མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་འཆར།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅིག་གིས་༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་རྒྱུར་ངོས་ལེན་གནང་འདུག 

ཕྱི་ཚེས་ ༢༦ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་ཀོ་ཞོན་ས་ཁུལ་གྱི་མགོ་གཙོ་ཁྲང་ཅུའུ་དང་ཀོའོ་ཕིིན་གཙོས། ཡོོན་ལིན། ཅཱ་ཡིས་སོགས་རྫོང་རིམ་པའི་དཔོན་རིགས་ཁག་ཅིག་གཙོས་པའི་དྲག་རླུང་གི་གནོད་འཚེ་ཐེབས་པའི་ཡུལ་གྲུའི་མི་མང་གིས། སྲིད་འཛིན་མཱ་ཡོན་ཅིག་ལ་གལ་སྲིད་ཐེངས་འདིའི་གནོད་འཚེ་ཐེབས་ཡུལ་གྱི་ས་ཁུལ་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་ཞུ་གནང་ཐུབ་པ་ཡིན་ན། ས་དེའི་མི་མང་གི་སྡུག་བསྔལསེལ་ཐུབ་པ་་དང་བཟང་ཕྱོགས་ཀྱི་འཚོ་སྟངས་ལ་སྐུལ་སློང་བྱ་ཐུབ་པ་མ་ཟད། གནོད་འཚེ་ཐེབས་ཡུལ་གྱི་གྱོང་གུད་སླར་གསོ་ལའང་ཕན་ནུས་ཆེན་པོ་འབྱུང་རྒྱུ་ཡིན་པའི་རེ་སྐུལ་དང་། ༧གོང་ས་མཆོག་ཐའེ་ཝན་གྱི་རང་བྱུང་གནོད་འཚེ་ཐེབས་ཡུལ་གྱི་ས་ཁུལ་དུ་གདན་ཞུ་གནང་སྟེ་དེར་ཡོད་ས་གནས་མི་མང་དང་རྐྱེན་ལམ་དུ་ཕྱིན་པ་དེ་དག་གི་ཆེད་བསྔོ་སྨོན་གསོལ་འདེབས་གནང་རྒྱུའི་རེ་འདུན་སྲིད་འཛིན་མཱ་ཡོན་ཅིག་ལ་ཞུས་ཡོད་འདུག་ལ།   ཕྱི་ཚེས་ ༢༧ ཉིན་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅིག་གིས་གནོད་འཚེ་ཕོག་པའི་ལོང་ཧྭ་སློབ་གྲྭའི་ནང་འཚམས་གཟིགས་སྐབས། དེར་ཡོད་མི་མང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐའེ་ཝན་དུ་ཕེབས་ཏེ་དྲག་རླུང་གི་གནོད་འཚེ་ཕོག་པའི་མི་མང་དང་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་བསྔོ་བ་སྨོན་ལམ་གནང་རྒྱུར་ཁོ་རང་མོས་མཐུན་ཡོད། ཅེས་དེར་ཡོད་མི་མང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
གནས་ཚུལ་འདིའི་ཐད་སྐུ་སྒེར་ཡིག་ཚང་ནས་བརྗོད་དོན། ད་ལྟའི་ཆར་༧གོང་ས་མཆོག་ལ་དྭགས་ཁུལ་དུ་བཞུགས་ཤིང་། དེར་ཡོད་བོད་རིགས་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ལ་གསུང་ཆོས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང་། སྐབས་དེ་དག་ཏུ་ཁོང་གིས་རང་བྱུང་གནོད་འཚེ་ཁྲོད་རྐྱེན་ལམ་དུ་ཕྱིན་པ་དག་གི་ཆེད་དུ་བསྔོ་སྨོན་ཞུས་ཡོད་པ་རེད། གལ་སྲིད། ཐའེ་ཝན་ལ་ཕེབས་དགོས་པ་ཡིན་ནའང་ཟླ་འདིའི་ཕྱི་ཚེས་ ༣༡ ནས་འཆར་ཟླའི་ཚེས་གསུམ་བར་༧གོང་ས་མཆོག་ཆིབས་བསྒྱུར་གནང་ཐུབ་པའི་རེ་བ་ཡོད།  ཅེས་བཤད་ཡོད་པ་རེད

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༢༣ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 7

  1. བདེན་འཚོལ says:
    ལོ་ 17 སྔོན།

    ཨ་རོགས་བོད་མི་ཚོ་འཛམ་གླིང་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཁོངཐེ་ཝེན་ལ་བས་རྒྱུར་གནང་དེ་ང་ཚོ་གངས་ཅན་པ་རྣམས་ཀྱི་བདེན་པའི་རྒྱལ་ཁ་ཞིག་ཅི་ལ་མིན

    Reply
  2. གངས་རི་སྐྱབས། says:
    ལོ་ 17 སྔོན།

    གསར་འགྱུར་སྙན་མོ་ཞིག་རེད། གོ་རྟོགས་ཡོད་པའི་མི་རིགས་ཤིག་ཡིན་ན་འཇིག་རྟེན་གྱི་འོད་ཟེར་མཐོང་ནི་རེད། འོད་ཟེར་དེ་ལས་བདེ་སྐྱིད་ཀྱི་སྣང་བ་ལོངས་སྤྱོད་གནང་ཐུབ་ནི་རེད། ངའི་བླ་མ་ལགས། འགྲོ་བ་ཀུན་གྱི་སྤྱི་གཙིག་གི་ནོར་བུ། གདོན་སེམས་ཞི་བར་བཏུལ་བའི་བྱམས་བརྩེའི་ནུས་པ། འཇིག་རྟེན་དཀར་ངོགས་སུ་སྒྱུར་བའི་ཉི་མའི་དོ་ཟླ་ཡིན།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    གནས་སྐབས་རིང་རྒྱ་ནག་གིས་འདི་ལ་ལན་གང་འདྲ་ཞིག་རྒྱག་དགོས་མ་ཤེས་པར་འཐོམ་བསྡད་འདུག་ཅེས་ནེའུ་ཡོག་དུས་བབ་སྟེང་བཀོད་འདུག

    དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གིས་སྐད་རྒྱག་ས་དེ་མ་ཡོན་ཇིག་ཡིན་པའི་རྐྱེན་གྱིས་ཡིན་པ་འདྲ། ཁོ་སྲིད་འཛིན་ལ་བསླེབས་པ་ནས་བཟུང་རྒྱ་ནག་དང་ཐའེ་ཝན་གྱི་འབྲེལ་བ་ཅུང་ཡག་ཏུ་ཕྱིན་ཡོད་མོད། གློ་བུར་དུ་མ་ཡོང་ཇིག་གིས་མི་དམངས་ཀྱི་གནོན་ཤུགས་འོག་ནས་༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་ཆོག་ཚུལ་བཤད་སྐབས། པེ་ཅིན་གྱིས་གློ་བུར་ཐོད་རྒྱག་ལ་ལན་འདེབས་གང་འདྲ་ཞིག་བྱ་དགོས་མིན་མ་ཤེས་པར་ལུས་འདུག་ཟེར། ཕལ་ཆེར་སང་ཉིན་པེ་ཅིན་གྱིས་ཁ་གྲག་སྲིད་པ་རེད།

    Reply
  4. ནད་པ says:
    ལོ་ 17 སྔོན།

    ཐེ་ཝན་གྱི་སྲིད་འཛིན་མ་ཡིང་ཇུས་སྔོན་མ་༸ གོང་ས་མཆོག་དང་། བོད་གཞུང་ལ་སྣང་ཆུང་གི་ལྟ་བ་ཞིག་བཟུང་ཡོད་ཀྱང་ད་ཆ་རྐྱེན་ངན་གྲོགས་སུ་ཤར་ནས་ཁས་ལེན་མ་བྱེད་ཀ་མེད་ཐུགས་པ་རེད།

    དོན་མར་བསམ་གཞིགས་ཡག་པོ་ཞིག་བྱས་ཚེ་བོད་མིའི་བླ་ན་མ་མཆིས་པའི་དབུ་འཁྲིད་༸ གོང་ས་མཆོག་གདན་ཞུ་གནང་ན་ཐེ་ཝན་གཞུང་དང་། མི་དམངས་ལ་འང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་བཤད་མ་དགོས་པ་ཞིག་རེད།

    Reply
  5. ཐར་ཀླུ། says:
    ལོ་ 17 སྔོན།

    ཡང་ཧུའི་ཅུན་ཐོ་དང་ཁོའི་ཨབ་ཕྲུག་ཚོ་ཚ་བ་འཕར་བཞིན་པའི་སྒང་ཡིན་རྒྱུ་རེད།

    Reply
  6. རྭ་ལོ། says:
    ལོ་ 17 སྔོན།

    རྒྱ་ནག་གཞུང་གིས་ཅི་ཟེར་གྱིན་ཡོད་མེད་གོ་སོང་ངམ། ཞིན་ཧྭ་གསར་ཁང་གིས་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་ཚོད་ཡིན།

    Reply
  7. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    ད་འདི་རྒྱལ་ཁ་ཞིག་རེད། མ་ཡིང་ཇུ་ཁོ་སྔ་ལོ་བོད་མིར་དཀའ་ངལ་ཆེ་བའི་སྐབས་སུ་སྲིད་འཛིན་དུ་འཁོད་ནས་བཟུང་རྒྱ་དམར་ལ་འབྲེལ་བ་ཟབ་འཛུགས་བྱས་ཏེ། ༸གོང་ས་མཆོག་དང་བོད་གཞུང་ལ་སྣང་ཆུང་མང་པོ་བྱས་སོང་། ད་རེས་རང་བྱུང་གི་གནོད་འཚེ་དེ་བོད་མིར་རྐྱེན་ངན་གྲོགས་ཤར་ལྟ་བུར་གྱུར་ཏེ། ༸གོང་ས་མཆོག་གདན་ཞུ་བྱ་རྒྱུར་ངོས་ལེན་མ་བྱེད་ཀ་མེད་བྱུང་བ་རེད། སྐབས་རེ་རང་བྱུང་གནོད་འཚེས་ཕྱོགས་ཁ་ཤས་ལ་གནོད་ཀྱང་ཁ་ཤས་ལ་ཕན་གྱི་འདུག་ཀ
    མ་ཡིང་ཇུ་ཁོས་གནོད་འགོག་མྱུར་སྐྱོབས་ཀྱི་ལས་ཀ་ཡག་པོ་བྱེད་མ་ཐུབ་ཙང་མང་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། དེའི་ཐོག་ཀའོ་ཞུང་མངའ་ཁུལ་གྱི་སྲིད་དོན་པ་སྤྱི་དང་དམིགས་བསལ་ཁ་གཏད་ཚོགས་པའི་གནད་ཡོད་མི་སྣ་ཚོས་༸གོང་ས་མཆོག་ཐུགས་སྨོན་གནང་བར་གདན་ཞུ་དགོས་ཟེར་བས། མ་ཡིང་ཇུ་ཁོས་ཁས་མ་བླངས་ཚེ་ཁོ་རང་གི་ཕུགས་ལམ་ལ་སྐྱོན་ཆེན་པོ་བྱེད་རྒྱུ་ཡིན་པ་གཏན་འཁེལ་རེད།

    སྲིད་དོན་པ་འདི་རིགས་མང་པོ་ཞིག་དངོས་གནས་འཁྲབ་སྟོན་པ་རང་རེད། གཅིག་བྱས་ན་ཁོས་༸གོང་ས་མཆོག་ལ་མཇལ་འཕྲད་ཀྱང་ཞུ་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese