ཟླ་སྔོན་མའི་ཚེས་ ༢༧ ཉིན་རྫ་ཆུ་ཁའི་ཕྱག་ཚ་ས་གནས་ཉེན་རྟོག་ཁང་གི་རྒྱལ་དར་མར་ཕབ་ཅིང་། བོད་རང་བཙན་གྱི་ཡི་གེ་བྲིས་པ་དང་། ཕྱི་ཚེས་ ༢༨ ཉིན་ཕྱག་ཚ་དགོན་བཀྲ་ཤིས་དགེ་འཕེལ་གླིང་གི་འདུ་ཁང་དབུ་འབྱེད་སྐབས། ༸གོང་ས་མཆོག་ལ་བསྟོད་གླུ་ཕུལ་བ་སོགས་ཀྱིས་ཁུལ་དེའི་བོད་མི་ ༢༠ འཛིན་བཟུང་བྱས་ཡོད་འདུག
སྤྱི་ཟླ་ ༨ ཚེས་ ༢༧ ཉིན་གྱི་དགོང་མོ་ཁམས་རྫ་ཆུ་ཁའི་ཕྱག་ཚ་ས་གནས་ཀྱི་ཉེན་རྟོག་ཁང་གི་ཁང་སྟེང་དུ་ཡོད་པའི་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ། དུམ་བུ་མང་པོར་བཏང་བའི་ངོས་སུ་བོད་རང་བཙན་གཙང་མ་ཡིན་ཞེས་བྲིས་ཏེ་ཁུལ་དེའི་ཉེན་རྟོག་ཁང་གི་སྒོ་འགྲམ་དང་། ལམ་ཁའི་གཡས་གཡོན་སོགས་སུ་གཡུག་ཡོད་འདུག་ལ། ཕྱི་ཚེས་ ༢༨ ཉིན་ཕྱག་ཚ་དགོན་བཀྲ་ཤིས་དགེ་འཕེལ་གླིང་གི་འདུ་ཁང་གསར་པའི་སྒོ་འབྱེད་མཛད་སྒོའི་ཐོག་སེར་སྐྱ་མི་མང་སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་གླུ་གཞས་འཁྲབ་སྟོན་ཞུས་ཡོད་འདུག་ལ། སྐབས་དེར་རང་ལོ་ ༡༤ ཡིན་པའི་པན་ཚ་ཟེར་བའི་སློབ་ཕྲུག་ཅིག་གར་སྟེགས་སུ་བུད་དེ། ལྷ་ས་ནོར་བའི་གླིང་ལ། །ནོར་བུ་མེད་ཀི་མ་ཟེར། །རྒྱལ་བ་བསྟན་འཛིན་རྒྱ་མཚོ། །ནོར་བུ་མིན་ན་ཅི་ཡིན། །ཞེས་པའི་གཞས་ཤིག་བཏང་ཡོད་འདུག་ལ། ཁོང་གི་གཅུང་པོ་བསོད་ནམས་རབ་བརྟན་དང་། ཡ་གར་དང་། སྨེ་མེ། ཟླ་བ་སོགས་ན་གཞོན་ཁག་ཅིག་གིས་ཀྱང་མུ་མཐུད་དེ་༸སྐྱབས་མགོན་ཡིད་བཞིན་ནོར་བུ་དྲན་པའི་གདུང་བ་མཚོན་པའི་གླུ་གཞས་མང་པོ་བཏང་ཡོད་འདུག
གནད་དོན་དེ་དག་གི་རྐྱེན་པས་ཕྱི་ཚེས་ ༢༩ དང་ ༣༠ སོ་སོར་རྒྱ་གཞུང་གི་ཉེན་རྟོག་པས་ཁྱོན་བོད་མི་ཉི་ཤུ་འཛིན་བཟུང་བྱས་ཡོད་འདུག དེ་དག་ནི་ཕྱག་ཚ་དགོན་པའི་དགོན་བདག་སྤྲུལ་སྐུ་བདེ་ཆེན་འཕྲིན་ལས་རིན་པོ་ཆེ་མཆོག་དང་། དགེ་སྐོས་བསྟན་པོ། འཕྲིན་ལས་ཉི་མ། བུ་ཡག ཡ་གར། སྨེ་མེ། ཟླ་བ། ཟླ་རྒྱམ། གཞན་ད་དུང་མིང་བརྩད་མ་ཆོད་པའི་མི་དྲུག་བཅས་ཡོད་པ་དང་། ཐར་ཤུལ་སྡེ་བའི་པན་ཚ་དང་། བསོད་ནམས་རབ་བསྟན། ཐུབ་བྷོ། ས་སྐྱོང་། ཞུ་བྷ། བསོད་ནམས་བཅས་ཡིན་འདུག དེ་དག་གི་ཁྲོད་ནས་ཁག་ཅིག་རྒྱ་ནག་གི་རྒྱལ་དར་མར་ཕབས་མཁན་གྱི་དོགས་ཡོད་ཉེས་ཅན་པར་ངོས་འཛིན་བྱས་འདུག་པ་དང་། ལོ་ ༡༤ ཙམ་ལ་སོན་པའི་པན་ཚ་དང་། ལོ་བཅུ་ཙམ་ལ་སོན་པའི་བསོད་ནམས་རབས་བརྟན། ལོ་བཅུ་གསུམ་ཙམ་ལ་སོན་པའི་གྲྭ་ཕྲུག་གཅིག ཡ་གར། སྨེ་མེ། ཟླ་བ་སོགས་སྐོར་ཅིག་༸གོང་ས་མཆོག་ལ་བསྟོད་གླུ་ཕུལ་བའི་རྐྱེན་གྱིས་འཛིན་བཟུང་བྱས་སྐོར་མི་མིང་གིས་རྗོད་ཀྱིན་ཡོད་འདུག ཕྱི་ཚེས་ ༣༠ ཉིན་ཁམས་རྫ་ཆུ་ཁའི་སེར་ཤུལ་རྫོང་གི་ཉེན་རྟོག་རུ་ཁག་གི་རླངས་མཁོར་ཉི་ཤུ་རྩ་གྲངས་ཕྱག་ཚ་སྡེ་བ་དང་། ཕྱག་ཚ་དགོན་པ། ཐར་ཤུལ་སྡེ་བ་བཅས་སུ་འབྱོར་ཏེ་ད་དུང་བོད་མི་སྐོར་ཅིག་འཛིན་བཟུང་བྱ་རྒྱུ་སྐོར་བརྗོད་དེ། རྩད་གཅོད་བྱེད་བཞིན་ཡོད་འདུག་ལ། ཁྱིམ་ཚང་དག་གང་བྱུང་དུ་བསྔོག་གཤེར་དང་རྡུང་འརྡེག་བྱེད་བཞིན་ཡོད་འདུག
གོང་གི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་འཇིགས་བྲལ་བསྟན་འཛིན་ཡིན།
ངོ་མ་བཤད་ན་མཚོན་ཆ་འཛིན་པའི་དུས་ལ་སླེབས་རན་ཡོད་པ་འདྲ།
རྒྱ་མཚོའི་རྦ་རླབས་ལ་འཇགས་ཐབས་བྲལ་བཞིན།
བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཀྱི་རླབས་ཕྲེང་དེ་ནམ་ཡང་འཇགས་མི་སྲིད།
དེ་དོན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས། རང་རློམ་ང་རྒྱལ་གྱི་མགོ་བོ་སྨད་དེ། བོད་མི་རིགས་ཀྱི་སེམས་ཁམས་ལ་ཉམས་ཞིབ་མཐར་ཕྱིན་པ་གཅིག་བྱས་ན་མི་དགའ་འམ། དེ་ནས་རྙེད་དོན་ཡོད་ཚད་རྙེད་སྲིད་པ་ཡིན།།
དགུ་བཅུ་གཞོན་ལྷན་བུད་མེད་ཚོགས་པ་སོགས།།
གཞི་བཞུགས་བོད་པའི་གདུངས་སེམས་མཉམ་བསྐྱེད་ཕྱིར།།
གཞི་རྒྱ་ཆེ་བའི་ལས་འགུལ་དབུ་འཁྲིད་དང་།།
གཞོན་པ་ང་ཚོས་མདུན་དུ་འཆོང་བས་མཆོག།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ངོ་མ་ཉིད་ཀྱིས་གསུངས་པ་རང་རེད། འུ་ཚོའི་སྤྱི་ཚོགས་ནང་དུ་ཚོགས་པ་འདྲ་མིན་མང་བོ་ཡོད་པ་ལས། དོན་དངོས་སུ་བོད་ནང་གི་བོད་མི་ཚོར་སྡུག་གི་རྒྱ་མཚོར་ལྷུང་ཡོད་པ་གོ་གི་ཡོད་ཚོད་མ་རེད། དོན་དངོས་སུ་བཤད་ན་བོད་གཞོན་ནུ་ལྷན་ཚོགས་དང་
བུད་མེད་ལྷན་ཚོགས་སོགས་གཉིད་ལ་ཤོར་ཡོད་ཚོད་རེད། ཟ་ཡ་འཐུང་ཡ་ཞིག་ཡོད་ན་ཁོ་ཚོ་སྔོན་དུ་སླེབས་མེད་ན་བཞུགས་སུ་ལྷག་ཏུ་འཇུག་ངེས་མ་རེད། ངོ་མ་གནད་ལ་ཕོག་པའི་ལས་འགུལ་རེ་སྤེལ་ན་ང་ཚོའང་
མཉམ་ཞུགས་རེ་བྱེད་ངེས་ཡིན། ད་དེ་འདྲ་རེ་བཤད་ན་མ་གཏོགས་ལས་འགུལ་
ནི་སྤེལ་ཡ་མི་འདུག རང་དབང་གི་ལུང་པ་ནས་རང་འགོ་གང་ཐོན་བྱས་
ནས་བསྡད་ན་འུ་ཚོའི་མི་ཐོག་ནས་བོད་མི་ཚོ་རྫོགས་རྒྱུ་ཡིན་པ་འདྲ།
བོད་ནས་མྱི་གཅིག་རྗེས་གཉིད་མཐུད་དེ་འཛིན་བཞིན་འདུག་ཟེར་ནས་འུ་ཅག་ཕྱི་བསྡོད་པ་དག་གིས་དྲ་ངོས་ཀློག་བཞིན་ཡོད་པ་ལས། དེ་དག་གི་མི་ཚེ་ལ་བར་ཆད་དང་ཉེས་མེད་ཉེས་འགེལ་སོགས་མི་ཡོང་ཐབས་སུ་འུ་ཅག་ཕྱི་བསྡོད་བོད་མིའི་ལས་འགུལ་རེ་སྤེལ་རྒྱུ་མེད་པ་ཡིན་ནམ། དམིགས་བསལ་གྱིས་ཚོགས་པ་མིང་ཡོད་མཁན་དེ་དག་གིས་འགན་རེ་་བླངས་དེ་འགུལ་བསྐྱོད་ཅིག་རྒྱག་རན་རེད་འདུག