མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་སྤོབས་པས་འདང་གི་མ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཀྲུང་གོའི་དྲིལ་བསྒྲགས་ཀྱི་ནང་དོན་དང་། དོན་དངོས་ཀྱི་གནས་ཚུལ་གཉིས་རྒྱབ་འགལ་ཡིན་སྟབས། ཨ་རིས་ལྷ་སར་དོན་གཅོད་ཁང་ཞིག་འཛུགས་རྒྱུ་ཟེར་བ་དེ། རྒྱ་ནག་གི་བུ་མོའི་འདོམས་ལ་བརྙབ་གི་ཡིན་ཟེར་བ་དང་གཅིག་མཚུངས་རེད། གང་ཡིན་ཟེར་ན། ལྷ་ས་ནི་ཆབ་སྲིད་ཀྱི་ཚོར་ཤུགས་ཆེས་རྐྱེན་པའི་ས་གནས་ཤིག་ཆགས་ཡོད་སྟབས། དེ་ལ་ཨ་རིའི་གཞུང་ཚབ་འཛུགས་རྒྱུར། ཀྲུང་གོའི་སྤོབས་པས་འདང་གི་མ་རེད་ཟེར།

ཕྱི་ཚེས་ ༡༡ ཉིན་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༡༠ ཉིན་ཨ་རིའི་གྲོས་ཚོགས་ཀྱིས་གྲོས་ཆོད་གསར་བ་ཞིག་གཏན་འབེབས་བྱས་པའི་ནང། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་བོད་དོན་སྐོར་གྱི་སྡེ་ཚན་ཞིག་གསར་འཛུགས་བྱ་རྒྱུ་གཏན་འབེབས་བྱས་ཡོད་པ་དང། དེ་ནི་ཨ་རི་གཞུང་ནས་བོད་རང་སྐྱོང་ལྗོངས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་གི་ཆབ་སྲིད་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལྟ་རྟོག་དང་རྒྱབ་སྐྱོར་བྱ་ཆེད་ཡིན་སྐོར་བརྗོད་ཡོད་པ་མ་ཟད། ཨ་རི་གཞུང་ནས་བོད་རྒྱ་གཉིས་བར་མཐུན་ལམ་གསར་འཛུགས་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་གི་མཐུན་སྦྱོར་བ་བྱ་རྒྱུ་ཡིན་པའི་རེ་བ་བཏོན་ཡོད་པ་རེད། ལོ་སྔོན་མར་བོད་ཀྱི་རྒྱལ་ས་ལྷ་ས་རུ་གཞུང་ཚབ་ཡན་ལག་ཁང་ཞིག་གསར་འཛུགས་བྱ་རྒྱུའི་རེ་འདུན་བཏོན་པར་གྲུབ་འབྲས་བྱུང་མེད་ལ། ཐེངས་འདིའི་རེ་འདུན་དེར་ཡང་རྒྱ་ནག་གཞུང་ཕྱོགས་ནས་འགྲིག་མིན་གྱི་བརྡ་ལན་གང་ཡང་སྤྲད་མི་འདུག

པེ་ཅིན་སློབ་ཆེན་རྒྱལ་སྤྱིའི་སྲིད་བྱུས་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་དང་དགེ་རྒན་ཆེན་མོ་ཀྲུའུ་ཧྤིན་གྱིས། ཨ་རིའི་གྲོས་ཚོགས་ཀྱི་བྱེད་སྟངས་འདི་ཡིས་ཨ་རི་གཞུང་གིས་བོད་ཀྱི་ཆབ་སྲིད་དང་ཕྱི་འབྲེལ་ལ་ཐེ་གཏོགས་ཀྱི་གནས་རིམ་མཐོ་རུ་ཕྱིན་པ་གསལ་བཤད་དང་།  རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པའི་དཔེ་མཚོན་གསལ་བོ་ཞིག་རེད། ཨ་རིས་འགྲོ་བ་མིའི་རང་དབང་གི་རྣམ་པས་རྒོལ་ཐབས་བྱེད་པ་འདིར་མཇུག་འབྲས་བཟང་བོ་ཞིག་འབྱུང་གི་མ་རེད། བྱེད་ཐབས་འདིས་ཨོ་བྷ་མ་སྲིད་འཛིན་གྱི་ལས་གནས་སྟེང་ཕེབས་་པ་ནས་ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཆེས་ཐོག་མའི་འབྲེལ་ལམ་ལ་རྒྱབ་འགལ་བྱས་ཡོད་པ་མ་ཟད། བོད་ཐོག་འཛིན་པའི་དབུས་གཞུང་གི་སྲིད་ཇུས་ལ་ཨ་རི་གཞུང་གིས་འདོད་པ་མ་ཁེངས་པའི་རྣམ་པའི་ཐོག་ནས་རྒོལ་ལན་སློག་པ་ཞིག་ཡིན་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་གནོད་པ་གང་འདྲ་ཡོད་མེད་དེ་རྒྱལ་ཁབ་གཉིས་ཀྱི་སྲིད་དོན་པས་དུས་ཐོག་རྩོད་གླེང་འདུམ་སྒྲིག་དང་གནད་དོན་ཐག་གཅོད་བྱ་མིན་ལ་རག་ལས་འདུག ཅེས་བརྗོད་འདུག

གཞན་རྒྱ་ནག་གི་དེང་རབས་རྒྱལ་སྤྱིའི་འབྲེལ་ལམ་དཔྱད་ཞིབ་པ་མཱ་ཅ་ལིས་ཡིས། ཨ་རིས་མི་རྒྱུ་གཉིས་ཀྱི་ཤུགས་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ལ་ཐེ་གཏོགས་བྱ་རྒྱུའི་ཐབས་ལམ་ཞིག་དང་། མུ་མཐུད་བོད་དོན་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་ནུས་ཤུགས་ཆེ་རུ་གཏོང་ཆེད་རེད། དུས་རབས་སྔོན་མའི་ལོ་རབས་ ༥༠ ཡི་བོད་ཀྱི་ཟིང་འཁྲུག་སྐབས་ཨ་རིའི་གཟུགས་རིས་མངོན་པའི་ཐོག་ནས་ལག་པ་བརྐྱངས་ཡོད་པ་དང་། ལོ་རབས་ ༦༠ ནང་བཙན་བྱོལ་བོད་མི་ཁག་ཅིག་ལ་གསང་བའི་སྦྱོང་བརྡར་སྤྲད་དེ་སྐྱེད་སྲིང་བྱས་པ་རེད། དེ་བཞིན། ལོ་རབས་ ༩༠ པའི་ནང་ཡང་བསྐྱར་ཏཱ་ལའི་བླ་མ་དང་འབྲེལ་ལམ་ཇེ་ཟབ་དུ་བཏང་སྟེ། བོད་དོན་ཐད་རྒྱབ་སྐྱོར་རིམ་བཞིན་བྱས་པ་རེད། གལ་སྲིད། འདི་ལྟར་རྒྱུན་རིང་ཕྱིན་ཚེ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལ་ལྡོག་ཕྱོགས་ཀྱི་ནུས་པ་འབྱུང་རྒྱུ་རེད། ཅེས་བརྗོད་ཡོད།

གོང་གི་གནས་ཚུལ་དེ་ཉིན་འདི་འགར་རྒྱ་ནག་གི་གཞུང་འབྲེལ་མིན་པའི་གསར་ལམ་ཁག་ཏུ་སླེབས་མ་ཐག རྒྱ་ནག་གཞུང་ཕྱོགས་ཀྱི་མི་སྣ་དང་སྲིད་དོན་པ་འགའ་རེ་ཡིས་ཨ་རིའི་གཞུང་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་དང་། གཞན་དམངས་གཙོ་དོན་གཉེར་བ་དང། རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ། དེ་བཞིན་རྒྱ་རིགས་སློབ་ཆེན་པ་ཁག་ཅིག་བཅས་ཀྱིས་གནད་དོན་དེའི་ཐད་དཔྱད་གཏམ་སྤེལ་བ་ལྟར་ན། ཀྲུང་གོའི་སྲིད་གཞུང་གིས་སྔར་ལོ་ཨ་རིའི་གཞུང་གིས་ལྷ་སར་དོན་གཅོད་ཁང་ཞིག་འཛུགས་རྒྱུའི་རེ་འདུན་ལ་ངོས་ལེན་བྱས་ཡོད་པ་མ་རེད་ལ། ཐེངས་འདིར་ཡང་འགོག་རྐྱེན་བཟོ་ཤག་རེད། ཀྲུང་གོའི་དྲིལ་བསྒྲགས་ཀྱི་ནང་དོན་དང་། དོན་དངོས་ཀྱི་གནས་ཚུལ་གཉིས་རྒྱབ་འགལ་ཡིན་སྟབས། ཨ་རིས་ལྷ་སར་དོན་གཅོད་ཁང་ཞིག་འཛུགས་རྒྱུ་ཟེར་བ་དེ། རྒྱ་ནག་གི་བུ་མོའི་འདོམས་ལ་བརྙབ་གི་ཡིན་ཟེར་བ་དང་གཅིག་མཚུངས་རེད། གང་ཡིན་ཟེར་ན། ལྷ་ས་ནི་ཆབ་སྲིད་ཀྱི་ཚོར་ཤུགས་ཆེས་རྐྱེན་པའི་ས་གནས་ཤིག་ཆགས་ཡོད་སྟབས། དེ་ལ་ཨ་རིའི་གཞུང་ཚབ་འཛུགས་རྒྱུར། ཀྲུང་གོའི་སྤོབས་པས་འདང་གི་མ་རེད། ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. ཨྱེ་བུ། says:
    ལོ་ 17 སྔོན།

    དྲ་གྲོགས་རྣམས་པའི་བསམ་ཚུལ་ལ་གནས་ལུགས་འདུག
    འོན་ཀྱང་ཨ་རིས་ད་ལྟའི་རྒྱ་ཁོངས་སུ་ཡོད་པའི་བོད་རང་སྐྱོང་ལྗོངས་ལ་གཞུང་ཚབ་ཡན་ལག་གཅིག་འཛུགས་རྒྱུའི་འདུན་པ་བཅིངས་བ་རེད། གལ་སྲིད་ཨ་རིས་འདོད་ཚུལ་དེ་བོད་དང་ཨ་རིའི་འབྲེལ་ལམ་ལ་ཕན་པའི་དམིགས་འདུན་ཞིག་ཡིན་ན་གནས་ཚུལ་ཡག་པོ་རེད།
    ངས་འདི་ལྟར་མཐོང་གི་མི་འདུག་མོད། ཨ་རི་བ་ངོས་ནས་ཁ་དང་དོན་ལ་གནས་ན་བོད་གཅིག་པོ་མིན་པ་དང་ཞིན་ཅང་དང་ནང་སོག ད་དུང་རང་སྐྱོང་ལྗོངས་ལྔ་ཡོད་པ་དེ་དག་ཚང་མའི་ནང་དུ་གཞུང་ཚབ་འཛུགས་རྒྱུ་ཡིན་ཟེར་རྒྱུ་ན་ཅི་མ་རུང་།
    ཡིན་ཅིག་མིན་ཅིག་བོད་རང་སྐྱོང་ལྗོངས་གཅིག་བུའི་ནང་དུ་འཛུགས་འདོད་པ་དེའི་དམིགས་ཡུལ་ང་ཚོའི་བོད་མིའི་མཁྱེན་གསལ་རེད་པས།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    མི་ཕ་རོལ་བ་ཞིག་གིས་བོད་རང་བཙན་བླངས་ནས་ཁྱོད་ཀྱི་རུམ་ལ་འཇུག་གི་མ་རེད། ཡིན་ཡང་། འདི་ནི་ཁ་སང་དེ་རིང་གི་ཨ་རྒྱ་གཉིས་ཀྱི་སྲིད་དོན་འཐབ་རྩོད་ཀྱི་ཕྱོགས་གཅིག་རེད། འདི་མངོན་སུམ་རེད། མཇུག་འབྲས་ཅི་འབྱུང་ནི་གནས་ཚུལ་གཞན་པ་རེད། དྲ་གྲོགས་མང་ཆེ་བ་ནི་གནས་ཚུལ་འདིའི་རིགས་ལ་ཐུག་སྐབས་ལམ་སེང་མཇུག་འབྲས་རྡོག་རྡོག་ཅིག་གི་སྟེང་ལ་མཆོང་འགྲོ་བའི་སྣང་ཚུལ་བྱུང་།

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    དྲ་གྲོགས་ཟུར་མཁར་པ་། ངོ་ཚོ་དང་ང་ཚོ་མང་པོ་ཟེར་གྱིན་ཁྱེད་རིང་ཟུར་དུ་མ་འདུག་ལྷག་བསམ་དང་སྙིང་སྟོབས་ཡོད་ན་ཁ་ཡོད་ལག་མེད་མི་བྱེད་པར་ཁ་ཡོད་ལག་ཡོད་དང་གནད་ལ་འཁེལ་པའི་ལས་འགུལ་ཞིག་ཁྱོད་ཀྱིས་སྤེལ་རོགས།།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དུས་ཚོད་འགྲོ་བཞིན་ཡོད། ཤོར་ཟིན་པའི་དུས་ཚོད་དེ་དག་ཕྱིར་ཡོང་མེད་པ་ཚང་མས་མཁྱེན་གསལ་རེད། དམིགས་གསལ་གྱིས་བོད་དོན་ལས་འགུལ་ཁག་གི་དབུ་ཁྲིད་རྣམས་པས་མཁྱེན་གསལ་རེད།

    Reply
  5. ཟུར་མཁར་ says:
    ལོ་ 17 སྔོན།

    ལྷ་སར་གཞུང་ཚབ་ཡན་ལག་འཛུགས་ཐུབ་མིན་ལ་རེ་བ་བརྒྱབ་བསྡད་པ་ལས་ང་རང་ཚོའི་གནད་ལ་འཁེལ་བའི་ལས་འགུལ་གང་སྤེལ་རྒྱུ་འདུག་མིན་བསམ་གཞིགས་བྱ་རན་པའི་དུས་ལ་བབ་མི་འདུག་གམ།

    Reply
  6. རྟ་བདུན་དབང་བོ། says:
    ལོ་ 17 སྔོན།

    དེ་མ་གོ་ན་གནད་འགག་གང་ཡང་མི་འདུག འདོམས་ཞེ་བ་དེ་ཕོ་མོའི་མཚན་མ་ལ་འཇུག་པ་རེད་། གནད་འགག་གཅིག་ནི་ཨ་རིའི་གཞུང་ཚབ་གསར་འཛུགས་ཐུབ་ན་ལེགས་པོ་རེད། ཡིན་ནའང་གནས་སྐབས་རིང་ལ་དེ་འདྲ་འབྱུང་མི་སྲིད་པ་རེད།

    Reply
  7. ཟུར་མཁར་ says:
    ལོ་ 17 སྔོན།

    གསར་འགྱུར་འདིའི་ཁ་བྱང་ཡ་མཚན་ཞིག་འདུག འདོམ་ཞེས་པའི་ནང་དོན་གང་རེད། ཁ་གསལ་བཟོ་རོགས་གནང་ཞུ་རྒྻུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese