མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་གྱི་བསྟི་གནས་དང་རིག་གཞུང་གི་བསྟི་གནས།

བོད་ཀྱི་དུས་བབ།
༢༠༠༨/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

 བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༣༣ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

 

འདས་པའི་མི་ལོ་ ༣༠ རིང་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་པའི་སློབ་གྲྭ་འདི་དག་ཤེས་ཡོན་གྱི་བསྟི་གནས་ལས་ཀྱང་རིག་གཞུང་གི་བསྟི་གནས་ཤིག་ལ་བསྒྱུར་བར་འབད་བརྩོན་དང་། བོད་པའི་བྱིས་པ་ཚོ་དེང་རབས་ཀྱི་ཤེས་བྱ་སྣ་འཛོམས་ཡོད་མཁན་ཞིག་ལས། བོད་མི་ཁ་གཙང་ཞིག་ལ་བསྒྱུར་བར་འབད་བརྩོན་བྱས་ཡོད། སྲིད་བྱུས་འདི་འགྲེལ་སྐབས། ༼བོད་པ་བཟོ་གི་ཡོད་༽ཅེས་བཤད་པར་དགའ་ལ། ང་ཚོ་མུ་མཐུད་ནས་ལམ་ཁ་འདིར་ཞུགས་གིན་ཡོད་མོད། མི་རིང་བར་ང་ཚོ་འཇིགས་རུང་གི་གཡང་གཟར་ཞིག་ལ་འཕྲད་གི་ཡོད།

བཙན་བྱོལ་བོད་གཞུང་གིས། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ལ་དམིགས་ཏེ། རྒྱ་གར་ནང་དུ་བོད་པའི་སློབ་གྲྭ་འདི་དག་བཙུགས་ཤིང་། བོད་མི་རིགས་ཀྱི་རིག་གཞུང་གི་ཉིང་བཅུད་ལྷག་མ་དེ་དག་གིས་མི་ཡུལ་དུ་འཚར་བའི་གཞོན་སྐྱེས་ཚོ་གསོ་ཐབས་བྱས་ཡོད་ལ། ང་ཚོའི་སློབ་གྲྭ་ཁག་ནི་བདག་ལས་གཞན་གཅེས་དང་། བདེན་པ་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག ཡ་རབས་བཟང་སྤྱོད་སྦྱོང་ས་ཞིག་ཏུ་བཟོས་ཡོད། བསམ་བློ་འདི་ནི་ཕྱོགས་གཅིག་ནས་ང་ཚོའི་ཞེན་ཁོག་ལས་བྱུང་བའི་སློབ་གསོ་ལྟ་བུར་གྱུར་ཡོད།

ངའི་རྩོད་པ་ནི། ང་ཚོས་ཐོག་མར་སློབ་གྲྭ་འདི་དག་ཤེས་ཡོན་གྱི་བསྟི་གནས་ཤིག་ལ་སྒྱུར་གི་ཡིན་ནམ། རིག་གཞུང་གི་བསྟི་གནས་ཤིག་ལ་སྒྱུར་གི་ཡིན། ངའི་བསམ་ཚུལ་ཡིན་ན་བོད་པ་ཞིག་ཡིན་པའི་ཆ་ནས་ཕྱི་མ་དེ་གལ་ཆེ་ཡང་། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྔ་མ་དེ་ནི་བྱིས་པ་ཚོར་ངེས་པར་དུ་སྐྲུན་དགོས་པའི་ཁོར་ཡུག་ཐོག་མ་དེ་ཡིན་དགོས་པར་འདོད། སློབ་གྲྭ་ནི་བྱིས་པ་ཚོའི་རྣམ་དཔྱོད་ལ་སྦྱོང་བརྡར་གསར་པ་དང་། བློ་རིག་གསར་པ། མིའི་རིགས་ཀྱི་ཕུན་ཚོགས་ཀྱི་ཤེས་ཡོན་གསར་པ་དག་སློབ་ས་ཡིན་པ་ལས། བྱིས་པ་ཚོ་ར་སྐོར་ཞིག་གི་ནང་བཅུག་སྟེ། སྤྱི་ཚོགས་དང་རིག་གཞུང་ཞིག་གི་ཤུགས་རྐྱེན་སྤྲོད་ས་མིན། ལྷག་པར་དུ་བྱིས་པའི་བློ་རིག་གི་ཁོར་ཡུག་འདི་ནི་འཚོ་བའི་ལག་ལེན་ལ་རྒྱང་ཐག་རིང་བའི་ལྟ་བ་ཟབ་མོའི་རིགས་འགྲེལ་ས་མིན་པར་འདོད།

གོང་གི་ཤེས་ཡོན་ནི་ Education དང་། རིག་གཞུང་ནི་ Culture ཞེས་པར་གོ་གི་ཡོད། དེར་བརྟེན་ང་ཚོའི་སློབ་གྲྭ་འདི་དག་ནི་མཚམས་རེར་བོད་མིའི་རིག་གཞུང་འགྲེམ་སྟོན་ཁང་ལྟ་བུ་ཡིན་ལ། ང་ཚོས་ད་བར་དུ་ཕྱིའི་མི་རིགས་ལའང་འདི་དག་ངོམས་གིན་ཡོད་པ་མ་ཟད། སློབ་གྲྭའི་སྦྱིན་བདག་ཀྱང་རིག་གཞུང་གི་འགྲེམ་སྟོན་ཁང་འདི་དག་བསྟན་ནས་འཚོལ་གི་ཡོད། བོད་མི་ཚོའི་སེམས་ངོར་བྱིས་པ་ཚོ་བོད་པ་རྣལ་མ་ཞིག་བཟོ་རྒྱུ་འདི་ནི་རྒྱལ་བ་རིན་པོ་ཆེ་མཆོག་གི་ཤེས་ཡོན་སློབ་གསོའི་མཐའ་མའི་དགོངས་གཞི་ཡིན་པར་འདོད་ཡོད།

གོང་གི་ཤེས་ཡོན་སྲིད་བྱུས་འདིའི་འོག་ཏུ། ང་ཚོས་སློབ་ཕྲུག་ཚོ་བོད་པ་བཟོ་གི་ཡིན་ཅེས་བོད་མིའི་སྲོལ་རྒྱུན་སྤྱི་ཚོགས་དང་། རིག་གཞུང་གི་ཆོ་ག་ཕྱག་ལེན་སོགས་སློབ་གྲྭའི་ནང་ངོ་སྤྲོད་བྱེད་ཐབས་ལ་འབད་གི་ཡོད་ཅིང་། སློབ་སྦྱོང་གི་གྲུབ་འབྲས་ཀྱང་སློབ་ཕྲུག་དེར་བོད་པ་ཞིག་གི་ལྟ་བ་དང་སྤྱོད་པ་ཡོད་མེད་ལས་ཐག་གཅོད་གི་ཡོད། འོན་ཀྱང་། བྱིས་པ་ཚོ་བོད་པ་བཟོ་བཞིན་པ་དང་མཉམ་དུ་བྱིས་པ་ཚོའི་ངག་ན་བོད་སྐད་གཙང་མ་ཞིག་ཡོད་མེད་ལ་ཐུག་སྐབས་སླར་ཡང་སེམས་ཁྲལ་དང་བཅས་སྐད་རྒྱག་གི་ཡོད།

ཉེ་ལམ་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་འཐུས་ཤོར་ཐད་བཀའ་སློབ་རིམ་པར་ཕེབས་པར་བརྟེན། ད་སྐབས་བཙན་བྱོལ་བོད་མི་ཚོས་འདས་པའི་ལོ་ ༣༠ རིང་གི་འཐུས་ཤོར་ལ་བསྐྱར་དུ་མནོ་བསམ་གཏོང་བཞིན་པའི་སྐབས་ཡིན་ལ། བསྐྱར་ཞིབ་ཀྱི་སྐབས་སུ་རིགས་གཅིག་རྐང་འཛིན་དང་བོད་ཀྱི་སྐད་ཡིག་གཉིས་གླེང་གི་ཡོད་ལ། འོན་ཀྱང་། ང་ཚོའི་བསྐྱར་ཞིབ་འདི་དག་གི་མཐའ་སྡོམ་ནི་སླར་ཡང་སྤྱི་ཚོགས་ཀྱི་ཁོར་ཡུག་སྟེ། རིགས་གཅིག་རྐང་འཛིན་པ་རྣམས་བརྟེན་ས་དང་བོད་ཡིག་སྤྱོད་སའི་ཁོར་ཡུག་ཡོད་མེད་ཙམ་གྱི་ཕན་དུ་འགྲོ་གི་མེད། ཡིན་ནའང་བོད་མི་ཚོས་བསྐྱར་ཞིབ་བྱེད་དགོས་པའི་ཕྱོགས་གཅིག་ནི་ང་ཚོའི་སློབ་གྲྭ་འདི་དག་གི་ངོ་བོ་དང་། དམིགས་ཡུལ་གྱི་ཕྱོགས་ཡིན་པར་འདོད་ལ། ང་ཚོས་ད་ཡོད་ཀྱི་སློབ་གྲྭ་འདི་དག་ལ་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་བཏིང་སྟེ། འདི་དག་རིག་གཞུང་གི་བསྟི་གནས་ལས་ཀྱང་། ཤེས་ཡོན་གྱི་བསྟི་གནས་ཤིག་ལ་སྒྱུར་རྒྱུ་ནི་གལ་ཆེ་བར་འདོད།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 14

  1. གངས་ཅན། says:
    ལོ་ 17 སྔོན།

    གོང་དུ་རྣམ་པ་ཚོ་བགྲོ་གླེང་བྱས་པ་རྣམས་ཀྱང་ང་ཚོའི་ཤེས་ཡོན་གྱི་འཐུས་ཤོར་དུ་འགྲོ་གཞི་ཞིག་རེད་ལ། ང་རང་གི་བལྟས་ན་གཙོ་བོ་དེ་སློབ་དེབ་མ་རེད་སྙམ། སློབ་དེབ་མ་འགྲིག་ན་བསྐྱར་ཞིབ་ཀྱི་བསྒྲིགས་ན་ཡང་དུས་ཚོད་རྒྱུན་རིང་པོ་ཞིག་དང་འཐུས་ཤོར་དུ་འགྲོ་གི་མ་རེད་བསམ་གི་འདུག གཙོ་བོ་དེ་སློབ་གྲྭ་སོ་སོ་ནས་དགེ་རྒན་སྟངས་བྱེད་མཁན་གྱི་སློབ་སྤྱི་དང་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་གཉིས་རེད། སློབ་སྤྱི་ཤེས་ཡོན་ཡོད་མཁན་ཞིག་མིན་ན་དགེ་རྒན་ལ་སྟངས་འཛིན་བྱེད་པའི་ནུས་པ་མེད་ལ། ནུས་པ་མེད་པས་དགེ་རྒན་གྱི་སློབ་ཁྲིད་འཆར་ཟིན་སྟེང་དུ་ས་རྟགས་རྒྱག་པ་ཙམ་ལས་དེ་སྟེང་ནས་སློབ་ཕྲུག་ལ་སློབ་ཁྲིད་ཇི་འདྲ་ཞིག་བྱེད་མིན་ལ་ལམ་སྟོན་དང་རྩ་འཛིན་ཅི་ཡང་བྱེད་ཐུབ་ཀྱི་མེད། དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་དང་ཤེས་ཚད་ལ་དུས་ལྟར་བསྐྱར་ཞིབ་དང་ཤེས་ཚད་ལྟོས་ཏེ་འཛིན་གྲྭ་བཀོད་སྒྲིག་བྱས་ཏེ་གཞི་རིམ་གྱི་རྨང་གཞི་བསྐྲུན་མ་ཐུབ་ན་ང་ཚོའི་ཁ་དཔེ་ལ། ཤིང་རློན་པའི་རིང་ལ་མ་བཀུག་པར་སྐམ་པོའི་རིང་ལ་འགུག་པའི་དཔེ་ལས་མ་འདས། བསྐྱར་ཞིབ་ཀྱིས་ངན་པ་ལ་ཆད་པ་དང་བཟང་པོ་ལ་གཟེངས་བསྟོད་བྱས་ཏེ་གཞི་རིམ་ནས་འགུལ་བསྐྱོད་རྒྱག་ཐུབ་པའི་ལས་འགུལ་ཞིག་སྤེལ་མ་ཐུབ་ན། དགེ་རྒན་རྣམས་ཀྱིས་ཉིན་གང་འཁྱོལ་དང་ཁྲལ་འཁྱོལ་ཐབས་བྱས་ནས་བསྡད་ན་སྒང་ནས་སྐད་བརྒྱབ་མ་བརྒྱབ་མ་འདུག་བསམ། སློབ་མའི་ཡི་གེ་ཆུ་རྒྱུག་པ་ལྟར་ཀློག་ཐུབ་པ་དང་དོན་དག་མི་གོ་བ་དང་རྩོམ་ཡིག་དང་གཏོང་ཡིག་རིགས་འབྲི་མི་ཤེས་པའི་རྒྱུ་མཚན་གང་ལ་ཐུག་འདུག་དེ་ལ་བགྲོ་གླེང་བ་རྣམས་ཀྱིས་རྟོག་ཞིབ་དང་བསམ་ཚུལ་སྤེལ་རྒྱུ་དང་སྒང་ནས་སྟངས་འཛིན་ཇི་ལྟར་བྱེད་དགོས་མིན་སྐོར་ཐབས་ཤེས་འདོན་རྒྱུ་ནི་གལ་ཆེན་པོ་འདུག་བསམ།

    Reply
  2. དགྲ་འདུལ། says:
    ལོ་ 17 སྔོན།

    མགྲིན་པ་ཟབ་མོ་དེ་འགག་བསྡད་ཡོད་པ་འདྲ། ཐེངས་གཉིས་ལ་བཤད་རྩིས་བྱས་ཀྱང་བཤད་ཐུབ་མི་འདུག ཐབས་ཤེས་འདྲ་མི་འདུག་གམ།

    Reply
  3. མགྲིན་པ་ཟབ་མོ། says:
    ལོ་ 17 སྔོན།

    ང་ཚོ་ཏོག་ཙམ་ནོར་གི་འདུག བོད་པ་བཟོ་གི་ཡིན་ཞེས་པ་དེ་མིག་རྒྱང་ཐུང་ཐུང་གི་སྲིད་བྱུས་རེད། དེ

    Reply
  4. མགྲིན་པ་ཟབ་མོ། says:
    ལོ་ 17 སྔོན།

    ང་ཚོ་ཏོག་ཙམ་ནོར་གི་འདུག བོད་པ་བཟོ་གི་ཡིན་ཞེས་པ་དེ་མིག་རྒྱང་ཐུང་ཐུང་གི་སྲིད་བྱུས་རེད། དེ་ལ་དཔག་པའི་སློབ་གསོའི་སྲིད་བྱུས་བཏིང%

    Reply
  5. སྐར་མ། says:
    ལོ་ 17 སྔོན།

    བགྲོ་གླེང་བྱེད་བཞིན་པ་འདིར་དགའ་བསུ་ཆེ། ཡིན་ཡང་། ངའི་གོང་གི་མི་འདིས་༼བཙན་བྱོལ་གཞུང་གི་སློབ་དེབ་ནི་དགེ་རྒན་ལ་ལྟོས་ནས་བསྒྲིགས་པ་ལས་སློབ་ཕྲུག་ལ་གཞི་བཞག་ནས་སྒྲིག་མེད།༽ཟེར། འདི་ཀུ་རེ་ཡིན་རྒྱུ་རེད། དགེ་རྒན་ལ་བསྟུན་ནས་སློབ་ཕྲུག་གི་སློབ་དེབ་སྒྲིག་པ་ཞིག་ཡོད་མི་སྲིད། སྐད་ཆ་འདི་ཐལ་དྲག་པ་འདྲ། དེ་ལས་སྐད་ཆ་དེ་འདི་ལྟར་བཤད་ན་དགའ་བར་འདོད། བཙན་བྱོལ་བོད་མིའི་སློབ་དེབ་དག་ནི་ཆེད་ལས་ཀྱི་ཞིབ་འཇུག་མེད་པར། དབང་ལྡན་མི་སྣ་དག་གི་དད་པ་དང་བསམ་བློའི་འགྲོ་ལྡོག་ལ་གཞི་བཅོལ་ནས་སྒྲིག་པ་ཡིན། དཔེར་ན། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གསར་པ་ལྟ་བུ་རེད། སྲིད་བྱུས་འདིའི་ཐད་གོ་བསྡུར་ཡོད་ཟེར་གི་ཡོད་མོད། ཁ་ཉིན་གྱི་དམིགས་བསལ་ཚོགས་ཆེན་ལྟ་བུ་ཞིག་ལས་བྱུང་ཡོད་པ་མ་རེད། རྒྱལ་ཁར་བསྒྲགས་པའི་ཕམ་ཁ་ལྗིད་མོ་ཞིག་ལས་ཅི་ཡང་མིན།

    Reply
  6. ཀླུ་མེ་ཆར། says:
    ལོ་ 17 སྔོན།

    གྲོགས་པོ་ཤ་ཁྲག་རུས་གསུམ་གྱིས་ལྟ་ཚུལ་ལ་ང་རང་མོས་མཐུན་ཡོད། ང་ཚོས་གང་ཞིག་ནོར་འཁྲུལ་ཤོར་ས་དེ་བཙལ་ནས་བསྐྱར་སྒྲིག་བྱེད་དགོས། གོང་དུ་དགྲ་འདུལ་ལགས་ཀྱིས་(སློབ་དེབ་ཐད་བསྐྱར་ཞིབ་བྱེད་དགོས་པ་རེད།) ཅེས་པ་དེ་ནི་ཆེས་ཆེ་བའི་གནད་འགག་རེད་སྙམ། བཙན་བྱོལ་གཞུང་གི་སློབ་དེབ་ནི་དགེ་རྒན་ལ་ལྟོས་ནས་བསྒྲིགས་པ་ལས་སློབ་ཕྲུག་ལ་གཞི་བཞག་ནས་སྒྲིག་མེད། འདི་ནི་སློབ་དེབ་ཀྱི་ནོར་འཁྲུལ་དང་པོ་རེད་སྙམ། གཉིས་པ་ནི་བོད་ཡིག་སྦྱོང་བའི་མྱུར་ལམ་སྟེ། རྩོམ་རིག་གི་སློབ་ཚན་ནི་སློབ་དེབ་ནང་དུ་མཐོང་དཀོན་པ་དེ་ཡིན། རྒྱུ་མཚན་ནི་མ་བཤད་ཀྱང་རྟོགས་ཐུབ། གསུམ་པ་ནི་མི་ནག་ཚང་གི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། དེང་སང་གི་སློབ་དེབ་འདི་སྐད་ཡིག་སློབ་དེབ་དང་ནང་ཆོས་སློབ་དེབ་གང་ཡིན་མི་ཤེས་པའི་ཚོད་དུ་སྣང་བས། དེ་སྦྱོང་བའི་སློབ་ཕྲུག་དག་ཀྱང་ཁ་དོག་མེད་པའི་ཁྲ་ཞར་ཤ་རྟགས་བྱུང་བ་རེད།
    འོན་ཀྱང་སློབ་གྲྭར་ནང་ཆོས་མ་བསླབས་ཟེར་ན་འདོད་པ་མེད། རྒྱུ་མཚན་ནི་མི་གཤིས་ལ་ཐུག་གི་ཡོད་པས་ཡང་བསྐྱར་དེའི་ཐོག་བགྲོ་གླེང་གནང་དགོས་པར་སེམས་སོ།

    Reply
  7. ཀླུ་མེ་ཆར། says:
    ལོ་ 17 སྔོན།

    གྲོགས་པོ་ཤ་

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དབྱིན་ཇིའི་དད་མོས་ཀྱི་སློབ་གྲྭ་ Faith school དག་ལ་ཨ་རིའི་ཡུལ་དུ་ Parochial school ཞེས་འབོད་ཀྱི་ཡོད་པ་རེད་ཟེར། སློབ་གྲྭ་འདི་དག་གི་ནང་དུ་འཇིག་རྟེན་ཐུན་མོང་གི་སློབ་གསོའི་ conventional education ཕན་ནས་གཙོ་བོ་ཡི་ཤུའི་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་དང་དད་མོས་ཀྱི་སྐོར་སློབ་གསོ་སྤྲོད་ཀྱི་ཡོད་པ་རེད། དེ་བཞིན་དུ་ང་ཚོའི་སློབ་གྲྭ་འདི་དག་ཀྱང་ཕྱི་རྒྱལ་གྱི་དད་མོས་ཀྱི་སློབ་གྲྭ་ཁག་དང་གཅིག་མཚུངས་ཡིན་ཏེ། ང་ཚོས་ཀྱང་ཐ་ན་བྱིས་པ་ལོ་ལྔ་དྲུག་ཚུན་ལའང་ནང་པ་སངས་རྒྱས་པའི་བདེན་པ་གཉིས་དང་། བདེན་པ་བཞི། དཀོན་མཆོག་གསུམ་བཅས་ཀྱི་སྐོར་སློབ་ཁྲིད་དང་། ནངས་དགོང་ལ་ཞལ་འདོན་རིང་པོ་རེ་གོ་སྒྲིག་བྱས་ཡོད་པ་རེད། ཁྱེད་ཅག་གིས་བལྟས་ན་སློབ་གསོ་འདིའི་རིགས་སློབ་གྲྭའི་ནང་སྤེལ་ན་ཡག་པོ་འདུག་གམ། ཡང་ན། སློབ་རིམ་ངེས་ཅན་ཞིག་དགོས་ཀྱི་འདུག་གམ། དེ་བཞིན་མང་གཙོ་དང་གྲུབ་མཐའ་སྣ་མང་གི་སྤྱི་ཚོགས་ཤིག་ལ་མཚོན་ན་དཀའ་ངལ་འཕར་མ་འདྲ་ཡོད་གི་རེད་དམ།

    Reply
  9. དགྲ་འདུལ། says:
    ལོ་ 17 སྔོན།

    ཤེས་ཡོན་སློབ་གསོའི་ཐད་ནས་ད་བར་དུ་སེམས་ཁུར་བྱེད་ཀྱིན་པ་གཙོ་བོ་ནི་སློབ་དེབ་ཡིན་པ་འདྲ། བཙན་བྱོལ་བོད་གཞུང་གིས་ཤེས་ཡོན་སྲིད་བྱུས་གསར་པ་འདིའང་སློབ་དེབ་གཙོར་བཟུང་གིས་བཟོས་ཡོད་འདུག སློབ་དེབ་དེ་དག་ནི་བྱིས་བློར་འཚམ་མིན་དང་། དེང་རབས་ཤེས་ཡོན་གྱི་གྲས་སུ་གཏོགས་མིན་ཐད་བགྲོ་གླེང་བྱེད་དགོས་པ་རེད། དེ་བས་སློབ་དེབ་ཐད་བསྐྱར་ཞིབ་བྱེད་དགོས་པ་རེད།

    དབྱིན་ཡིག་གི་སློབ་ཚན་རིགས་ང་ཚོས་ཡར་ཐོན་རྒྱལ་ཁབ་དག་གི་སློབ་ཚན་ལ་ཞིབ་འཇུག་གིས་འདྲ་མཉམ་དུ་སྒྲིག་རྒྱུ་དང་། དེ་ལ་དམིགས་པའི་དགེ་རྒན་ཐབས་འཚོལ་དང་སྐྱེད་སྲིང་བྱེད་དགོས་པ་རེད།

    དཀའ་ངལ་གཉིས་པ་ནི། དགེ་རྒན་རེད། ད་ཡོད་ཀྱི་དགེ་རྒན་རྣམས་ལ་མུ་མཐུད་ནས་དགེ་རྒན་གྱི་ཟབ་སྦྱོང་ཙམ་མིན་པར། སློབ་མའི་སྦྱངས་འབྲས་ལ་ཡར་རྒྱས་ཡོད་པ་བཞིན། དགེ་རྒན་རྣམས་ལའང་རང་གི་མི་ཚེའི་འདིའི་རིང་སློབ་སྦྱོང་བྱེད་འདོད་ཡོད་ན་དམིགས་བསལ་གྱིས་ཤེས་ཡོན་གོང་སྤེལ་གྱི་ལམ་ཁ་ཕྱེ་དགོས་པ་རེད། སྔོན་མ་ངྷ་ཤོད་བོད་ཁྱིམ་གྱི་དགེ་རྒན་ཞིག་གིས་བཤད་དོན། ཁོས་ལོ་ངོ་ ༨ རིང་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གཅིག་པུ་སློབ་ཁྲིད་བྱས་ནས་བསྡད་པ་ཡིན་ཟེར། རང་ཉིད་ལ་ཡར་རྒྱས་མེད་པ་མ་ཟད། སློབ་ཚན་དེ་ཁྲིད་ནས་ཉོབ་བསྡད་པའི་སྐོར་བཤད་སོང་།

    རིགས་གཅིག་རྐང་འཛིན་ཞེས་པ་དེར་སྣ་ཁ་ཅི་ཙམ་ཞིག་སྒྲིག་གི་ཡིན། སྤྱི་ཚོགས་འདིར་ཁ་གཏད་པའི་རིགས་གཅིག་རྐང་འཛིན་དང་། སྔོན་ཐོན་སྤྱི་ཚོགས་ལ་ཁ་གཏད་པའི་རིགས་གཅིག་རྐང་འཛིན། འདི་ལྟའི་བསམ་བློ་ཞིག་གཏོང་རྒྱུ་ཡོད་མེད་ལ་ལྟ་དགོས་པ་འདྲ།

    སློབ་རའི་སྒྲིག་གཞི་དང་། སློབ་རའི་ནང་གི་བྱེད་སྒོ་རིགས་ལ་བསྐྱར་ཞིབ་བྱེད་དགོས་པ་རེད། གོང་དུ་ཤེས་རིག་ལ་དགའ་བ་ཞེས་པ་ཞིག་འདུག ངའི་བསམ་ཚུལ་ལ་ཤེས་རིག་ལ་དགའ་དགོས་ན་སྤྱི་ཚོགས་ཀྱི་ངོས་ནས་དེ་ལ་རིན་ཐང་ཞིག་འཇོག་དགོས་པ་རེད། རིན་ཐང་དེ་ཐོབ་པ་ལ་རྒྱལ་ཁབ་ཀྱི་སྲིད་བྱུས་ཀྱི་ཐོག་ནས་དམིགས་བསལ་གྱི་མཐོང་ཞིག་སྤྲོད་དགོས་པ་རེད། ལམ་ཁ་ཞིག་འདིང་དགོས་པ་རེད།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྒུག་ཟེར་བས་མིང་ཚིགས་དེ་ནི་དངོས་ནས་གོ་ན་མི་འདོད་པ་ཞིག་རེད་དེ། ཡིན་ཡང་། མཚམས་ལན་རེར་མི་སྒུག་རང་སྒུག་རེད། འོན་ཀྱང་། སྐབས་འདིར་ངེད་ཅག་གི་མི་རིགས་འདིའི་རེ་སྒུག་གི་ཉིན་མོ་ལས་ལག་ལེན་གྱི་ཉིན་མོ་ལ་འབོད་སྐུལ་དང་སེམས་ཤུགས་སྤར་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། དེ་མིན་བཀའ་བློན་ཇི་འདྲ་ཞིག་བརྗེ་བོ་བརྒྱབ་ཀྱང་ཕན་མི་ཡོང་བ་ཐག་གཅོད་བྱེད་ཐུབ་པ་ཞིག་རེད། དེ་ལྟར་གཉིད་བསྡོད་རང་བཞིན་གྱི་བསམ་བློ་འདི་ལས་བོད་མི་རིགས་སད་དུ་འཇུག་དགོས་པ་དེ་ནི་ངེད་ཅག་གི་ཕྲག་པར་བབས་པའི་ལས་འགན་རེད་འདུག་ན་འཕྱར་གྲི་མཉམ་འདེགས་བྱེད་དགོས་ཀྱི་ཡོད་པ་རེད། མི་གཞན་ཞིག་གི་བྱེད་འདོད་ཀྱི་རེ་སྒུག་བྱེད་དེ་འདུག་དགོས་པ་དེ་ནི་ངེད་ཅག་གི་ལས་འགན་མ་རེད།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་ཕམ་དང་བཀའ་སློབ། བོད་མི་རིགས་ཀྱི་གནས་སྟངས། དེ་བཞིན་བོད་རྒྱ་ཞི་མོལ་གྱི་རྨི་ལམ་བཅས་ཕྱོགས་གང་སར་བལྟས་ན། ང་ཚོར་གདམ་ཀ་མཐའ་མ་ཞིག་ཡོད་པ་ནི་བཀའ་ཁྲི་ཐེངས་རྗེས་མ་དེ་རེད། མ་འོངས་པའི་བཀའ་ཁྲི་དེས་འདས་པའི་མི་ལོ་ ༣༠ རིང་གི་སློབ་གསོའི་འཐུས་ཤོར་དེར་བསྐྱར་ཞིབ་བྱས་ཏེ། ང་ཚོ་ཞེན་ཁོག་ཙམ་གྱི་ལམ་ཁ་ནས་རིག་སྟོབས་ཀྱི་ལམ་ཁར་ཁ་ལོ་བསྒྱུར་དགོས་པ་རེད། ང་ཚོའི་མི་རིགས་འདི་དོན་དམ་གྱིས་ཤེས་རིག་ལ་དགའ་བ་དང་ཤེས་རིག་གིས་ཕྱུག་པ། གཞན་བརྟེན་དང་དབུལ་ཕོངས་ཀྱི་བསམ་བློ་ལས་གྲོལ་ཏེ། ལས་ལ་བརྩོན་པའི་བོད་མི་རིགས་ཀྱི་གཤིས་ཀ་ངོ་མ་དེ་འཇགས་པར་བྱེད་པ། མི་རིགས་བློ་རིག་བཀྲ་བ་དང་བློ་སྟོབས་ཅན་ཞིག་ཏུ་བསྒྱུར་བའི་སློབ་གསོ་དེ་འཚོལ་དགོས་པར་འདུག

    Reply
  12. ཀླུ་མེ་ཆར། says:
    ལོ་ 17 སྔོན།

    ད་ལྟ་ང་ཚོ་ངེས་པར་དུ་སད་རན་འདུག རང་མི་རིགས་གྱི་སྐད་ཡིག་དང་དེའི་ཟུངས་ཁྲག་གི་དྲོད་རླབས་གང་ཡང་མེད་པའི་དགེ་རྒན་དང་ཤེས་ཡོན་པ་ཇི་ལྟར་མང་ཡང། དེས་རང་མི་རིགས་ལ་ནུས་པ་གང་ཡང་འདོན་མི་སྲིད་པས། ངས་ལྟོས་ན་ང་ཚོས་ལེ་གདའ་བྱེད་པ་ལས་མ་འོངས་པའི་སློབ་ཚན་སྒྲིང་སྟངས་ལ་གྲོས་བསྡུར་གནང་ཐུབ་ན་སྙམ།

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་བཙན་བྱོལ་གཞུང་གིས་༧གོང་ས་མཆོག་གི་ཉེ་སྔོན་བཀའ་སློབ་དེ་གནང་རྗེས་སུ་ཤེས་ཡོན་སྲིད་ཇུས་ཐད་དུ་སློབ་གྲ་ཁག་ལ་བསྐྱར་ཞིབ་བྱེད་ཀྱི་འདུག་གམ་མི་འདུག དེང་ཐོག་ངེད་ཅག་གིས་དེ་ལ་དོ་སྣང་བྱས་ན་རེད། དེའི་ཐད་དུ་ལན་ཞིག་སུ་ལ་ཡོད་ན་གསུང་རོགས་ཞུ།

    Reply
  14. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    ཉེ་ལམ་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་འཐུས་ཤོར་ཐད་བཀའ་སློབ་རིམ་པར་ཕེབས་པར་བརྟེན། ད་སྐབས་བཙན་བྱོལ་བོད་མི་ཚོས་འདས་པའི་ལོ་ ༣༠ རིང་གི་འཐུས་ཤོར་ལ་བསྐྱར་དུ་མནོ་བསམ་གཏོང་བཞིན་པའི་སྐབས་ཡིན་ལ། བསྐྱར་ཞིབ་ཀྱི་སྐབས་སུ་རིགས་གཅིག་རྐང་འཛིན་དང་བོད་ཀྱི་སྐད་ཡིག་གཉིས་གླེང་གི་ཡོད་ལ། འོན་ཀྱང་། ང་ཚོའི་བསྐྱར་ཞིབ་འདི་དག་གི་མཐའ་སྡོམ་ནི་སླར་ཡང་སྤྱི་ཚོགས་ཀྱི་ཁོར་ཡུག་སྟེ། རིགས་གཅིག་རྐང་འཛིན་པ་རྣམས་བརྟེན་ས་དང་བོད་ཡིག་སྤྱོད་སའི་ཁོར་ཡུག་ཡོད་མེད་ཙམ་གྱི་ཕན་དུ་འགྲོ་གི་མེད། ཡིན་ནའང་བོད་མི་ཚོས་བསྐྱར་ཞིབ་བྱེད་དགོས་པའི་ཕྱོགས་གཅིག་ནི་ང་ཚོའི་སློབ་གྲྭ་འདི་དག་གི་ངོ་བོ་དང་། དམིགས་ཡུལ་གྱི་ཕྱོགས་ཡིན་པར་འདོད་ལ། ང་ཚོས་ད་ཡོད་ཀྱི་སློབ་གྲྭ་འདི་དག་ལ་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་བཏིང་སྟེ། འདི་དག་རིག་གཞུང་གི་བསྟི་གནས་ལས་ཀྱང་། ཤེས་ཡོན་གྱི་བསྟི་གནས་ཤིག་ལ་སྒྱུར་རྒྱུ་ནི་གལ་ཆེ་བར་འདོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese