མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་བ་ཁུལ་དུ་སྔ་ཕྱི་ཐེངས་གསུམ་ལ་སྦྱར་ཡིག་བཀྲམ་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

 

ཟླ་བ་སྔ་ཕྱིའི་ནང་ཨ་མདོ་རྔ་པ་རྫོང་ཐོག་དང་རྔ་པ་ཀིརྟིའི་དགོན་ནང་བཅས་སུ་བོད་དོན་སྐོར་གྱི་སྦྱར་ཡིག་ཐེངས་གསུམ་ལ་གཏོར་འགྲེམ་བྱས་ཡོད་པ་དང་། སྦྱར་ཡིག་དེ་དག་གི་ནང་དུ་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་གྲོལ་མ་བཏང་ཚེ། ཆོལ་གསུམ་བོད་མི་ཡོངས་ཀྱིས་བསྐྱར་དུ་འོས་ལངས་བརྒྱག་རྒྱུ་ཡིན་སྐོར་དང་། རྒྱའི་བཙན་འོག་ནས་བོད་མི་ཚོར་བདེ་བ་མེད་སྐོར། དེ་བཞིན། ཆོལ་གསུམ་བོད་མི་ཡོངས་རྫོགས་ཁ་མཐུན་ཁོག་འགྲིག་རྡོག་རྩ་གཅིག་སྒྲིལ་ཡོང་དགོས་པའི་འབོད་སྐུལ་བཅས་ཞུས་ཡོད་འདུག

 

དེ་རིང་སྔ་དྲོ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་ཕྱི་ཟླ་ ༩ ཚེས་ ༢༤ མཚན་མོ་དང་། ཕྱི་ཟླ་ ༩ ཚེས་ ༣༠ མཚན་མོ། དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་གྱི་མཚན་མོ་བཅས་ཐེངས་གསུམ་ལ་རྔ་པ་རྫོང་གི་ཁྲོམ་གཞུང་དང་ཉེ་འཁོར་གྱི་དགོན་པ། དེ་བཞིན་གྲོང་སྡེ་ཁག རྔ་བ་ཀིརྟི་དགོན་མཐའི་མ་ཎྀ་འཁོར་ཁང་གི་རྩིག་ལྡེབས་བཅས་སུ་བོད་དོན་སྐོར་གྱི་བསྒྲགས་གཏམ་སྦྱར་འགྲེམ་བྱས་ཡོད་འདུག སྦྱར་ཡིག་དང་པོའི་ནང་དོན་ཁ་གསལ་རག་ཡོད་མི་འདུག་ལ། སྦྱར་ཡིག་གཉིས་པ་དང་གསུམ་པ་ཁ་པར་བརྒྱུད་ཀློག་འདོན་བྱས་ཏེ། ཇི་བཞིན་ཡིག་ཐོག་ལ་ཕབ་བཤུ་བྱས་ཡོད་འདུག ཕྱི་ཟླ་ ༩ ཚེས་ ༢༤ ཉིན་གྱི་སྦྱར་ཡིག་གི་ནང་དོན་འདོར་བསྡུས་ནི། ལོ་སྔོན་མའི་ཞི་རྒོལ་སྐབས་དང་། ལྷག་པར་ཉེ་ཆར་འཛིན་བཟུང་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་གྲོལ་མ་བཏང་ན། ཆོལ་གསུམ་བོད་མི་རྣམས་ཀྱིས་ཡང་བསྐྱར་འོས་ལངས་བྱ་རྒྱུུ་ཡིན། ཞེས་བསྒྲགས་གཏམ་སྤེལ་ཡོད་འདུག

 

ཕྱི་ཟླ་ ༩ ཚེས་ ༣༠ མཚན་གྱི་སྦྱར་ཡིག་ཏུ་བཀོད་དོན། ཡི་གེ་འདི་བོད་ཀྱི་བདེན་དོན་གྱི་ཆེད་དུ་བོད་མི་ཡོངས་ཀྱིས་ནུས་ཤུགས་ཡོད་ཚད་འདོན་དགོས། ང་ཚོའི་འཐབ་རྩོད་ནི་མི་རིགས་ཤིག་གི་འཐབ་རྩོད་ཙམ་མིན་པར་བདེན་པའི་གནས་ལུགས་ཤིག་ཡིན། དེ་ནི་ཆོས་དང་ཆོས་མེད་དམ་ལྷ་མེད་སྨྲ་བ་སུ་ཞིག་ཡིན་ཡང་། འགྲོ་བ་མིའི་རིགས་ཀྱིས་རྩོད་དགོས་པ་ཞིག་དང་རྩོད་འོས་པ་ཞིག་རེད། ྋརྒྱལ་བ་རིན་པོ་ཆེ་སོགས་བོད་ཀྱི་སྐྱེས་བུ་དམ་པ་མང་པོ་ཞིག་གིས་བོད་བསྟན་སྲིད་དང་འགྲོ་བ་སྤྱི་ལ་ཕན་པའི་འཚེ་མེད་ཞི་བདེའི་ལམ་ལ་སྣེ་ཁྲིད་དེ། བདེན་པ་བརྒྱ་ཕྲག་མང་པོས་བོད་ཀྱི་བདེན་དོན་ངོ་སྤྲད་ཀྱང༌། དེ་ལས་ལྡོག་ཏེ་ྋརྒྱལ་བ་རིན་པོ་ཆེ་ལ་རྒྱ་དམར་གྱིས་སྐྱོན་མེད་སྐྱོན་འཛུགས་དང་རྫུན་གྱིས་འཁོར་ལོ་སྐོར་བཞིན་ཡོད། ང་ཚོ་རྔ་མ་མེད་པའི་ཁྱི་སྤྱང་དེ་ཚོས་ནམ་ཉི་མ་ཞིག་ལ་ཁ་ཟས་བྱ་རྒྱུ་རེད། འོན་ཀྱང་། ཁོ་ཚོའི་རྒྱུགས་ཁྱི་བྱས་ནས་བསྡད་ན་ལས་རྒྱུ་འབྲས་ཁས་ལེན་མཁན་ཞིག་གིས་བྱ་བ་དྲང་བདེན་གྱིས་བསྒྲུབ་ན་འབྲས་བུ་ཡག་པོ་དང་། གཡོ་སྒྱུའི་བྱ་བ་བསྒྲུབ་ན་འབྲས་བུ་མི་ལེགས་པ་ཞིག་ཡོད་ཟེར་མོད། དེས་ན་ང་ཚོ་ཆོས་པ་ཚོ་བདེན་དོན་གྱི་ཆེད་དུ་གནས་དགོས་ལ། བདེན་དོན་ཞིག་གི་ཆེད་དུ་འགྲོའང་དགོས། ངས་ཀྱང་བོད་ལ་རྒྱ་དམར་གྱིས་མནར་གཅོད་ཚད་མེད་བྱེད་ཀྱིན་ཡོད་པའི་བདེན་དཔང་བྱེད་རྒྱུ་ཡིན། ཞེས་བཀོད་ཡོད་འདུག

 

 

དེ་རྗེས་ཕྱི་ཟླ་ ༡༠ ཚེས་ ༡ གི་མཚན་མོའི་སྦྱར་ཡིག་ཏུ་བཀོད་དོན། ཡི་གེ་འདི་འཛམ་གླིང་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་ཡོངས་དང་། ཡང་སྒོས་ཆོལ་གསུམ་བོད་མི་ལ་ཞུ་རྒྱུར། ང་རང་ལ་མཚོན་ན་ལུས་ལ་ན་ཚ་སོགས་ཅི་ཡང་མེད་པའི་མི་དཀྱུས་མ་ཞིག་ཡིན། འོན་ཀྱང་། ངའི་སེམས་པའི་ནང་ལ་བཟོད་པར་དཀའ་བའི་སྡུག་བསྔལ་ཞིག་ཡོད་པ་ནི་ཇི་ལྟར་བཤད་ཀྱང་བཤད་ཚར་བ་ཞིག་མ་རེད། དེ་ནི་ངའི་ཕ་མེས་དང་རྒན་རབས་རྣམས་ཀྱིས་བཤད་པའི་སྔོན་གྱི་ལོ་རྒྱུས་ཀྱི་དབྱེ་བ་དག་དང༌། དེང་དུས་སུ་ཡ་ང་བའི་རྒྱ་དམར་གྱི་བྱ་སྤྱོད་འདིས་བོད་རིགས་སྤུན་ཟླ་ཡོངས་ལ་གཉའ་གནོན་དང་བརྙས་བཅོས་བར་མ་ཆད་དུ་བཏང་དང་གཏོང་བཞིན་ཡོད་པ་དང༌། ལྷག་ཏུ་རྒྱ་ནག་གཞུང་གིས་དམག་མི་འབོར་ཆེན་བོད་དུ་དྲངས་ནས་ཉམ་ཆུང་གི་བོད་མི་ཚོར་འགྲོ་འདུག་གི་རང་དབང་གི་སྤྲོད་ཀྱིན་མེད། ཡང་སྒོས་རང་དབང་གི་ཆེད་དུ་ཡར་ལངས་དང་དྲང་བདེན་གྱི་གནས་ཚུལ་ཅུང་ཙམ་རེ་བརྗོད་ཀྱང་། འཛིན་བཟུང་བྱས་ནས་རྡུང་རྡེག་ཚད་མེད་བཏང་མཐར་བརྒྱལ་བ་དང་། བརྒྱལ་བའི་སྐབས་སུ་ཤི་མེད་ཀྱང་མེར་བསྲེག་བཏང་སྟེ་མི་རོ་ཡང་མེད་བརླག་བྱེད་ཀྱིན་ཡོད།

 

ད་དུང་ལྟོགས་སྐོམ་གྱིས་མ་བཟོད་པར་གཅིན་འཐུང་དགོས་བྱུང་བ་དང༌། ཁ་ནང་ལ་གློག་གིས་བརྒྱབས་ནས་དབང་པོར་སྐྱོན་ཤོར་བ། ཁྲིམས་ཁང་ནས་ཕྱིར་བཏང་དུས་དངུལ་གྱི་ཆད་པ་མང་པོ་བཅད་པ། དེ་མིན་ལོ་མང་པོར་ཁྲིམས་ཐག་བཅད་པ་སོགས་དང༌། རྒྱ་ནག་གཞུང་གིས་མེ་མདའ་སོགས་ཆེད་དུ་བོད་མི་གསོད་བྱེད་དུ་བཟོས་པ་བཞིན། བོད་མི་ཁྲིམས་པ་ཚོའི་མགོ་ཐོག་ཏུ་མེ་མདའ་བཙུགས་ནས་ཁྱོད་ཚོ་བསད་ནས་གད་སྙིགས་ནང་དུ་འཕང་ན་སུས་ཤེས་ཟེར་ནས་བརྙས་བཅོས་དང༌། ཏཱ་ལའི་གྱིས་ངན་སྐུལ་ག་འདྲ་བྱས་སོང་ཟེར་ནས་མི་འདོད་བཞིན་དུ་བླ་མའི་མཛད་པར་རྒོལ་དུ་འཇུག་པ། དངོས་གནས་ྋརྒྱལ་བ་རིན་པོ་ཆེ་མཆོག་ནི་འཛམ་གླིང་ཞི་བདེ་འདྲེན་པའི་དེད་དཔོན་ཡིན་ཕྱིར། མི་རིགས་མཐུན་སྒྲིལ་ཡོང་བ་ལ་ནམ་ཀུན་འབད་པ་དང༌། ལྷག་པར་དུ་རྒྱ་བོད་གཉིས་སྨན་གྱི་ལམ་ལ་འགྲོ་བཞིན་ཡོད་ནའང༌། ཁྱེད་རྒྱ་དམར་གྱིས་ྋརྒྱལ་དབང་ལ་ཇག་ཚོགས་ཞེས་ཞྭ་འགེབས་པ་དེ་ནི་དྲང་བདེན་དང་གནས་ལུགས་རྟོགས་པའི་རྒྱལ་ཁབ་ཡོངས་དང་། བོད་མི་ས་དྲུག་གི་སེམས་ཁུངས་སུ་སྔ་ན་མེད་པའི་ན་ཟུག་ཆེན་པོ་ཞིག་བྱིན་ཡོད།

 

རྒྱ་ནག་གཞུང་གི་སྐྱག་རྫུན་ལ་སུས་ཡིད་ཆེས། གནས་ཚུལ་འདི་འདྲའི་འོག་ནས་བོད་ཀྱི་དཔའ་བོ་དཔའ་མོ་སྟོང་ཕྲག་མང་པོས་ཚེ་སྲོག་ཤོར་བ་དང༌། གོང་ནས་བཤད་པའི་སྐད་ཆ་རྣམས་ཀྱི་བདེན་དཔང་དུ་ད་ལན་གྲྭ་བཀྲ་བྷེ་ལགས་ཀྱིས་བདེན་དཔང་དང་བོད་ཀྱི་བདེ་སྡུག་གི་བྱུང་བ་འཛམ་གླིང་གི་རྒྱལ་ཁབ་ཡོངས་སུ་བསྒྲགས་པའི་ཆེད་དུ་ལུས་སྲོག་འཕངས་མེད་ཀྱིས་བདེན་དཔང་བྱས་ཡོད། བདག་གིས་ཀྱང་རྒྱ་ནག་གི་བྱ་སྤྱོད་ངན་པ་འདི་དག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ཐོས་འབྱུང་བའི་ཐབས་དང༌། མཐར་བོད་རིགས་ཀུན་ཁ་མཐུན་ཁོག་འགྲིག་རྡོག་རྩ་གཅིག་སྒྲིལ་ཡོང་བའི་ཆེད་དུ། བདག་གི་ལུས་སྲོག་གིས་མཆོག་པ་ཕུལ་བའི་འཛམ་གླིང་ཞི་བདེ་ཡོང་བ་དང་བོད་ཀྱི་བདེན་མཐའ་གསལ་ནས་གཞིས་བྱེས་མཉམ་འཛོམས་དང༌། ྋརྒྱལ་དབང་ཁྲི་ལོར་ཡོང་བའི་སྨོན་འདུན་བཅས། ཞེས་སྦྱར་ཡིག་བཀྲམས་མཁན་གྱི་མིང་དང་བཅས་བཀོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༩ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 8

  1. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དྲ་གྲོགས་བཟང་པོ་ཤ་ཁྲག་ལགས་ལ། གསོལ་འདེབས་སོགས་འདོན་སྐབས་དག་སྡེབ་ལ་བསམ་བློ་མ་བཏང་ན་ནམ་རྒྱུན་ཡི་གེ་འབྲི་དུས་དང་འདྲ་གི་མ་རེད། ཞལ་འདོན་སོགས་ཀྱི་སྐབས་སུ་ཁ་ནས་བཏོན་པ་དང་ཡིད་ལ་གང་ཞིག་སྒོམ་དགོས་ན། ཡི་གེའི་དག་ནོར་ཤོར་ཚེ་གོ་དོན་དང་དམིགས་སྒོམ་གང་ཡིན་དེའི་དོན་ཡང་ནོར་འགྲོ་གི་རེད། དེ་བས།
    བསྟན་དང་དེ་འཛིན་ཞེས་སངས་རྒྱས་ཀྱི་བསྟན་པ་དང་དེ་འཛིན་མཁན་ལ་ཟེར་བས་ན་བསྟན་དང་དེ་འཛིན་ཞེས་ཟེར་དགོས་པ་འདྲ།
    ཡང་དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་ཐུགས་རྗེ་ཡི་རྗེ་ལ་ས་མཐའ་ངེས་པར་དུ་དགོས་ཡིན་འདྲ།

    Reply
  2. གཡང་མདའ། says:
    ལོ་ 17 སྔོན།

    ཨ་དཔའ་རྒོད་ཚོ་དུས་འདི་མ་འགྱུར་བར་དུ་ཁྱེད་ཚོ་ལྷག་བསམ་ལ་རྗེས་སུ་ཡི་རངས་ཡོད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ང་རང་གིས་རྟག་པར་འདི་འདྲ་ཞིག་འདོན་བཞིན་ཡོད།

    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོང་ཡོངས་བཏང་དེ།།
    བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེ་སྐྱོང་བར་མཛོད།།

    Reply
  4. བསེ་རུ། says:
    ལོ་ 17 སྔོན།

    ངས་ཀྱང་རྒྱལ་བའི་ཞབས་བརྟན་གྱི་ཁྲོད་ནས་ཚིག་འདི་ཟུར་དུ་བཏོན་ཏེ་བཅོས་མིན་གྱིས་འདོན་བཞིན་ཡོད། འདི་ནི་བཅོས་མིན་གྱི་དད་པའི་སྤུ་ལོང་གཡོ་བཞིན་འདི་ལྟར་ཐལ་བ་ཞིག་མ་རེད་དམ།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན།།
    བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་།།
    བཀའ་བཞིན་བསྒྲུབས་པའི་མཆོད་པས་རབ་མྱོས་ཏེ།།
    ཀུན་བཟང་སྤྱོད་མཆོག་རྒྱ་མཚོའི་མཐར་སོན་ཤོག།
    ངས་ནམ་རྒྱུན་འདི་འདྲ་ཞིག་འདོན་བཞིན་ཡོད། གང་ཡིན་མ་ཤེས་ཐ།

    Reply
  6. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    བཀླག་ཟིན།

    Reply
  7. ནད་པ says:
    ལོ་ 17 སྔོན།

    གཞིས་ལུས་བོད་མི་རྣམས་ལ་མཚོན་ན་ཧ་ལས་དགོས་པའི་སྙིང་སྟོབས་དང་། ༸ གོང་ས་རྒྱལ་བ་རིན་པོ་ཆེ་ལ་དད་པ་དང་དམ་ཚིག་ནམ་ཡང་འགྱུར་བ་མེད་པ་ཞིག་ཡོད་པ་འདི་དངོས་གནས་རྩ་བ་ཆེན་པོ་རེད།

    རྒྱ་ནག་དབུས་གཞུང་གིས་ཀྱང་གནད་དོན་དེར་རྣོ་བསམ་ཞིབ་མོ་གཅིག་བཏང་ནས་ཕན་ཚུན་ཕྱོགས་གཉིས་ཀར་ཁེ་གྱོང་མེད་པ་ཞིག་ཏུ་ཐག་གཅོད་གཅིག་ངེས་པར་དུའང་བྱེད་དགོས་པའི་དུས་ཚོད་ཞིག་རེད།

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་། །བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས། །ཀུན་བཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག །

    Reply
  8. མེ་སྟག says:
    ལོ་ 17 སྔོན།

    ད་ཕྱི་སྡོད་བོད་མི་ཚོས་རྒྱལ་བ་བོད་ནང་ལ་གདན་འདྲེན་ཞུ་ཕྱོགས་ཐད་ཤུགས་རྒྱག་རྒྱུ་དང་། རྒྱལ་བས་ཀྱང་དེའི་སྐོར་ནས་དགོངས་པ་ཆེ་ཙམ་བཞེས་རན་རེད་འདུག དེ་མིན་གཞིས་ལུས་བོད་མིའི་མནར་གཅོད་མཚམས་འཇོག་ཐུབ་རྒྱུ་མ་རེད་ཡཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese