ཟླ་འདིའི་ཚེས་ ༢༥ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕག་ཆམ་གྱི་ནད་གཞི་དེས་ད་ལོའི་ལོ་འཁོར་གཅིག་གི་ནང་ཚུད་དུ་ཨ་རིར་ནད་པ་ཁྱོན་ས་ཡ་ ༡།༨ ཙམ་སྨན་ཁང་དུ་བསྐྱལ་རྒྱུ་དང་། ནད་གཞི་བསྐྱར་ལངས་ཀྱི་དུས་འདིར་ངེས་པར་དུ་ནད་གཞི་ལྟ་སྐྱོང་སྡེ་ཚན་ཞིག་ཆེད་འཛུགས་ཀྱིས་སྤྱི་ཚོགས་དང་སྨན་གྱི་ནུས་པ་རྩ་གཏོར་མི་འགྲོ་བར་བྱེད་དགོས་པའི་ཉེན་བརྡ་ཞིག་ཚན་རིག་སློབ་སྟོན་པས་ཕོ་བྲང་དཀར་པོར་བཏང་ཡོད་པ་དང། སྲིད་འཛིན་ཨོ་བྷ་མར་ཡང་མགྱོགས་མྱུར་ནད་གཞི་སྔོན་འགོག་གི་སྨན་ཁབ་བཟོ་བསྐྲུན་བྱེད་དགོས་པ་དང། སྲིད་འཛིན་རང་ཉིད་ནས་རྒྱལ་ཁབ་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་དེ་དག་གི་ཐོག་ཏུ་ཐག་གཅོད་འགན་ཁུར་ཐུབ་མཁན་གྱི་ཕོ་བྲང་དཀར་པོའི་མི་ཞིག་འདེམས་སྒྲུག་བྱེད་དགོས་ཚུལ་གྱི་འབོད་སྐུལ་ནན་མོ་ཞུས་ཤིང་། རེས་གཟའ་ལྷག་པའི་ཉིན་ཚོད་དཔག་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། ཕག་ཆམ་ནད་གཞི་དེའི་མིང་གཞན་ལ་ H1N1 ཞེས་ཀྱང་བརྗོད་ཅིང། ཉུང་མཐར་ཡང་ཨ་རིའི་མི་འབོར་གྱི་ཕྱེད་ཀ་ཙམ་ལ་རིམས་ནད་དེ་འགོ་རྒྱུ་ཡིན་པ་མ་ཟད། ཡུལ་མི་ ༣༠།༠༠༠ ནས་ ༩༠།༠༠༠ བར་རྐྱེན་ལམ་དུ་འགྲོ་རྒྱུ་ཡིན་པས། རྒྱུན་ལྡན་གྱི་ཆམ་ནད་ཀྱི་ཤི་གྲངས་ལས་ལྡབ་འགྱུར་གྱིས་མང་བ་ཡོད་ལ། སྨན་ཁང་དག་གི་གཤག་བཅོས་བྱེད་མི་བརྒྱ་ཆ་ ༨༠ ཐམ་པའི་ཉལ་ཁྲི་དེའང་ད་ལྟ་ཕག་ནད་འཕོག་པའི་ནད་པ་དག་ལ་མེད་ཐབས་མེད་པའི་ངང་ཚུལ་དུ་འགྱུར་རྒྱུ་རེད། ཅེས་དང། དེ་དག་ལ་ལྟ་སྐྱོང་གང་དྲག་དགོས་ངེས་དང། རིང་མིན་ཕྱི་ཟླ་ ༩ པའི་ཟླ་དཀྱིལ་དུ་མི་ས་ཡ་ ༤༠ ལྷག་ལ་སྔོན་འགོག་སྨན་ཁབ་དེ་བརྒྱབ་རྒྱུ་ཡིན་ཚུལ་བཤད་ཡོད་པ་རེད།
ཝ་ཤིན་ཊོན་གྱི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཇེམ་སུ་བྷེན་ཊ་ལེ་ཡིས་ James Bentley བརྗོད་དོན་ལ། ནད་རིགས་མངོན་འགོོག་དང་ཚོད་འཛིན་བསྟི་གནས་ཁང་ལ་གཞིགས་ན། ནད་འབུ་དེས་ཉུང་མཐར་ཨ་རིའི་མི་ས་ཡ་ ༡ ཙམ་ནད་པ་བཟོ་རྒྱུ་ཡིན་དང། ཟླ་བ་འདིའི་ནང་དུ་བུ་ཕྲུག་ཚོ་ཕྱིར་སློབ་གྲྭར་ལོག་བྱ་དགོས་ཀྱི་ཡོད་པས་རིམ་ནད་དེ་དེ་བས་ཀྱང་ཁྱབ་སྤེལ་འགྲོ་རྒྱུའི་ཉེན་ཁ་ཡོད་ལ། སྨན་ཁང་དག་ཏུ་ཕག་ཆམ་ནད་པ་གང་མང་ཞིག་སྐྱེལ་དགོས་ཀྱི་ཡོད་པས། ད་ཆ་སྨན་ཁང་དག་གིས་སྙིང་ཁམས་དང་མཚན་མ་གཤག་བཅོས་བྱེད་རྒྱུ་སོགས་ཀྱང་ནར་འགྱངས་གཏོང་དགོས་ངེས་སུ་འགྱུར་ཉེན་ཡོད་པའི་གནས་སྟངས་ཤིག་ཐོན་ཡོད་ཚུལ་འདུག
རྒྱལ་སྤྱིར་ཁྱབ་སྤེལ།
ཇེ་ནི་ཝའི་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ནས་བཤད་ཚུལ་ལྟར་ན། ཕག་ཆམ་གྱི་ནད་གཞི་ངོས་འཛིན་བྱུང་བ་ནས་བཟུང་མངའ་སྡེ་དང་རྒྱལ་ཁབ་ ༡༧༠ ལྷག་ཙམ་གྱི་ནང་དུ་ཁྱབ་བརྡལ་ཕྱིན་ཟིན་ཅིང། སྤྱིར་ཕག་ཆམ་གྱི་ནད་གཞི་དང་ཆམ་ནད་གཉིས་པོའི་སྔོན་རྟགས་འདྲ་ཡང། ཕག་ཆམ་ནི་ཛ་དྲག་ཅིང་ཉེན་ཚབས་ཆེ་བ་ཡོད་ཚུལ་གསལ་བཤད་བྱས་ཡོད་པ་དང། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གིས་ཀྱང་ཉི་ཧོང་དང། དབྱིན་ཡུལ། ཨ་རི། ཁེ་ན་ཌ། ཆི་ལི་བཅས་ཀྱི་སྙན་ཐོར་གཞིགས་ཏེ། ཕྱི་ཟླ་ ༧ པའི་ཚེས་ ༢༤ ཉིན་སྙན་ཐོ་ཞིག་སྤེལ་ཡོད་པའི་ནང་ཕག་ཆམ་གྱི་རིམས་ནད་ཕོག་པ་མང་ཆེ་བ་ལོ་ ༡༢ ནས་ ༡༧ བར་ཡིན་ཚུལ་བརྗོད་ཡོད་འདུག
གང་ལྟར་ཡང་ཐེངས་འདིའི་སྲིད་འཛིན་གྱི་ལམ་སྟོན་ལྷན་ཚོགས་ནས་ཚོད་དཔག་སྙན་ཐོ་དེར་ཡིད་ཆེས་བྱེད་འོས་པ་ཞིག་ཏུ་འགྲེལ་བརྗོད་བྱེད་བཞིན་ཡོད་ཅིང། དེའི་ནང་དུ་འཁོད་ཚུལ་ལྟར་ལོ་འདིའི་སྟོན་ཁ་དང་དགུན་ཁའི་ནམ་དུས་གཉིས་ཀྱི་ནང་དུ་ཨ་རིའི་མི་སེར་བརྒྱ་ཆ་ ༣༠ ནས་ ༥༠ བར་ལ་རིམས་ནད་དེ་འགོ་རྒྱུ་ཡིན་པ་དང། ཉུང་མཐར་ཡང་མི་ ༣༠༠།༠༠༠ ལྷག་ལ་སྨན་ཁང་གི་བལྟ་སྐྱོང་ཚན་པའི་ནང་དུ་སྨན་བཅོས་བྱ་རྒྱུ། ཉལ་ཁྲི་བརྒྱ་ཆ་ ༥༠ ནས་ ༡༠༠ བར་གྱི་མཐུན་རྐྱེན་བསྐྲུན་རྒྱུ། ཉུང་མཐར་ལོ་འདིར་ཁྱོན་མི་ ༣༠།༠༠༠ ནས་ ༩༠།༠༠༠ བར་རྐྱེན་ལམ་དུ་འགྲོ་རྒྱུ་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་པ་དང། ཐེངས་འདིའི་འཆར་འགོད་སྙན་ཐོ་དེ་ནི་འཆར་གཞི་ཙམ་མ་གཏོགས་ལུང་བསྟན་མིན་ཡང། སྙན་ཐོ་དེ་ཡིས་གང་སྟོན་གྱིན་པ་ནི་འབྱུང་འགྱུར་གྱི་ཟླ་འགའི་ནང་ཕག་ཆམ་བསྐྱར་ལོག་དེས་སྤྱི་ཚོགས་དང་སྨན་གྱི་ནུས་པ་རྩ་གཏོར་གཏོང་རྒྱུར་ཉེན་ཁ་ཚབས་ཆེན་ཡོད་ཚུལ་དེ་རེད།
སྨན་ཁང་གི་འབོད་སྒྲ།
ནིའུ་ཇར་སིའི་ New Jersey ཧེཀ་ཀེན་སེག་ Hackensack སྨན་པའི་མཐོ་སློབ་ཁང་གི་སྨན་རམས་པ་པེ་ཊར་གོ་རོས་ Peter Gross ཡིས་བཤད་དོན། གལ་སྲིད་ཚོད་དཔག་སྙན་ཐོའི་ནང་དོན་ལྟར་དོན་དངོས་སུ་དེ་ལྟར་ཞིག་བྱུང་ཚེ། ངའི་བསམ་པར་ཨ་རིའི་སྨན་ཁང་ཐམས་ཅད་ངུ་འབོད་ཀྱིས་ཁེངས་རྒྱུ་ཡིན་པ་བསྙོན་མེད་རེད་ལ། ངེད་ཚོས་ལུང་བསྟན་དེ་འདྲ་ལྟ་བུ་ཞིག་ལ་དོན་དངོས་ཐོག་གདོང་ལེན་བྱ་རྒྱུ་ཧ་ཅང་ཁག་པོ་རེད། ཕྱི་ལོ་ ༡༩༥༧ དང་ ༡༩༦༨ ལྟ་བུར་མཚོན་ན་སྐབས་དེ་དུས་ཕག་ཆམ་ནད་གཞི་ཕྱོགས་བཞིར་རྒྱ་ཁྱབ་ཏུ་སོང་སྟེ། མི་མང་པོ་ཤི་སྐྱོན་བྱུང་ཡོད་པ་དང། ནད་གཞི་སྔོན་འགོག་མཚོན་པས་སྨན་དང་བཟོ་འཕྲུལ་གྱི་ཡོ་བྱད་ཀྱང་ད་ལྟ་དང་བསྡུར་ན་ཆེས་སྐྱོ་པོ་རེད་ཅེས་བཤད་ཡོད་པ་རེད།
སྲིད་འཛིན་གྱི་སློབ་སྟོན་ཚོགས་ཆུང་།
ཨ་རིའི་སྲིད་འཛིན་གྱི་ཚན་རིག་དང་བཟོ་འཕྲུལ་ལམ་སྟོན་ཁང་གི་ཚོགས་མི་རྣམས་ནི་ཕོ་བྲང་དཀར་པོའི་ཚན་རིག་དང་བཟོ་འཕྲུལ་སྡེ་ཚན་གྱི་ངེས་སྟོ་ན་པ་ཇོན་ཧོལ་ཌན་ John Holdren དང། མཱ་སཱ་ཅུ་སེཊ་བཟོ་འཕྲུལ་སློབ་ཁང་དང་ཧར་ཝར་ཌི་མཐོ་སློབ་ཁང་གི་གཙོ་འཛིན་ཨེ་རིག་ལེན་ཌར། Eric Lander དེ་བཞིན་མེ་མོ་རལ། ས་ལོན་ཀེ་ཊི་རིང་། སྐྲན་ནད་བསྟི་གནས་ཁང་གི་གཙོ་འཛིན་ཧར་ནོལ་ཌ་ཝར་མཱས་ Harold Varmus བཅས་ཡིན། ཚོགས་མི་ ༢༡ ལས་གྲུབ་པའི་ལྷན་ཁང་དེ། ཕྱི་ལོ་ ༡༩༧༦ ལོར་ཨ་རིའི་གྲོས་ཚོགས་འོག་མས་གསར་འཛུགས་བྱས་ཤིང། ཚན་རིག་པ་དང་ཆེད་ལས་པ་དེ་དག་གི་ལས་འགན་གཙོ་བོའང་སྲིད་འཛིན་ལ་ཚན་རྩལ་གྱི་གནད་དོན་ཐད་སྲིད་བྱུས་ལག་བསྟར་ཇི་ལྟར་བྱ་དགོས་མིན་གྱི་ལམ་སྟོན་བྱེད་རྒྱུ་དེ་རེད།
གཟུགས་གཞི་ཐང་པོར་གནོད་པ་སྐྱེལ་བ།
སི་ཌི་སིའི་ཆམ་ནད་ CDC’s Flu སྡེ་ཚན་གྱི་ཚན་རིག་བརྟག་དཔྱད་ཁང་གི་མགོ་འཛིན་ཤོ་ Shaw ཡིས་གསུངས་དོན། རིམས་ནད་འགོས་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་ཡང་། ཁོ་ནི་ངེད་ཚོའི་སྤྱི་ཚོགས་ཀྱི་གཟུགས་གཞི་ཐང་ཤོས་དེ་རེད་ཅེས་དང་། ཐེངས་འདིའི་ཕག་ཆམ་ནད་གཞི་དེ་ནི་འདས་ལོའི་ ༡༩༡༨ ལོའི་སི་པན་གྱི་ཆམ་ནད་དེ་དང་འབྲེལ་བ་ཡོད་ཅིང། སྔོན་ཆད་རིམས་ནད་དེས་ཚོད་རྩིས་བྱས་ན་མི་ས་ཡ་ ༥༠ རྐྱེན་ལམ་དུ་བཏང་ཡོད་པ་དང། ཕྱི་ལོ་ ༡༩༥༧ བར་རྒྱལ་ཁམས་ཡོངས་སུ་ཁྱབ་སྤེལ་ཕྱིན་ཡོད། ཐེངས་འདིའི་ཕག་ནད་འདིའི་ཐད་ལ་སྔར་སི་པན་གྱི་ཆམ་ནད་དང་འབྲེལ་འདྲིས་ཡོད་མཁན་ཚོར་འགོག་ནུས་ཆེ་བ་ཡོད་ཚུལ་བཤད་ཡོད་པ་རེད།
ནད་པ་ལགས་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། སྔར་ནས་ད་བར་གྱི་ཤི་གྲངས་ཡིན་ཚེ་དེ་འདྲ་ཞིག་ཡིན་སྲིད།
ལྷག་པ་ཚེ་རིང་ལགས། རང་གཞུང་གིས་རོགས་པ་ཅི་གང་ཐུབ་གི་མ་རེད། ཨ་རི་ནས་གླགས་མ་འཁེལ་ཚེ་འཛམ་གླིང་གང་ནས་ཀྱང་གླགས་འཁེལ་གི་མ་རེད། ན་ཚ་འདིའི་རིགས་ནི་རྒྱལ་ཁབ་རིམ་པ་ནས་སྔོན་འགོག་བྱ་དགོས་ཀྱི་ཡོད་སྟབས། རྒྱ་གར་ནང་གི་བོད་པ་ཚོར་རྒྱ་གར་གྱི་མི་སེར་སྤྱི་མཚུངས་ལྟར་རྒྱ་གར་དབུས་གཞུང་དང་མངའ་སྡེ་ཁག་ནས་གཟིགས་རྟོག་གནང་གི་རེད། བཙན་བྱོལ་བོད་གཞུང་གིས་རྒྱ་གར་གཞུང་ལ་རམ་འདེགས་ཙམ་མ་གཏོགས་བྱ་ཐུབ་གི་མ་རེད།
ཁ་ཉིན་དཔལ་འབྱོར་བཀའ་བློན་གྱི་མཚན་ཐོག་ནས་ངྷ་རམ་ས་ལར་ན་ཚ་དེ་བསླེབས་མེད་ཅེས་ཁྱབ་བསྒྲགས་གནང་བ་ནི་དབང་ཚད་ལས་བརྒལ་བའི་བསྒྲགས་གཏམ་ཞིག་རེད། ངྷ་རམ་ས་ལ་ནི་བོད་པ་སྐྱབས་བཅོལ་བ་ཙམ་མིན་པར་རྒྱ་གར་གྱི་ཡུལ་མི་མང་པོ་ཡོད་པ་རེད། ན་ཚ་འདི་ནི་འཛམ་གླིང་གང་སར་ཁྱབ་བཞིན་པའི་རིམས་ནད་ཅིག་རེད། དེར་བརྟེན་འདི་དག་ཐམས་ཅད་ཀྱི་མགོ་ཁེབས་པའི་གསལ་བསྒྲགས་དེ་འདྲ་ཞིག་སྤེལ་བ་ནི་ཅུང་ཐལ་དྲགས་པ་རེད་སྙམ།
གནད་དོན་དེར་ཨ་རིར་གནས་བོད་མི་ཚོར་རང་གཞུང་འབྲེལ་ཡོད་ལས་ཁུངས་ནས་རོགས་ཕན་གང་གནང་རྒྱུ་ཡོད་དམ།
ཁམས་བཟང་། སྐུ་ཞབས་ལུང་རིགས་རྒྱལ་ལགས་ཕག་ཆམ་གྱི་ནད་རིགས་འདི་༡༩༡༨ ལོར་ Span སེ་པན་དུ་དར་ཡོད་ལ་སྐབས་དེར་མིང་ལ་ Spanish Influenza Strain ཟེར་བ་དང་ཡང་༡༩༦༥ ལོར་ Hongkong ཧོང་ཀོང་དུ་དར་འདུག ༡༩༡༨ ནས ༡༩༧༥ བར་ནད་ཡམས་འདི་འཛམ་གླིང་གྱི་མི་འབོར་གསུམ་ཆ་གཉིས་ལ་འགོས་ཁྱབ་བྱུང་ཏེ་མི་ས་ཡ་ལྔ་བཅུ་ལྷག་འཆི་རྐྱེན་དུ་བཏང་འདུག
༢༠༠༧ ལོར་ནད་རིགས་འདི་ Phillipine ཕྷི་ལིབ་ཕིན་དུ་ཡང་བསྐྱར་དར་ཞིང་ཉེན་བརྡ་བཏང་བ་སྤྲགས་ U.S.A ཨ་རིའི་ཞིབ་འཇུག་ཚོད་བལྟ་ཁང་གི་༡༩༩༩ ལོར་ཕག་ཆམ་གྱི་ནད་འབུ་ཕྲ་མོའི་རིགས་རྒྱུན་གཅིག་མཚུངས་ཡིན་པ་གསལ་བཤད་བྱས་འདུག
༢༠༠༩། ༧། ༢༢ ལ་ར་ཤིཡར་Mixcan Swine Flu འདི་འགོས་ཁྱབ་བྱུང་ཡོད་ལ་རིམ་བཞིན་ད་ཆ་ཨ་རི་སོགས་སུ་ཉེན་ཁ་ཆེན་པོ་ཆགས་ཡོད་པ་དང་། འགྲེལ་བཤད་གཞན་ལྟར་ན་ North Aherican Avain ནུབ་ཨ་མི་རི་ཀའི་བྱ་དང་བྱིའུ་ད་བཞིན་མི་སོགས་ Asia ཤར་ཨེ་ཤེ་ཡར་ཕར་ཚུར་འགྲོ་འོངས་ཀྱི་འབྲེལ་ལམ་བརྒྱུད་དེ་ Mexcan pig farm ར་ཤི་ཡར་ཕག་གསོ་ཁང་དུ་ཕག་པ་ནས་ལས་ཀ་བྱེད་མཁན་གྱི་མི་ལ་འགོས་ཡོད་པར་བརྗོད་།
སྔོན་མ་ནད་འདི་ལ་ H1H5 ཞེས་མི་བཏགས་ཡོད་ཀྱང་ད་ལྟ་H1N1 ཞེས་ཟེར་ཞིང་སྔོན་མ་དང་མི་འདྲ་བར་ནད་འདི་ Avain and Swine Flu Strain ཟེར་ཞིང་དང་ཐོག་བྱ་བྱིའུ་དང་། ཕག་པ། མི་སོགས་ཀྱི་ཆམ་རིམས་ཀྱི་རིགས་ཤིན་ཏུ་ཕྲ་བའི་ཕྲ་ལྡན་གྱི་ནད་འབུ་ Virus དུ་མ་ཕན་ཚུན་འགོ་རེས་བྱས་རྐྱེན་ལས་བྱུང་བར་འདོད།
གང་ལྟར་ནད་རིགས་འདིའི་ Strain ཞེས་རིགས་རྒྱུན་གྱི་ཕྲ་འབུ་རིགས་གཅིག་ཡིན་པ་ར་འཕྲོད་ཀྱང་ད་དུང་རྙོག་འཛིན་ཆེ་བའི་བྱ་དང་། དུད་འགྲོ། ཕག་པ། མི་སོགས་ཀྱི་ཆམ་ནད་རིགས་ཕར་ཚུར་འགོས་ནས་ཚབས་ཆེ་བར་འགྲོ་བཞིན་ཡོད་འདུག་པ་བཅས་དགོངས་འཇག་འཚལ།
ངོ་མ་ཨ་མེ་རི་ཁར་དེ་འདྲ་ཞིག་བྱུང་རྒྱུ་ཡིན་ན་དཔེ་བཞག་སོང་། ངའི་ཨ་ཁུ་དང་སྲིང་མོ་ད་དུང་མང་བོ་མང་བོ་ཞིག ཧ་ཧ་ཧ། གལ་སྲིད་ཨ་རི་མེད་ན་བོད་ལ་སྒོར་མོ་སྤྲད་ནི་སུ་ཡོད་རེད།
ནད་པ་ལགས། གོང་དུ་ཁྱེད་ཀྱིས་༼ད་བར་འཛམ་གླིང་ནང་མི་འབོར་ས་ཡ་ལྔ་བཅུ་ལྷག་ཙམ་ཞིག་རྐྱེན་ལམ་དུ་བཏང་ཡོད།༽ ཅེས་པ་འདི་རྐྱེན་ལམ་དུ་ཕྱིན་པའི་གྲངས་ཀ་མིན་པར། ན་ཚ་འདི་འགོས་མཁན་གྱི་གྲངས་འབོར་ཡིན་རྒྱུ་རེད་འདོད། སྐུ་ཉིད་ལ་འདིའི་ཐད་གསལ་བཤད་འདྲ་ཡོད་དམ།
ཕག་ཆམ་གྱི་ནད་ཡམས་འདི་དར་ནས་ད་བར་འཛམ་གླིང་ནང་མི་འབོར་ས་ཡ་ལྔ་བཅུ་ལྷག་ཙམ་ཞིག་རྐྱེན་ལམ་དུ་བཏང་ཡོད་ལ་ནད་འབུ་དེ་རིམ་པས་རྒྱལ་ཁབ་གང་སར་ཁྱབ་འཕེལ་དུ་འགྲོ་རྒྱུར་ཡང་ཉེན་ཁ་ཧ་ཅང་གི་ཆེན་པོ་རེད་འདུག
ཟླ་འདིའི་ནང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་གཞུང་དབུས་སྨན་རྩིས་ཁང་ནས་གནའ་བོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་གཞུང་ལུགས་དང་སྒོ་བསྟུན་ནས་ནག་པོ་དགུ་སྦྱོར་ཞེས་པའི་རིམས་སྲུང་རིལ་བུ་སྐེ་ལ་འདོགས་བྱེད་ཞིག་བཟོ་སྐྲུན་གནང་ཟིན་འདུག
དེར་བརྟེན་ཨ་རི་དང་། ཁ་ན་ཌ། ཕྷོ་རན་སི། སོག་ཡུལ། རྒྱ་གར། འབྲུག བལ་ཡུལ་སོགས་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཚང་མས་ནད་ཡམ་དེ་མི་འགོས་ཆེད་ད་ལྟ་ནས་འཕྲོད་རྟེན་ཐད་ལ་དོ་སྣང་ཆེན་པོ་གནང་སྟེ་མངག་ཉོ་བྱེད་རྒྱུའི་དུས་ཚོད་རེད་འདུག་སྙམ།
རྭ་ལོ་ལགས། ཁྱོད་ཀྱི་འཕྲིན་ཡིག་དེ་བཀླགས་རྗེས་ངས་ཀྱང་རང་གི་གྲོགས་པོ་ཞིག་ལ་ཕྱིར་འབོད་ཀྱི་འཕྲིན་ཡིག་ཅིག་འབྲི་དགོས་བསམ་པ་ཡིན། ཡིན་ཡང་། འུ་ཚང་གི་རི་ཤོར་ཚོ་ལས་སླ་བོར་ཡོང་གི་མ་རེད། སྲོག་ཤོར་དགོས་ཀྱང་རྡ་ས་ལས་ཨ་རི་ནས་ཤི་སོང་ན་སྐྱིད་ཉམས་ཤིག་ཡོད་དུས། འདི་ཚོ་ཕྱིར་བོས་ཀྱང་ཡོང་འདུག་མི་ཤེས།
ཨ་རིར་ཡོད་པའི་བརྩེ་ལྡན་གྱི་བོད་ིརགས་སྤུན་ཟླ་ཚོ། ཟླ་ཤས་ཀྱི་གོང་དུ་འཛམ་གླིང་སྤྱི་ལ་ཤིན་ཏུ་ནས་ཛ་དྲག་ཏུ་འགྱུར་བཞིན་པའི་ཕག་ནད་འདི་བཞིན་རྒྱལ་ཁབ་འདྲ་མིན་གྱི་ནང་དུ་ཁྱབ་འདལ་དུ་འགྲོ་དང་འགྲོ་མུས་ཡིན་ལ། ལྷག་པར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་རིའི་ནང་ཁྱབ་འདལ་དུ་སོང་བཞིན་ཡོད་པས། དེར་ཡོད་བོད་མི་རྣམས་ཨ་སྒོར་ལྗང་ཁུ་དེར་མགོ་བོ་འཐོམས་ནས་མ་བཞུགས་པར། ཕར་ཚུར་ཡར་མར་གང་ཞིག་ཏུ་སོང་ནའང་རང་ཉིད་ཀྱི་གཟུགས་པོ་ལ་བདག་གཅེས་བྱེད་དགོས་པ་གལ་ཆེ། ཤོག་ལྗང་འགའི་དོན་དུ་རང་ཉིད་ཀྱི་མི་ལུས་རིན་པོ་འདི་བཞིན་མེད་པར་ཆགས་སོང་ན་དེ་བས་ཕངས་པ་ལ།
ཐུགས་རྗེ་གཟིགས། གཟབ་གཟབ་གནང་རོགས།
ཨ་རི་ལ་ན་ཚ་མེད་པར་ཤོག ཨ་རིའི་སྒོར་མོར་རིན་ཐང་ཆེ། ཧཧ།
ཨ་རི་ལ་ན་ཚ་མེད་པར་ཤོག ཨ་རིའི་སྒོར་མོར་རིན་ཐང་ཆེ། ཧཧ།
ནད་ཡམ་གསར་པ་འདི་ནི་ཧ་བྱང་ཉིན་ཀ་ཆེན་པོ་རེད་འདུག་ཚང་མས་ནད་ཡམ་་དེ་མི་ཡོང་བའི་འབད་བརྩོན་དང་ན་ཚ་དེ་དོ་བདག་རང་ཉིད་ལ་དོག་གཞིས་བྱུང་ཚེ་མྱུར་སྨན་ཁང་ལ་འགྲོ་ནས་སྨན་པ་ལ་བརྟེན་ཐབས་བྱེད་རོགས་བཅས་
དིང་རི་མཚོ་སྒོ་བ་འཇམ་དཔལ་ནས་
ཞི་བདེ་དང་དྲང་བདེན་ལ་དགའ་ཞིང་། སྙིང་རྗེ་དང་ལྷག་བསམ་གྱི་འཕྱུག་པའིལྷ་སྡེ་མི་སྡེ་ཚང་མས་ནུས་ཤུགས་གཅིག་སྒྲིལ་གྱིས་རིམ་ནད་དེ་ལས་མགྱོགས་མྱུར་གྲོལ་ཐུབ་པའི་འབད་བརྩོན་གནང་རོགས།
འཕྲིན་ཡིག
ངའི་བརྩེ་བའི་གྲོགས་མོ་བསྟན་འཛིན་ཆོས་སྐྱིད་ལགས།
ད་ལོའི་དགུན་ཁ་མ་བསླེབ་པའི་སྔོན་དུ་ཁྱོད་ཨ་རི་ནས་ཕྱིར་རྡ་རམ་ས་ལར་ཕེབས་རོགས། དེང་སྐབས་ཨ་རི་ན་ལས་ཤོར་གྱི་དཀའ་ངལ་ཡོད་པའི་ཁར། ཕག་ཆམ་ཡང་ས་ཁྱབ་རྡོ་ཁྱབ་ཏུ་ཡོང་གི་ཡོད་པ་རེད། གོ་ཐོས་ལ་ཨ་རིའི་མི་འབོར་གྱི་ཕྱེད་ཀ་ལ་ན་ཚ་འདི་འགོ་རྒྱུ་ཡིན་རབས་འདུག ཁྱོད་མི་འབོར་འདིའི་ཕྱེད་ཀ་གང་གི་ཁོངས་སུ་གཏོགས་མིན་ང་ཚོས་བཤད་ཁག་པོ་རེད། གནམ་རྒན་མས་ཁྱོད་གང་གི་ཕྱོགས་སུ་རྒྱག་མིན་ཁོའི་འདོད་པ་རེད། དེ་བས་གནམ་རྒན་མས་ཐག་མ་བཅད་གོང་དུ་ཁྱོད་གང་མགྱོགས་རྡ་སར་ལོག་ཕེབས་རོགས།
ཁྱོད་ཨ་རིར་ཕྱིན་ནས་ལོ་ ༦ འགོར་ཐལ། དེའི་རིང་ལ་བསགས་པའི་དངུལ་ལོ་དེས་ཁྱོད་ལོ་ཕྱི་ནང་གཅིག་ལྷག་རིང་རྡ་སར་སྡོད་པ་ལ་འདེང་གི་རེད།
ངས་འདི་ནས་ཁྱོད་ལ་དང་བླངས་ཀྱི་ལས་ཀ་ཞིག་འཚོལ་ཆོག གཅིག་ནས་ཨ་རིའི་དཔལ་འབྱོར་གྱི་ཉམས་རྒུད་ཁྲོད་ལས་འཚོལ་གྱི་དཀའ་ངལ་མྱོང་མི་དགོས་པ་དང་། གཉིས་ནས་ཕག་ཆམ་གྱིས་ཁྱོའི་ཚེ་སྲོག་ལ་མི་རྒོལ་བ། གསུམ་ནས། ལོ་དྲུག་གི་རྗེས་སུ་ངལ་གསོ་ཏོག་ཙམ་བྱ་ཐུབ་པ། བཞི་ནས། རང་གི་སྤྱི་ཚོགས་ནང་ལོག་ཡོང་སྟེ་ལོ་གཅིག་གི་རིང་དང་བླངས་ཀྱིས་ཞབས་ཞུ་བསྒྲུབ་ཐུབ་པ་བཅས་ཀྱི་ཆེད་དུ་ངས་ཁྱོད་ཕྱིར་རྡ་སར་འབོད་ཀིན་ཡོད་ན། ཁྱེད་རང་གང་མགྱོགས་སྒོས་ཕྱིར་རྡ་སར་ལོག་ཡོང་བའི་རེ་བ་ཉིན་ཕུད་མཚན་ཕུད་དུ་རྒྱག་གི་ཡོད།
ཁྱོད་ཀྱི་རྭ་ལོས་རེ་སྒུག་དང་བཅས་ཕུལ།