མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིག་སྒྲིལ་ནི་བོད་པའི་གཟི་བརྗིད་དང་སྟོབས་ཤུགས་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་བོད་མི་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་ཡང༌། དུས་ཐོག་ཏུ་ཕྱི་ལོགས་ལ་གནས་ཚུལ་སྤྲོད་རྒྱུ་གནད་འགག་རེད། དེང་སྐབས་ལས་འགུལ་གང་ཞིག་སྤེལ་ཡང༌། དེ་ལ་ཁུངས་བསྐྱེད་ར་སྤྲོད་དང་བཅས་འཛམ་གླིང་ལ་གསལ་བོ་བཟོ་མ་ཐུབ་པ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ཡོང་ཁག་པོ་ཡིན། ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་འཚེ་བ་མེད་པ་དང་ཆིག་སྒྲིལ་མཉམ་རུབ་བྱས་པ་ཡིན་ན། དེ་ནི་བོད་པའི་གཟི་བརྗིད་དང་སྟོབས་ཤུགས་ཡིན། 

 

དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག རྒྱ་གཞུང་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་ཐོབ་པ་དང༌། བོད་ལ་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་བྱེད་ཀྱིན་ཡོད་པར་ངོ་རྒོལ་ཆེད། མེག་ལོར་རླངས་འཁོར་ས་ཚིགས་སུ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སློབ་མ་ཚོས། རྒྱ་གཞུང་གིས་བོད་ནང་དྲག་སྤྱོད་སྤེལ་བཞིན་པའི་གཏམ་བརྗོད་ཐུང་ངུ་ཞིག་འཁྲབ་སྟོན་བྱས་རྗེས། རྔམ་སྟོན་སྐད་འབོད་མགོ་འཛུགས་བྱས་ཏེ་ངྷ་རེ་བར་གོམ་བགྲོད་བྱས་ཡོད། སྐབས་དེར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་བརྗོད་དོན། དེ་རིང་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས། ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་ཐོབ་པའི་ཉིན་མོ་ཡིན། གུང་ཁྲན་སླེབས་ཏེ་བོད་མིའི་སྡོད་གནས་དང་འཚོ་ཐབས་རང་ཁ་རང་གསོ་ཡིན། གལ་སྲིད། གུང་ཁྲན་གཞུང་མེད་ན། བོད་ལ་ཉི་མ་ཤར་མེད་པར་ད་དུང་མུན་ནག་ནང་བསྡད་ཡོད། ཅེས་བཤད་ཀྱིན་འདུག གུང་ཁྲན་སླེབས་ཏེ་བོད་མི་ཚོར་སྔར་མེད་གཉའ་གནོན་བཤུ་གཞོག ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གཏོར་སྐྱོན་དང་མུ་གེ་ཚབས་ཆེན་བྱུང་ཡོད། 

 

རྒྱ་གཞུང་གིས་བོད་ནང་བཅིངས་གྲོལ་དང་འཕེལ་རྒྱས་བཏང་ཡོད་ན། ༡༩༥༩ ལོའི་ཡར་སྔོན་ལྟར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོག་མི་ག་ཚོད་ཅིག་གསོ་སྐྱོང་བྱས་ཡོད། ད་ལྟ་བོད་ནང་ཁུལ་ཏུ་བེད་སྤྱོད་གཏོང་མཁན་དེ་དག་བོད་རང་བཙན་ཡིན་པའི་སྐབས་གསོ་སྐྱོང་བྱས་པ་དག་རེད། ཁོང་ཚོས་བཅིངས་ཟེར་བ་དེ། བོད་རང་བཙན་མེད་པར་བཟོས་རྗེས་བོད་མིའི་རང་དབང་འཕྲོག་པ་དེར་ཟེར་གྱི་ཡོད་དམ། བོད་ནང་རོགས་སྐྱོར་བྱས་ཡོད་ན། བོད་རིགས་མཁས་དབང་དང་ལག་ཤེས་ཅན། ཚན་རིག་པ། སྨན་པ་སོགས་སྐྱེད་སྲིང་དང་རོགས་སྐྱོར་བྱ་དགོས་པ་རེད། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་མེད་པར་བཟོས་པ་དེ་ཁོང་ཚོའི་འཛུགས་སྐྲུན་གྱི་གྲུབ་འབྲས་རེད། ལོ་སྔོན་མའི་ཞི་རྒོལ་ཁྲོད་ཁོང་ཚོས་སྐྱེད་སྲིང་བྱས་ཤིང༌། དར་ཆ་དམར་བོའི་འོག་འཚར་ལོངས་བྱུང་བའི་གཞོན་སྐྱེས་དང་ཞིང་འབྲོག་མང་ཚོགས་ཀྱིས་ངོ་རྒོད་བྱས་ཡོད། བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་བཞེངས་སྐྲུན་བྱས་ཡོད་ན། དེ་དག་ཡར་ལངས་བྱས་དོན་ཡོད་པ་མ་རེད། འདི་དག་གིས་རྒྱ་གཞུང་གི་དྲིལ་བསྒྲགས་དང་དངོས་ཡོད་གཉིས་མི་མཐུན་པ་གསལ་བཤད་བྱས་ཡོད། རྒྱ་གཞུང་གིས་བོད་ནང་བདེ་སྐྱིད་ལྡན་པ་དང་ཡར་རྒྱས་བཏང་བའི་དུས་དྲན་འདི་ལ་ང་ཚོས་རྩ་བ་ཉིད་ནས་ངོས་ལེན་མེད། ཅེས་གསུངས་སོང༌།

 

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་དོན། ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་དེ་རིང་འདིར་སྒེར་ངོས་ནས་ཡོང་བ་ཡིན། བོད་ནང་རྒྱ་གཞུང་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་ཐོབ་པ་དང༌། བོད་ལ་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་གཙི་སྲུང་བྱེད་ཀྱིན་ཡོད། སྲིད་ཇུས་ངེས་ཅན་ཞིག་གི་ཐོག་ནས་རྒྱ་གཞུང་གིས་བོད་ནང་བདེ་སྐྱིད་ཡོད་པ་དང༌། བཅིངས་གྲོལ་མ་བཏང་སྔོན་དུ་བོད་མི་ཚོ་ཡོ་རོབ་ཀྱི་བྲན་གཡོག་ལྟ་བུ་ཞིག་ཡིན་ཚུལ་རྒྱལ་སྤྱིར་ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད། རྒྱ་ནག་ནང་ཁུལ་དུའང་ཐབས་ལམ་འདྲ་མིན་བརྒྱུད་དེ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཁག་ཅིག་ཕྱི་རྒྱལ་དུ་ཆེད་མངགས་ཀྱིས་རྫུན་སྒྲོག་བྱེད་དུ་འཇུག་གིན་ཡོད། ང་ཚོ་བཙན་བྱོལ་ནང་ཡོད་པ་ཚོས། རྫུན་གཏམ་དེ་དག་ལ་ལན་འདེབས་དང༌། གནས་སྟངས་དངོས་གང་ཡིན་གསལ་བཤད་བྱ་རྒྱུ་ལས་འགན་ཆགས་ཡོད། དེ་བཞིན། བོད་ནང་གི་བོད་མི་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་ཡང༌། དུས་ཐོག་ཏུ་ཕྱི་ལོགས་ལ་གནས་ཚུལ་སྤྲོད་རྒྱུ་གནད་འགག་རེད། དེང་སྐབས་ལས་འགུལ་གང་སྤེལ་ཡང༌། དེ་ལ་ཁུངས་བསྐྱེད་ར་སྤྲོད་དང་བཅས་འཛམ་གླིང་ལ་གསལ་བོ་བཟོ་མ་ཐུབ་པ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་ཡོང་ཁག་པོ་ཡིན། ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་འཚེ་བ་མེད་པ་དང་ཆིག་སྒྲིལ་མཉམ་རུབ་བྱས་ན། དེ་ནི་བོད་པའི་གཟི་བརྗིད་དང་སྟོབས་ཤུགས་ཆགས་ཡོད། ང་ཚོས་ལས་འགུལ་ཤུགས་ཆེན་སྤེལ་དགོས་པ་གལ་ཆེན་རེད་ལ། རྒྱལ་ཁབ་དང་སྲིད་གཞུང་སོ་སོའི་སྲིད་བྱུས་ཁ་ལོ་བསྒྱུར་ཐུབ་པའི་མི་སྣར་འབྲེལ་བ་བྱ་རྒྱུ་དེ་བས་གལ་ཆེན་རེད། ཅེས་གསུངས་སོང༌།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    བོད་ནང་དུ་ཡར་ལངས་དང་སེམས་ཀྱི་ན་ཟུག་མུ་འཐུད་དུ་ཕྱི་རུ་བཏོན་བཞིན་ཡོད་པ་ཡིན་ན་ཡང་ཚོགས་པ་ཁག་ལ་གྲགས་མགུལ་བྱེ་བྲག་མེད་པ་ཅི་ཡིན་ནམ

    Reply
  2. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    ང་ཚོའི་གསར་འགོད་པ་དང་གཏམ་བཤད་པ་སུ་ཡིན་ཀྱང་གཟབ་གཟབ་གནང་དགོས་པ་ནི་དོན་གྱི་དམ་པ་ཡིན། དཔེར་ན། ཚེས་༢༨ ཉིན་གྱི་ང་ཚོའི་ལས་འགུལ་སྐབས་སྤྱི་འཐུས་ཚོགས་གཙོ་སྒེར་ངེས་ཀྱི་གཏམ་བཤད་དེའི་ནང་དུ། བཅིངས་འགྲོལ་མ་བཏང་སྔོན་དུ་བོད་མི་ཚོ་ཡོ་རོབ་ཀྱི་བྲན་གཡོག་ལྟ་བུ་ཞིག་ཡིན་ཚུལ་རྒྱལ་སྤྱིར་ཁྱབ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད། ཅེས་པའི་སྐབས། གལ་སྲིད་དུས་རབས་ཉི་ཤུའི་དུས་འགོར་ཡང་ཡོ་རོབ་གླིང་དུ་བྲན་གཡོག་ལམ་ལུགས་རྒྱུན་འབྱམས་སུ་གནས་ཡོད་ན། རྒྱ་ནག་ཏུ་ལོས་ཡིན། ཕལ་ཆེན་དེ་ལྟར་ཡིན་སྲིད་ཀྱི་མ་རེད། ཡང་ན་རྒྱ་མིས་ཧམ་བཤད་བྱས་ཡོད། ཡང་ན་ང་ཚོས་རྒྱ་མིའི་སྐད་ཆ་ལུང་འདྲེན་སྐབས་ཆད་པ་རེད། རྒྱུ་མཚན་ནི་ཡོ་རོབ་ནང་ཕལ་ཆེར་དུས་རབས་བཅོ་བརྒྱད་ཙམ་ནས་གཞིས་ཀ་ལམ་ལུགས་དང༌། བྲན་གཡོག་ལམ་ལུགས་ཁྱོན་ཡོངས་ནས་རྩ་གཏོར་གཏོང་བའི་སྐབས་ཡིན་པས། དེ་ལྟར་གནས་མི་སྲིད། སྐབས་འདིར་བྲན་གཡོག་ཅེས་པ་ནི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ལམ་ལུགས་འགྱུར་མི་འགྱུར་གྱི་ཆ་ནས་འཇོག་དགོས། བོད་དུའང་མཁས་དབང་དུང་དཀར་ཚང་གིས། སྲོང་བཙན་སྐབས་ནས་ཞིང་པ་བྲན་གཡོག་ལམ་ལུགས་མེད་པ་བཟོས་ཡོད། ཅེས་རྒྱུ་མཚན་ཡང་དག་གི་སྒོ་ནས་གསུངས་ཡོད།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    བདེན་པ་རེད། མཐུན་འབྲེལ་དགོས་པ་གལ་ཆེན་རེད། མཐུན་འབྲེལ་ཡོད་ན་མཉམ་འབྲེལ་ཡོང་གི་རེད། མཉམ་འབྲེལ་གྱིས་མཉམ་འགུལ་དགོས་པ་གལ་ཆེན་རེད། མཉམ་འབྲེལ་དང་མཐུན་འབྲེལ་དང་མཉམ་འགུལ་བྱེད་བཞིན་དུ་བོད་ཟེར་བ་དེ་རྩ་མེད་ཆགས་སོང་རུང་འགྱོད་པ་མེད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese