི། ཡང་སྐབས་རེར་རྒྱ་གར་གྱི་ས་མཚམས་ཉེན་རྟོག་པ་སོགས་མིའི་ལུས་ལ་སྤྱང་ལྟོགས་ཀྱི་རྣམ་ཤེས་ཞུགས་པ་དེ་ཚོའི་རྗེས་འདེད་དང་འཇིགས་སྐུལ། གཅར་རྡུང་དང་འཕྲོག་བཅོམ་སོགས་བྲོས་བྱོལ་བ་ཞིག་ལ་སྤྱོད་པའི་གདུག་རྩུབ་ཀྱི་བྱ་སྤྱོད་རེ་རེས་མཚན་རིང་གི་རྨི་ལམ་སྐྱིད་པོ་དག་གི་གོ་སྐབས་ཡོངས་སུ་འཕྲོགས་པ་དེ་ནི། ང་རང་གཅིག་པོ་མ་ཡིན་པར་གྲོགས་པོ་གང་མང་ཞིག་ལ་ཡང་དེ་བཞིན་གྱི་འཇིགས་རུང་རྨི་ལམ་འདི་དག་ལུས་པོ་རྒྱ་བལ་དང་ཨ་རི་ཡོ་རོབ་གང་དུ་ཡོད་མིན་ལ་མ་ལྟོས་པར་ཡང་ནས་སྐྱར་དུ་རྨིས་དང་རྨི་བཞིན་འདུག་པས། ང་ཚོར་མཚོན་ན་རྨི་ལམ་རྨི་སྟངས་གཅིག་པོའི་ཆ་ནས་ཀྱང་རྒྱལ་ཁབ་ཡོད་པའི་མི་མང་དག་དང་ཤིན་ཏུ་མི་འདྲ་བའི་ལོ་རྒྱུས་རིང་མོ་ཞིག་འདུག་ཅེས་དབང་མེད་དུ་ཐལ་ལོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese