མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུགས་རིག་གནས་ཀྱི་དབང་བསྒྱུར་བསྐྱར་གསོ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བཤད་དོན། ཏཱ་ལའི་ཤོག་ཁག་གིས་བོད་ལ་རིག་གཞུང་རང་སྐྱོང་གི་དགོས་འདུན་ཞིག་འདོན་བཞིན་པ་འདི་ནི། རིག་གནས་རང་སྐྱོང་ལ་ཁ་གཡར་ཏེ། བོད་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་ཏུ་ཆོས་ལུགས་རིག་གནས་ཀྱི་དབང་བསྒྱུར་བསྐྱར་གསོ་དང༌། ལོ་རྒྱུས་ཀྱི་འཕེལ་རིམ་དང་ལྡོག་པའི་བོད་ཁུལ་ཡོངས་རྫོགས་རང་བཙན་བྱེད་རྒྱུའི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་ཡིན་སྟབས། ནམ་ཡང་འགྲུབ་ཐབས་མེད་པ་ཞིག་རེད་ཟེར།

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ཚན་ཁག་ནས་ཕྱི་ཚེས་ ༢༥ ཉིན་༼བོད་ལྗོངས་ཀྱི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ལ་བཏོན་པའི་ཡིག་ཆ་༽ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད་པ་དང་། འདི་ནི་རྒྱ་ནག་གིས་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལ་ལན་འདེབས་བྱས་པ་མཐའ་མ་དེ་ཆགས་ཡོད་ཅིང་། ཡིག་ཆ་དེ་ནི་ཏག་ཏག་བོད་མི་རྣམས་ཀྱིས་བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་གནས་བབ་ཐག་གཅོད་ཕྱོགས་ལ་གོ་བསྡུར་བྱེད་ཀྱིས་པའི་སྐབས་སུ་འཁེལ་ཡོད་ལ། གོ་བསྡུར་འདིའི་སྐབས་ཀྱི་ཟུར་ལྟའི་ཡིག་ཆ་གལ་ཆེན་ཞིག་ཏུའང་གྱུར་ཡོད།

རྒྱ་ནག་གི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་འཁོད་དོན། ཡིག་ཆ་འདི་ནི་དུས་རབས་ཕྱེད་ཀའི་རིང་དང༌། ཡང་ན་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌།མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགསགཏན་འབེབས་བཞིན་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ཐད་ལ་བཏོན་པའི་ཡིག་ཆ་ཞིག་ཡིན། འདི་ནི་ཀྲུང་གོའི་སྲིད་གཞུང་གིས་བོད་ཀྱི་རིག་གཞུང་ལ་མི་ཤུགས་རྒྱུ་གསུམ་ནས་དོ་སྣང་ཆེན་པོ་བྱེད་བཞིན་པའི་རྟགས་མཚན་ཞིག་ཡིན་པ་དང༌། དེ་དང་ཆབས་ཅིག་ཚན་རིག་དང་མཐུན་པའི་རིག་གནས་སློབ་གསོ་ལ་མཐོང་ཆེན་བྱས་ཏེ་བོད་ལྗོངས་ཀྱི་སློབ་གསོ་ལ་སྔར་མེད་དར་སྤེལ་དང་སྲུང་སྐྱོབ་བྱས་ཡོད་པའི་གནས་ཚུལ་བཀོད་ཡོད། 

ཡིག་ཆ་འདི་ནི་རྒྱ་ནག་གཞུང་གིས་བོད་ལྗོངས་ལ་བཏོན་པའི་ཡིག་ཆ་ཐེངས་ ༧ པ་དེ་ཡིན་ལ།  དེར་ཡིག་འབྲུ་ཁྲི་གཅིག་སྟོང་གསུམ་ཡོད་ལ་སྔོན་གླེང་དང༌། བོད་ཀྱི་སྐད་ཡིག་སློབ་སྦྱོང༌། བཀོལ་སྤྱོད། དར་སྤེལ། ཤུལ་བཞག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་ཁྱབ་སྤེལ་སྐོར། ཆོས་ལུགས་དད་མོས་དང་མི་རིགས་ཀྱི་ཡུལ་སྲོལ་ལ་བརྩི་བཀུར་བྱེད་དགོས་པའི་སྐོར། དེང་རབས་ཚན་རིག་སློབ་གསོ་དང་གསར་འགྱུར་ལས་རིགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་པའི་སྐོར་དང་མཇུག་བྱང་བཅས་དུམ་མཚམས་དྲུག་ཡོད་འདུག

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ཚན་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་ཀྱི་རིག་གནས་སྲུང་སྐྱོབ་བྱེད་དགོས་པའི་དགོས་འདུན་ལ་སྐུལ་འདེད་བྱ་ཆེད་དང༌། ཏཱ་ལའི་རུ་ཚོགས་ཀྱིས་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་འདུག་ཅེས་པའི་རྫུན་གཏམ་དང༌། བོད་ཀྱི་རིག་གནས་རང་སྐྱོང་བྱེད་དགོས་པའི་དངོས་ཡོད་དགོས་འདུན་གསལ་འདོན་བྱ་ཆེད་དང༌། དེ་དང་དུས་མཚུངས་བོད་ལྗོངས་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བྱ་ཆེད་དམིགས་བསལ་གྱི་ཡིག་ཆ་འདི་བཀྲམས་པ་ཡིན།

ཏཱ་ལའི་རུ་ཚོགས་དང་ནུབ་ཕྱོགས་ངོ་རྒོལ་བ་ཚོས་དེང་རབས་ཀྱི་དཔལ་ཡོན་དང་རིག་གནས་ཁོ་ན་ལོངས་སུ་སྤྱོད་བཞིན་བོད་ལྗོངས་རིག་གནས་སྲུང་སྐྱོབ་ལ་ཁ་གཡར་ཏེ། བོད་མི་རིགས་དང་བོད་ཀྱི་རིག་གནས་དེ་ད་དུང་ཡང་དུས་རབས་བར་མའི་རྣམ་པར་གནས་ཡོད་ཚུལ་བརྗོད་བཞིན་ཡོད། འདི་དག་ལ་གཞིགས་ཚེ་ཁོང་ཚོའི་སེམས་པ་རྣམ་དག་མིན་པ་གསལ་བོར་རྟོགས་ཐུབ། གནས་སྟངས་འདི་དག་བོད་ལྗོངས་མི་དམངས་འདུས་པའི་ཀྲུང་གོའི་མི་རིགས་ཡོངས་ཀྱིས་ངོས་ལེན་བྱེད་ཐབས་བྲལ།

འདས་བའི་དུས་རབས་ཕྱེད་ཀའི་ནང༌། ཀྲུང་གོའི་སྲིད་གཞུང་གིས་བོད་ལྗོངས་མི་དམངས་ལ་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་བདག་དབང་སྲུང་སྐྱོབ་གཙིགས་སུ་བཟུང་སྟེ། བོད་སྐད་ཡིག་སློབ་སྦྱོང་ལ་སྐུལ་སློང་དང༌། ལག་ལེན། དར་སྤེལ་ཐད་ནུས་པ་ཆེན་པོ་བཏོན་ཏེ་གྲུབ་འབྲས་མངོན་གསལ་བླངས། བོད་སྐད་ཡིག་གི་སློབ་སྦྱོང་དང་བཀོལ་སྤྱོད་ཐད་ཁྲིམས་ལུགས་ཀྱི་འགན་སྲུང་བྱས་ཏེ། སྐད་ཡིག་སློབ་སྦྱོང་ཁྱབ་ཁོངས་རྒྱ་བསྐྱེད་དང་རྒྱུན་འཁྱོངས་ཡུན་གནས་གནང་སྟེ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།

བོད་ལྗོངས་ཀྱི་ཤུལ་བཞག་རིག་གནས་ནི་ཀྲུང་གོའི་ཤུལ་བཞག་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ལ་གཙིགས་ཆེན་གནང་སྟེ། དངོས་ཤུགས་རྒྱུད་གསུམ་དང༌། ཁྲིམས་དང༌། དཔལ་འབྱོར། སྲིད་འཛིན་སོགས་ཀྱི་ཐད་ལམ་འདྲ་མིན་སྤྱད་དེ། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གྲུབ་འབྲས་ལྡན་པའི་སྲུང་སྐྱོབ་རྨང་གཞིའི་འོག་རྒྱུན་འཁྱོངས་དང་དར་སྤེལ་བྱས་ཡོད།

ཡིག་ཆའི་ནང་གསལ་དོན། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་དད་མོས་དགོས་མཁོ་སྐོང་ཆེད་རྒྱལ་ཁབ་ཀྱི་ཐབས་ལམ་འདྲ་མིན་སྤྱད་དེ། དགོན་སྡེ་དང་གནའ་ཤུལ་རིག་གནས་འོས་མཐུན་སྲུང་སྐྱོབ་གནང་ཡོད། བོད་ལྗོངས་ཆོས་ལུགས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པ་དང༌། རྣམ་པ་འདྲ་མིན་གྱི་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་དང༌། དད་མོས་ལ་ཁྲིམས་ཀྱི་སྲུང་སྐྱོབ་བྱས་ཡོད། བོད་ལྗོངས་ཞི་བའི་བཅིངས་འགྲོལ་གྱི་རྗེས་སུ། ཀྲུང་གོའི་སྲིད་གཞུང་གིས་བོད་ལྗོངས་དང་མི་རིགས་གཞན་པའི་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་ལ་དམིགས་བསལ་གྱི་ལྟ་རྟོག་དང་བརྩི་འཇོག་གནང་ཡོད། མི་རིགས་སོ་སོའི་འདོད་མོས་ལྟར་ཆོལ་ལུགས་དང་དམངས་ཁྲོད་ཀྱི་སྲོལ་རྒྱུན་བྱ་འགུལ་ལ་རང་དབང་སྤྲད་ཡོད།

གཞན་ཡང༌། ཞི་བའི་བཅིངས་འགྲོལ་རྗེས་སུ། དེང་རབས་འཕེལ་རྒྱས་དང་བསྟུན་ཏེ། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ། ཁྱབ་སྤེལ་བཅས་གནང་བ་མ་ཟད། དེང་རབས་ཚན་རིག་སློབ་གསོ་དང་གསར་འགྱུར་རིག་པའི་ཐད་ལའང་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད།

འདས་པའི་དུས་རབས་ཕྱེད་ཀའི་ནང༌། བོད་ཀྱི་རིག་གནས་ཉམ་ཆག་སོང་མེད་པ་ནི་དངོས་མཐོང་ལག་ཟིན་ཡིན་པ་མ་ཟད། དེ་ལས་ལྡོག་སྟེ། མི་རིགས་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་འོས་མཐུན་གྱི་རྒྱུད་འཛིན་དང༌། གྲུབ་འབྲས་ལྡན་པའི་སྒོ་ནས་སྲུང་སྐྱོབ་རྒྱ་ཆེར་དར་སྤེལ་བྱས་ཏེ། དུས་རབས་གསར་བར་ཁ་ཕྱོགས་པ་དང༌། མ་འོངས་པར་ཁ་ཕྱོགས་པ། འཛམ་གླིང་ལ་ཁ་ཕྱོགས་ཏེ། བོད་ལྗོངས་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་བཅོས་བསྒྱུར་སྒོ་འབྱེད་ཐད་ཕྱོགས་ཡོངས་ནས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་ཡོད།

དུས་རབས་གསར་བའི་ནང་བོད་ལྗོངས་རིག་གནས་ལ་སྔར་མེད་ཀྱི་གསོན་ཤུགས་དང༌། ནང་དོན་ཕུན་སུམ་ཚོགས་ལ་གསར་གཏོད་ཀྱི་རྣམ་པ་མངོན་ཡོད། བོད་ལྗོངས་མི་མང་གི་འཚོ་བ་དང་དེང་རབས་ཅན་འཕེལ་རྒྱལ་ལ་ཤུགས་རྐྱེན་ཟབ་མོ་བཞག་པ་མ་ཟད། ཁྱད་འཕགས་ཡིད་འགུག་གི་ནུས་པས་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ཀྱི་མིག་དབང་འཕྲོག་ཡོད་པ་དང༌། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཅིག་བསྡུས་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། འཛམ་གླིང་རིག་གནས་ལ་ཤུགས་རྐྱེན་ཟབ་མོ་བཞག་ཡོད། ད་ལྟའི་བོད་ལྗོངས་རིག་གནས་ཀྱི་སྲུང་སྐྱོབ་དང་ཁྱབ་སྤེལ། འཕེལ་རྒྱས་ཀྱི་གནས་སྟངས་དེ་ནི་བོད་ལྗོངས་ཀྱི་འདས་བའི་ལོ་རྒྱུས་དུས་སྐབས་གང་གིས་ཀྱང་འགྲན་ཐབས་མེད་པ་ནི་འུར་བསྟོད་བྱས་པ་ཞིག་མ་ཡིན་པར་དངོས་ཡོད་ལ་བརྩི་བཀུར་བྱེད་པའི་མི་སུས་ཀྱང་ངོས་ལེན་བྱེད་ངེས་རེད།

ཏཱ་ལའི་རུ་ཚོགས་ཀྱིས་དངོས་ཡོད་གནས་ཚུལ་ལ་བརྩི་མཐོང་མ་བྱས་པར་རྒྱལ་སྤྱིའི་སྟེང་ལ་བོད་ལྗོངས་རིག་གནས་ཉམ་ཆག་སྐོར་ལ་དཔྱད་གླེང་རྒྱ་ཁྱབ་སྤེལ་བཞིན་པ་དེ་ནི་བསམ་ཞིབ་ནན་མོ་གནང་དགོས་པ་ཞིག་རེད། དོན་དངོས་ར་འཕྲོད་བྱུང་ཐུབ་པ་ལྟར།  ཏཱ་ལའི་རུ་ཚོགས་ནི་བོད་ལྗོངས་ཀྱི་རིག་གནས་རྙིང་བའི་ཚབ་མཚོན་པ་དང་རྗེས་སྐྱོང་མཁན་ཡིན་ལ། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནི་བོད་ལྗོངས་རིག་གནས་སྲུང་སྐྱོབ་མཁན་དང་དར་སྤེལ་གཏོང་མཁན་ངོ་མ་དེ་ཡིན།

ཡིག་ཆའི་ནང་བྲིས་དོན།  ཏཱ་ལའི་རུ་ཚོགས་ཀྱིས་བཏོན་པའི་བོད་ལྗོངས་རིག་གནས་རང་སྐྱོང་ཞེས་པའི་དགོས་འདུན་དེ་རིག་གནས་རང་སྐྱོང་ལ་ཁ་གཡར་ཏེ། བོད་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་ཏུ་ཆོས་ལུགས་རིག་གནས་ཀྱི་དབང་བསྒྱུར་བསྐྱར་གསོ་དང༌། ལོ་རྒྱུས་ཀྱི་འཕེལ་རིམ་དང་ལྡོག་པའི་བོད་ཁུལ་ཡོངས་རྫོགས་རང་བཙན་གྱི་ཆབ་སྲིད་གཡོ་ཇུས་དེ་ནི་ནམ་ཡང་འགྲུབ་ཐབས་བྲལ་བ་ཞིག་རེད། ཅེས་སོགས་བྲིས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. འབྲོག་རུ་ཆོས་གྲགས། says:
    ལོ་ 18 སྔོན།

    ཉེ་ཆར་རྒྱ་ནག་གིས་བཀྲམ་བཞིན་པའི་རྒྱ་ཤ་དཀར་པོའི་དེབ་དེའི་ནང་གི་གནད་དོན་ཁག་དང་བོད་ཡུལ་གྱར་ན་གླེང་བཞིན་པའི་བོད་ཀྱི་དགོས་མཁོ་ཁག་ནི་ནམ་ཡང་རྒྱབ་འགལ་གྱི་རང་བཞིན་ཡིན་པ་སྨྲས་མ་དགོས་པ་ཞིག་རེད།
    གནད་དོན་འདིའི་སྟེང་ནས་ང་ཚོས་གནས་ལུགས་རྒྱབ་བརྟེན་ལ་བཟུང་ནས་ཐག་གཅོད་བཅའ་གི་ཡིན་ཟེར་ན་དེ་ནི་སྟོང་བསམ་ཞིག་ཡིན་རྒྱུ་རེད། གནད་དོན་འདིའི་ཐོག་ལ་གནས་ལུགས་གཤའ་མ་ཞིག་རྩ་བ་ནས་ཡོང་ཐུབ་གི་མ་རེད། དེ་ནི་དུངས་ཞེན་ཅི་ལྟར་ཆེ་ན་ནི་གནས་ལུགས་ལ་ནི་དེ་ལྟར་གནོད་ཅེས་པ་ལས་རྟོག་ཐུབ་པ་ཞིག་རེད།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    བོད་ཀྱི་གནད་དོན་ནི་པེ་ཅིན་དང་ངྷ་ས་གཉིས་ཀྱི་གང་ནའང་བཤད་གི་མི་འདུག བོད་མི་རིགས་ཀྱིས་ཀྱང་བཤད་གི་མི་འདུག བོད་དོན་ངོ་མ་ཞིག་ཕྱི་རྒྱལ་བ་ཚོས་ཀྱང་བཤད་མྱོང་མེད། ཁོ་ཚོས་བཤད་ཡོང་དུས་ཡང་མིན་ན་ཆོས་ཡིན། དེ་མིན་ན་སྲིད་ཡིན། འདི་གཉིས་ཀྱི་ཕན་ན་ད་དུང་ཚོང་ཡོད། འོན་ཀྱང་ཁོ་ཚོར་ཐུན་མོང་གི་ཁ་གཡར་ས་ཞིག་ཡོད་པ་ནི་རིག་གཞུང་ཡིན། དེ་མིན་ན་རང་དབང་ཡིན།

    ཁ་སང་རྒྱ་ནག་གིས་བོད་ཐོག་ལ་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ ༧ པ་དེ་བཀྲམས་སོང་། པེ་ཅིན་གྱི་ཡིག་ཆ་འདིའི་ཁ་གཏད་ཀྱི་ལན་ཕོག་ས་ནི་ངྷ་ས་ན་བཤད་ཀྱིན་པའི་རིག་གཞུང་རང་སྐྱོང་ཞེས་པ་དེ་རེད། བཀའ་ཁྲི་མཆོག་གིས་ཡང་བསྐྱར་ཐུགས་བསམ་བཞེས་དགོས་ཀྱི་འདུག སྙི་ས་དང་མཁྲེགས་ས་གང་ཞིག་ད་གཟོད་འཇུ་ས་རེད།

    བོད་ཀྱི་གནད་དོན་ནི་རང་དབང་གི་གནད་དོན་{Free Tibet}ཙམ་མ་རེད། གལ་སྲིད་རང་དབང་ཡོད་ནའང་ཁོར་ཡུག་མེད་ཚེ་མཐའ་མཇུག་གི་འབབ་ས་གཅིག་པ་རེད། ང་ཚོར་དགོས་པ་ནི་རང་དབང་དེ་ལོངས་སུ་སྤྱོད་སའི་ཁོར་ཡུག་རེད། ད་སྐབས་ངའི་གདེང་ཚོད་ནོར་མེད་ན་ང་ཚོས་རང་དབང་བརྩད་ནས་འཐོབ་གི་རེད། ད་ལྟའི་མི་ཐོག་འདི་མིན་ནའང་མི་ཐོག་རྗེས་མ་རེད། དེ་མིན་ན་དེའི་རྗེས་མ་དེར་འཐོབ་གི་རེད། དུས་ཚོད་ཀྱི་གནད་དོན་ཙམ་རེད། མ་གཞི་ནས་ང་ཚོར་དགོས་པའི་རང་དབང་དེ་དག་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་ཡོད་པ་རེད། བཀའ་ཁྲི་མཆོག་གིས་མི་ཡུལ་ནས་སྒྲིག་འཛུགས་ཤིག་སྐྱོང་བཞིན་འཛམ་གླིང་གི་རྒྱབ་སྐྱོར་བཙལ་ནས་རྩོད་དགོས་པ་ཞིག་དེ་བས་ཀྱང་མ་རེད་སྙམ། འོན་ཀྱང་། ང་ཚོར་ཁོར་ཡུག་དེ་ཐོབ་རྒྱུ་མི་འདུག བོད་ཀྱི་ཁོར་ཡུག བོད་པའི་ཁོར་ཡུག བོད་སྐད་ཀྱི་ཁོར་ཡུག ང་ཚོའི་རིག་གཞུང་གི་ཁོར་ཡུག འདུ་ཤེས་ཀྱི་ཁོར་ཡུག འདི་དག་ཡོད་ཚད་འཐོབ་རྒྱུ་མི་འདུག འདི་དག་མི་འཐོབ་སའི་ཁོར་ཡུག་ཅིག་ནས་ང་ལ་བོད་སྐད་བཤད་ཆོག་པ་དང་། མཆོད་མཇལ་བྱེད་ཆོག་པ། དེ་བཞིན་མི་རིགས་དམིགས་བཀར་བ་ཞིག་གི་རིག་གཞུང་ཉར་རྒྱུའི་རང་དབང་ཞིག་སྤྲད་ནའང་འདི་མཐའ་མཇུག་གྱོང་མ་གཏོགས་ཁེ་མ་རེད། མི་གཅིག་གི་རིག་གཞུང་དང་། མི་གཉིས་ཀྱི་རིག་གཞུང་གིས་ཅི་བྱེད། ཧ་ལས་ན་མི་བརྒྱ་སྐོར་སྟོང་སྐོར་ཞིག་གི་རིག་གཞུང་གིས་ཅི་བྱེད། དེར་བརྟེན་ང་ཚོས་ཁོར་ཡུག་འདི་རྩོད་དགོས་གི་འདུག ས་མཚམས་ནི་གལ་ཆེ་ཤོས་དེ་རེད། ཡུལ་ལུང་རྒྱས་བཅད་ཀྱི་ཁོར་ཡུག་ཅིག་དགོས་པ་རེད། འདི་ལྟར་བཤད་ན་སུ་ལའང་ལྐོག་གྱུར་དུ་འགྲོ་གི་མ་རེད་སྙམ།

    ད་ཆར་གངས་སྐྱིད་ནས་སེམས་རྩེ་གཅིག་དང་བློ་རྣལ་དུ་ཕབ་ནས་རྩོད་ཀྱིན་པ་ནི་མི་རིགས་ས་གནས་རང་སྐྱོང་ངམ། ཡང་ན། རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པའི་ཁེ་དབང་འགའ་ཞིག་རེད། འོན་ཀྱང་། ཁོང་ཚོས་ཤེས་ཀྱི་མེད་པ་ནི་རྒྱ་ནག་གི་རྩ་ཁྲིམས་ནང་གང་འཁོོད་ཡོད་པ་དེས་རང་དབང་མང་པོ་ཞིག་བཤད་ཀྱི་ཡོད་ནའང་། ནང་འགལ་དུ་གྱུར་པའི་གནད་དོན་མང་པོ་ཞིག་གིས་གང་ལྟར་ཡང་མཐའ་མཇུག་བཅོམ་ངེས་པ་ནི་ཁྱོད་ཡིན། དེ་བས་མི་རིགས་ཕུགས་བསམ་ཅན་དང་། དབུ་ཁྲིད་ཕུགས་བསམ་ཅན་ཞིག་ཡིན་དགོས་པ་ནི་གལ་ཆེ་བར་འདོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese