མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་གི་མཛོ་དགེའི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཀླུའི་ཟིན་བྲིས་ལས་བཤུས་ཏེ་བཀོད།

བོད་ཀྱི་གནད་དོན་ལ་རྒྱ་ནག་གིས་ཡ་ལན་བདག་སྤྲོད་མ་བྱས་ན་རང་སྲོག་འབེན་ལ་བཙུགས་ནས་ལས་འགུལ་སྤེལ་རྒྱུ་ཡིན་ཟེར།

དེ་རིང་ཕྱི་ཚེས་ ༡༦ ཉིན་སི་ཁྲོན་མཛོ་དགེ་ཁོངས་ཀྱི་ས་གནས་གསུམ་ཙམ་ནས་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་བོད་མི་ཚོས་སེམས་ཐག་ཆོད་པོས་བོད་མིའི་མངོན་འདོད་དང་འབོད་སྒྲ་མཚོན་པའི་ཡིག་ཆ་མ་འདྲ་བ་ཁག་དགུ་ཙམ་ཡོད་པ་སྟོང་ཕྲག་ཁ་ཤས་དཔར་བསྐྲུན་བྱས་ནས་ལྕང་ཚ་ཞང་གི་སྒོ་འགྲམ་དང་། བཞག་སྡོམ་གུང་ཧྲེ་སྒོ་འགྲམ། སྟག་ཚང་ལྷ་མོའི་རྒྱལ་སྒོ་བཅས་གཙོས་ས་གནས་གང་སར་གཏོར་བ་དང་། སྦྱར་བ། འགྲེམ་སྤེལ་བྱས་ཡོད་འདུག ཡིག་ཆ་མང་ཆེ་བའི་མཇུག་དུ་སེམས་ཐག་ཆོད་པོས་བོད་ཀྱི་གནད་དོན་ལ་རྒྱ་ནག་གིས་ཡ་ལན་བདག་སྤྲོད་མ་བྱས་ན་རང་སྲོག་འབེན་ལ་བཙུགས་ནས་ལས་འགུལ་སྤེལ་རྒྱུ་ཡིན་པ་ཡང་བྲིས་ཡོད་པ་མ་ཟད་ད་དུང་ལྷ་ཚེ་རིང་དང་། པུར་མིང། ཡོར་མིང་ཟེར་བ་སོགས་བྲིས་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

སྐར་མ ༢༦ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༤ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༧ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 15

  1. བསེ་རུ། says:
    ལོ་ 17 སྔོན།

    ང་ཚོའི་འཚོ་བའི་གནས་བབ་ཀྱི་ཆ་ནས་ཚོང་ཙག་ཙིིག་འདྲ་བརྒྱབས། དེའི་ཁེ་བཟང་གང་བྱུང་བ་དེ་རྣམས་འགྲོ་སོང་དུ་བཏང་ནས་ལས་འགུལ་རེ་སྤེལ་རྒྱུའི་གནས་སྟངས་ཡ་ང་བ་འདི་འདྲ་ཞིག་ལས་མེད། བོད་པའི་འབྱོར་ལྡན་ཚོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་དཔལ་འབྱོར་གྱི་ཐོག་ནས་རྒྱབ་སྐྱོར་གནང་གལ་ཆེ་བར་མཐོང་།།

    Reply
  2. དབང་ལྡན་མཚོ་མོ། says:
    ལོ་ 17 སྔོན།

    ང་ཚོའི་བཙན་བྱོལ་ནང་ཡོད་མཁན་རྡ་ས་ས་གནས་བུ་མེད་ཚོགས་པ་དེ་ཚོས་དེ་རིང་ཁ་སང་གསུངས་ཆོས་ཞུ་མཁན་མི་གྲངས་ཆིག་སྟོང་ལྷག་གི་འདུན་དུ་ཊེ་ཞོ་ཊྲི་དང་ཆུ་སོགས་འཚོང་ནས་བསྡད་ཡོད་ལ།
    ལས་འགུལ་འདི་ལྟ་བུ་ཞིག་གི་ངོ་ནས་བོད་དོན་ཐོག་ཕེན་རྒྱུ་ཡོད་དམ།
    གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ཉི་མ་འཁྱོལ་ཐབས་བྱས་ནས་བསྡད་ན་ཨེ་འགྲིག་གིན།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ངས་ད་ལོ་བོད་ནང་དུ་ཁ་པར་བཏང་དུས་ངའི་ཨ་མྱེས་ཀྱིས་ད་ལོ་འདི་ཁུལ་དུ་མང་གིས་ཁ་ལ་བལྟས་པ་ཡིན་ཟིང་འཁྲུག་ཞིག་བླངས་ས་རེད་ཟེར་བ་དེ་གློ་བུར་དུ་དྲན་བཅུགས་སོང་། གཞོན་རབས་པ་སུ་ཞིག་གིས་ཁ་ན་ཡང་རྒྱའི་སྲིད་གཞུང་ལ་མི་འདོད་པའི་རྣམ་འགྱུར་ཞིག་ཡོད་པ་དེ་དུས་ནས་བོད་ནང་གི་རྒན་རྒོན་དག་གིས་ཀྱང་བསྐོར་ལམ་སོགས་སུ་ཤུགས་ཆེར་གླེང་གི་ཡོད་ས་རེད། ད་ནི་འཆི་སྲོག་ལ་ཐུག་ཀྱང་ཞུམ་པ་མེད་པར་མདུན་དུ་བསྐྱོད་མཁན་གྱི་བོད་མི་དག་གི་བདེན་དོན་ཆེད་དུ་ཕྱི་ལོག་ལ་སྐྲག་རྒྱུ་མེད་པ་འདི་ནི་དངོས་ནས་ཡིད་སྐྱོ་བ་ཞིག་མ་རེད་དམ། ལྷག་པར་དུ་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པ། དགུ་བཅུ་གསུམ་བཅས་ཀྱིས་ཚོགས་དངུལ་ཁོ་ནར་བསྡུ་རྒྱུར་དམིགས་པ་ལས། ཚོགས་མི་དག་གིས་འདི་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་གང་བྱེད་དགོས་པ་དག་ལག་ལེན་ཞིག་བསྟར་རན་རེད།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དཀོན་མཆོག་མཁྱེན། ད་ཡང་བོད་ནང་གི་བོད་མི་ཚོས་ལོ་སྔོན་མ་བཞིན་དུ་རང་སྲོག་བློས་བཏང་གིས་ངོ་རྒོད་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་བྱེད་ས་རེད། བོད་ནང་གི་རྒྱལ་གཙེས་བོད་མི་ཚོས་ཤ་ཡི་རི་བོ་དང་ཁྲག་གི་རྒྱ་མཚོ་དཀྱིལ་ཡང་ང་ཚོས་འདི་ནས་སྐྱོ་རོགས་ཙམ་ཡང་བྱེད་ཀྱིན་མེད། ད་དངོས་གནས་ཅི་དགོས་པ་ཡང་ཡིད་ལ་མི་དྲན་གི

    Reply
  5. རྒྱ་རགས། says:
    ལོ་ 17 སྔོན།

    ཤ་ཡི་རི་བོ་བརྩིགས་ཞིང་ཁྲག་གི་རྒྱ་མཚོ་བསྐྱིལ་ཀྱང་བདེན་དོན་གྱི་ཆེད་དུ་འཆི་དགོས་མཆོངས་དགོས་འཐབ་དགོས། གདོང་དམར་དཔའ་བོའི་མི་རྒྱུད་ཟེར་ན་དེ་འདྲ་ཞིག་ཡིན་དགོས་པ་ལས་དཀོན་མཆོག་མཁྱེན་ང་མ་གསོད་རོགས་ང་ཚེ་ཐར་གཏོང་རོགས་ཟེར་མཁན་ཞིག་ཡིན་མི་རུང་ལ་ཡིན་ཡང་མིན།

    Reply
  6. རྒྱ་རགས། says:
    ལོ་ 17 སྔོན།

    ༼ལས་འགུལ་འདིའི་ཁྲོད་ཀྱི་མི་རྣམས་ལ་བར་ཆད་མེད་པར་སྨོན།༽
    ད་དེ་རེད། འུ་ཅག་གིས་ཤེས་པ་དེ་དེ་རེད། འུག་ཅག་གིས་ནུས་པ་དེ་དེ་རེད། ལས་འགུལ་སྤེལ་དུས་བར་ཆད་མེད་པ་ཞིག་བྱུང་མྱོང་ངམ། བར་ཆད་མེད་པའི་ལས་འགུལ་ཞིག་ལ་ནུས་ཅི་ཙམ་ཡོད་དམ། འུ་ཅག་བོད་མི་ཚོར་ཡོད་པ་ནི་ཡིད་སྨོན་བྱེད་རྒྱུ་དེ་རེད། ད་དུང་འགྲུབ་རྒྱུ་མེད་པའི་ཡིད་སྨོན་བྱེད་རྒྱུར་དགའ་བ་དེ་རེད། དེ་འདྲའི་ཡིད་སྨོན་གྱིས་སུ་ལ་ཕན་ཐོག་གི་རེད། ཡིད་སྨོན་དེའི་རྒྱབ་ན་འཇིགས་ཞུམ་དང་སྡར་མ་ཞེས་པ་དེ་བསྐུང་ཡོད་པ་རེད། རྒྱབ་སྐྱོར་མེད་པ་དང་སྐུལ་སློང་མེད་པ་དེ་བསྐུང་ཡོད་པ་རེད། སྐྱབས་འཚོལ་དང་རོགས་འཚོལ་གྱི་སེམས་དེ་བསྐུང་ཡོད་པ་རེད། མཉམ་ཞུགས་མི་བྱེད་མཁན་དང་ལྟད་མོ་ལྟ་མཁན་གྱི་བཟོ་ལྟ་དེ་བསྐུང་ཡོད་པ་རེད།

    ཁྱོད་ཚོའི་རྗེས་ལ་ང་ཚོ་ཡང་འཆི་རུ་ཡོང་གི་ཡོད། སེམས་རྣལ་ལ་ཕབས་ཏེ་ང་རྒྱལ་དང་སྤོབས་པ་སྐྱེད་ལ་མདུན་དུ་མཆོངས་ཤིག་ཅེས་ཟེར་དགོས་པ་རེད། ང་ཚོས་མི་རབས་ནས་མི་རབས་ལ་འཐབ་རྩོད་བྱེད་དགོས། ཇི་སྲིད་རྒྱལ་ཁ་མ་ཐོབ་བར་དུ། ཞེས་ཟེར་དགོས་པ་རེད་ལ་དེ་ལྟར་ཡིན་ཡང་དགོས་པ་རེད།

    Reply
  7. སྐྲ་རིང་མ། says:
    ལོ་ 17 སྔོན།

    གངས་རིའི་དཔའ་རྒོད་ཚོའི་སྙིང་སྟོབས་ལ་ཞུམ་པ་མེད།

    Reply
  8. phonya says:
    ལོ་ 17 སྔོན།

    ལས་འགུལ་དེ་དག་ལ་ཞུགས་མཁན་རྣམས་བྱ་བ་ལམ་ལྷོང་ཡོང་བ་དང་ཉེར་འཚེ་མེད་པར་དཀོན་མཆོག་གསུམ་ལ་སྨོན་ལམ་འདེབས། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ་བཙན་བྱོལ་བོད་གཞུང་གི་མི་དམང་གི་སྤྱི་འཐུས་རྣམས་ནི་ཕྱོགས་ལྷུང་འཐེན་འཁྱེར་གྱི་གདོན་གྱིས་མྱོས་སོང་། དངོས་གནས་བློ་ཕམ་པོ་བྱུང་།

    Reply
  9. དམུ་དགེ་རབ་དགའ། says:
    ལོ་ 17 སྔོན།

    སྙིང་སྟོབས་ཅན་གྱི་བོད་མི་དེ་དག་གི་ལས་འགུལ་ལ་བསྟོད་བསྔགས་དང་རྗེས་སུ་ཡི་རང་བྱེད་ཀྱིན། དུས་བབ་རྩོམ་སྒྲིག་པ་མཆོག་གིས་མཛོད་དགེ་རུ་བྱུང་བའི་གནས་ཚུལ་དེ་དག་ཡོངས་ཁྱབ་ཏུ་གསལ་བསྒྲགས་བྱས་པར་ཐུགས་རྗེ་ཆེ།
    དུས་དེ་རིང་ནས་བོད་མི་དེ་དག་རྒྱ་གཞུང་གི་གཡོ་སྒྱུའི་འོག་རི་བོང་ཁྱེར་བ་ལྟར་གོ་ཐོས་མྱོང་ཚོར་མེད་པར་འཛིན་བཟུང་གི་ཉེན་ཁ་ཤིན་ཏུ་ཆེ་བས་དུས་བབ་རྩོམ་སྒྲིག་པ་མཆོག་གིས་བོད་མི་དེ་དག་གི་འབྱུང་འགྱུར་གནས་ཚུལ་ཅི་བྱུང་དངོས་བརྒྱུད་ཅི་རིགས་ནས་ཞིབ་དཔྱོད་གནང་པར་རེ་སྐུལ་ཞུ།

    Reply
  10. བསེ་རུ། says:
    ལོ་ 17 སྔོན།

    ཡང་ཁ་བྱང་དུ། ལྷ་ཆབ་ལགས་ཀྱིས་གསུངས་པ་ལྟར།
    མཛོད་དགེ་ལ་མཛོ་དགེ་བྲིས་ནོར་བྱུང་འདུག
    གང་མགྱོགས་བཅོས་རོགས།

    Reply
  11. བསེ་རུ། says:
    ལོ་ 17 སྔོན།

    མནར་གཅོད་གདུག་རྩུབ་དམར་གསོད་སྲོག་ཐོག་སོགས།།
    གངས་ཅན་བོད་མིར་ཇི་ཙམ་བཏང་གྱུར་ཀྱང་།།
    ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར།།
    བོད་མིའི་སེམས་ཀྱི་རྨ་ཁ་ཇི་ལྟར་གསོ།།

    Reply
  12. དབང་ལྡན་མཚོ་མོ། says:
    ལོ་ 17 སྔོན།

    བོད་ནང་གི་བོད་མི་ཚོ་ངོ་ནས་རྒྱལ་ཁབ་དང་བླ་མའི་ཆེད་དུ་སྙིང་སྟོབས་དང་ལྷག་བསམ་གནམ་དག་ཡིན་པ་ང་ཚོའི་བཀའ་དྲིན་ཅི་ལྟར་ཞུ།
    བར་ཆད་མེད་པར་ཤོག་ཞེས་སྨོན་ལམ་གཅིག་པོ་ངང་བསྡད་དགོས་ཡིན་ནམ།

    Reply
  13. བློ་བཟང་དཔལ་ལྡན། says:
    ལོ་ 17 སྔོན།

    སྙིང་སྟོབས་ལ་རྗེས་སུ་ཡི་རིང་བྱེད། ལས་འགུལ་འདིའི་ཁྲོད་ཀྱི་མི་རྣམས་ལ་བར་ཆད་མེད་པར་སྨོན། ང་ཚོ་ཚང་མ་མཉམ་དུ་ལང་དགོས། གོ་སྐབས་མ་ཤོར་བ་ཞིག་བྱེད་དགོས། ཚང་མས་བསམ་གཞིག་བྱེད་དགོས། གངས་ཅན་པ་ཚོ།

    Reply
  14. སྨྱུག་རྒོད། says:
    ལོ་ 17 སྔོན།

    ཀླུ་འབུམ་བཀྲ་ཤིས་ལགས།
    གསར་འགྱུར་འདིའི་ཡོངས་ཁུང་ཁ་གསལ་ཞིག་བཀོད་རོགས།
    ལས་འགུལ་འདིའི་ནང་འཇུ༹ལ་མཁན་དག་ལ་བར་ཆད་མེད་པར་སྨོན།

    Reply
  15. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས།མཛོད་དགེ་ལ་རྗེས་འཇུག་ད་ཆད་འདུག

    ལས་འགུལ་འདིའི་ཁྲོད་ཀྱི་མི་རྣམས་ལ་བར་ཆད་མེད་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese