ཉེ་ཆར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་༧གོང་ས་མཆོག་གི་མཛད་རྣམ་ ༼ མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་ ༽ ཞུ་བ་གླེགས་བམ་དྲུག་དཔར་སྐྲུན་འགྲེམ་སྤེལ་བྱས་པའི་གོ་སྐབས་དང་བསྟུན་ཏེ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་དང་། ༧གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ལགས་སུ་བཅར་འདྲི་ཞུས་པ་བཤམ་གསལ་ལྟར་ཡིན།
དྲི་བ། འདི་ག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འཛིན་སྐྱོང་འོག ༧གོང་ས་མཆོག་གི་མཛད་རྣམ་ཕྱོགས་སྒྲིག་དང་རྩོམ་སྒྲིག་བྱས་ཏེ། ད་ལྟ་མཛད་རྣམ་གླེགས་བམ་དྲུག་དངོས་སུ་དཔར་སྐྲུན་འགྲེམ་སྤེལ་བྱས་ཡོད་པའི་ཐད་ངོ་སྤྲོད་ཅིག་གནང་རོགས།
ལན། ༧གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་ཚོགས་ཆུང་དེ་སྤྱི་ལོ་ ༡༩༨༤ ནས་མགོ་འཛུགས་བྱས་པ་ཞིག་རེད། སྐབས་དེར་བཀའ་ཤག་གི་བཀའ་འབྲེལ་ཡི་གེ་ཞིག་ཏུ། རྒྱུ་ཆ་གོ་སྒྲིག་གནང་ཐུབ་སོང་བ་ཡིན་ན།༧གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་ཚོགས་ཆུང་ཞིག་རིང་མིན་འཛུགས་རྒྱུ་ཡིན་སྟབས། གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་ཞིག་བྱ་དགོས་སྐོར་བརྗོད་འདུག དེའི་རྗེས་སྣར་སྐྱིད་ངག་དབང་དོན་འགྲུབ་སོགས་ཀྱིས་ཚོགས་ཆུང་ཞིག་བཙུགས་འདུག ཕྱི་ལོ་ ༡༩༨༤ ནས་ ༢༠༠༠ བར་རྩོམ་སྒྲིག་ཚོགས་ཆུང་དེ་སྐུ་སྒེར་ཡིག་ཚང་འོག་བསྡད་པ་རེད། སྐབས་དེའི་རྩོམ་སྒྲིག་གི་ལས་རིམ་ཁྲོད། སྔོན་མའི་མཛད་རྣམ་དང་ལོ་རྒྱུས། སྐྱེས་ཆེན་དམ་པ་གཞན་དག་གི་རྣམ་ཐར་སོགས་ལས་བསྡུ་སྒྲིག་བྱས་ཏེ། རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་གསུམ་བར་གྱི་ཟིན་བྲིས་ཤིག་བཟོས་འདུག དེ་ནི་མཛད་རྣམ་འདིའི་ཨ་མ་ལྟ་བུ་རེད། རྗེས་སུ་༧གོང་ས་མཆོག་ནས་སྐུ་སྒེར་ཡིག་ཚང་འོག་སྡེ་ཚན་མང་དྲགས་འདུག འགའ་རེ་སྐུ་སྒེར་འོག་ཉར་དགོས་དོན་མི་འདུག ནོར་བུ་གླིང་ཁ་འདི་བོད་ཀྱི་རིག་གཞུང་གི་ལྟེ་གནས་ཤིག་ཡིན་སྟབས། མཛད་རྣམ་གྱི་ལས་གཞི་འདི་ནོར་བུ་གླིང་ཁ་དང་ཟླ་སྒྲིལ་བཏང་བ་ཡིན་ན། མིང་དོན་མཚུངས་པ་ཞིག་ཡོང་ས་རེད་ཅེས་བཀའ་ཕེབས་དོན་ལྟར། ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༡༥ ཉིན་མཛད་རྣམ་རྩོམ་སྒྲིག་ཚོགས་ཆུང་དེ་ཆ་ཚང་ནོར་བུ་གླིང་ཁར་གཞི་སྤོར་བྱས་པ་རེད། ད་ལྟ་མཛད་རྣམ་དེབ་དྲུག་དཔར་སྐྲུན་བྱས་ཟིན་ཡོད། དེའི་ནང་རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་གསུམ་བར་གྱི་རྣམ་ཐར་སྙིང་བསྡུས་ཤིག་དང་། ༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ཏེ་ ༡༩༦༠ ལོའི་ཕྱི་ཟླ་ ༨ བར་གྱི་མཛད་རྣམ་རྒྱས་འབྲི་བྱས་ཡོད།
དྲི་བ། ཐེངས་འདིའི་མཛད་རྣམ་དཔེ་དེབ་ནང་ཕྱི་ལོ་ ༡༩༦༠ བར་གྱི་ལོ་རྒྱུས་བཀོད་ཡོད་ན། ༧གོང་ས་མཆོག་བོད་ནང་བཞུགས་སྐབས་སོགས་སྐུ་ཚེ་སྟོད་ཀྱི་མཛད་རྣམ་རེད། སྐབས་དེར་ཕྱོགས་གང་ཐད་ནས་ཆ་རྐྱེན་འཛོམས་པོ་མེད་སྟབས། ཁྱེད་ཅག་རྩོམ་སྒྲིག་པ་རྣམ་པས་ཇི་ལྟར། ལོ་རྒྱུས་འཚོལ་བསྡུ་དང་རྒྱུ་ཆ་མཁོ་སྒྲུབ་གནང་བ་ཡིན་ནམ།
ལན། དེ་བདེན་པ་རེད། དཀའ་ངལ་ཆེ་ཤོས་དེ་༧རྒྱལ་བ་རིན་པོ་ཆེ་སྐུ་ཆུང་ངུའི་དུས་བོད་ནང་བཞུགས་སྐབས་ཀྱི་ལོ་རྒྱུས་རག་རྒྱུ་དེ་རེད། ང་ཚོས་དེའི་ཐད་ཐབས་ཤེས་མང་པོ་བྱས་ཀྱང་། བོད་ནང་གི་ཡིག་ཆ་ཐད་ཀར་རག་རྒྱུ་ཁག་པོ་འདུག འོན་ཀྱང་། ད་ལྟའི་བོད་གཞུང་གི་ལས་བྱེད་ཁྲོད་སྔར་གྱི་སྐུ་དྲག་མང་པོ་ཡོད་པ་རེད། དེ་དག་བརྒྱུད་དེ་བོད་ནང་བཞུགས་ཡོད་པ་ཚོར་ངག་ཐོག་ནས་དྲི་བ་བཏང་བ་དེ་འདྲ་ཡོད་པ་རེད། གཞན། བཙན་བྱོལ་ནང་བཞུགས་བསྡད་པ་སྔོན་མའི་ལོ་རྒྱུས་ལ་ཐུགས་རྒྱུས་ཡོད་མཁན་ཚོར་ཡང་བཅར་འདྲི་ཞུས་ཡོད། དེ་བཞིན་བླ་མ་གཞན་དག་གི་རྣམ་ཐར་དང་། ལོ་རྒྱུས་དེབ་ཐེར་དག་ཏུ་ཉམས་ཞིབ་བྱས་པ་ཡིན། སྔོན་མའི་སྡེ་བ་གཞུང་གི་མཛད་སྒོ་དག་གི་ཚེ་གྲངས་སོགས་ཏག་ཏག་ཅིག་ཤེས་ཐུབ་རྒྱུ་ཁག་པོ་འདུག་མོད། མཛད་སྒོ་ཁག་གི་འགྲོ་ལུགས་འགྲོ་སྟངས་འདིར་རྒྱུས་མངའ་ཡོད་མཁན་མང་པོ་ཡོད་སྟབས། ཁོང་ཚོར་བཀའ་འདྲི་ཞུས་ཏེ་རྩོམ་སྒྲིག་བྱས་པ་རེད། དེ་བཞིན། སྐུ་སྒེར་ཡིག་ཚང་དུ་སྐུ་ངོ་རྟ་ར་ལགས་ཀྱིས་ཕྱོགས་སྒྲིག་དང་ཟིན་ཐོར་བཀོད་པའི་སྐུ་མདུན་གྱི་མཛད་འཕྲིན་སྐོར་གྱི་མ་དེབ་ཅིག་འདུག དེས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་སོང་།
དྲི་བ། ༧གོང་ས་མཆོག་གི་མཛད་རྣམ་གྱི་སྐོར་ལ་སྔར་བོད་ཡིག་ནང་༼ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང ༽ དང་། དབྱིན་ཡིག་ནང་༼ བཙན་བྱོལ་ནང་གི་རང་དབང་ ༽ སོགས་ཁ་ཤས་ཡོད་ལ། དེ་མིན་གྱི་སྐད་ཡིག་ནང་དུའང་མང་པོ་ཡོད་སྟབས། ཐེངས་འདིར་ཁྱེད་ཅག་གིས་བརྩམས་པའི་༼ མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ ༽ ཞུ་བ་འདིར་སྔར་གྱི་མཛད་རྣམ་དེ་དག་ལས་ཁྱད་དུ་འཕགས་པའི་ཆ་ག་རེ་ཡོད་དམ།
ལན། ༧གོང་ས་མཆོག་གི་མཛད་རྣམ་སྔར་ཡོད་པའི་ནང་ནས་༼ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང ༽ དེ་སྐད་གྲགས་ཆེ་ཤོས་རེད། དེ་ནས་༼ བཙན་བྱོལ་ནང་གི་རང་དབང་ ༽ ཞུ་བ་དེ་རེད། དེ་དག་སྐུ་མདུན་རང་གིས་གསུངས་བཞག་པ་ཤ་སྟག་ཡིན་སྟབས། སྙིང་བསྡུས་ལས་ཞིབ་ཚགས་འཁོད་ཡོད་པ་མ་རེད། ཐེངས་འདིར་ང་ཚོས་ཕྱོགས་སྒྲིག་བྱས་པའི་གོ་རིམ་ཁྲོད་ནང་དོན་སྙིང་བོ་གཞི་རྩར་བཟུང་སྟེ། ཧ་ཅང་ཞིབ་ཚགས་དང་རྒྱས་འབྲི་གང་ཡོང་བྱས་ཡོད། དེ་བཞིན། སྔར་དེབ་གང་དུའང་བཀོད་མེད་པའི་གནས་ཚུལ་གང་མང་ཞིག་སྔོག་འདོན་དང་། འཚོལ་སྒྲུབ་བྱས་ཏེ་ཐེངས་འདིར་བཀོད་ཡོད། ༧གོང་ས་མཆོག་གིས་བཀའ་གནང་བཞག་པའང་གང་འཚམ་ཡོད་ལ། གནད་འགག་ཆེ་བའི་རིགས་ལ་ང་ཚོ་ཆེད་དུ་༧གོང་ས་མཆོག་གི་སྐུ་མདུན་ལ་བཅར་དེ་བཀའ་འདྲི་ཞུས་པའང་ཡོད།
དྲི་བ། སྔ་རབས་བོད་པའི་བླ་སྤྲུལ་དང་སྐྱེ་ཆེན་དམ་པ་དག་གི་མཛད་རྣམ་མང་ཆེ་ཤོས་ཆོས་ལུགས་དང་། ཡང་ན་ཆབ་སྲིད་སོགས་ཀྱི་གནད་དོན་བྱེ་བྲག་པའི་ཕྱོགས་སུ་ལྷུང་བ་ཤུགས་ཆེ་སྟབས། ཐེངས་འདིར་ཁྱེད་ཅག་གིས་རྩོམ་སྒྲིག་བྱས་པའི་༼ མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ ༽ འདིའི་ངོ་བོ་གང་འདྲ་ཡོད་དམ།
ལན། ང་ཚོས་རྩོམ་སྒྲིག་བྱས་པའི་མཛད་རྣམ་འདི་ཆེད་དུ་ཆབ་སྲིད་ལ་དམིགས་ཏེ་བཟོས་པ་དེ་འདྲ་མ་རེད། འོན་ཀྱང་། དེབ་ཀྱི་ནང་དུ་རང་བཞིན་གྱིས་ཆབ་སྲིད་སྐོར་མང་ཙམ་ཆགས་ཡོད། གང་ཡིན་ཟེར་ན། དུས་ཚོད་ཀྱི་ཆ་ནས་ཕྱི་ལོ་ལྔ་བཅུ་ང་གྲངས་ནང་རྒྱ་མི་བོད་དུ་ཡོང་བ་ནས་བཟུང་། རང་བཞིན་གྱིས་བོད་ལ་ཆབ་སྲིད་ཀྱི་འཕོ་འགྱུར་མང་པོ་བྱུང་ཡོད་ལ། དེའི་སྔོན་༧གོང་ས་མཆོག་གི་ཡང་སྲིད་རྩད་ཞིབ་དང་གསེར་ཁྲིར་མངའ་གསོལ་གྱི་སྐོར། སྐབས་དེའི་བོད་སྤྱི་ཚོགས་དང་དགའ་ལྡན་ཕོ་བྲང་གི་བྱེད་སྒོ་ཁག གཞན། ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པ་དང་། ཞཱ་སྒབ་པ་སོགས་བོད་པའི་ཚོང་དོན་ཚོགས་པ་ཞིག་ཕྱི་རྒྱལ་དུ་བཏང་བ་སོགས་གནས་ཚུལ་མང་དག་ཅིག་རང་བཞིན་གྱིས་ཆབ་སྲིད་དང་འབྲེལ་བ་ཆགས་སྟབས། ཐེངས་འདིར་ང་ཚོས་རྩོམ་སྒྲིག་བྱས་པའི་མཛད་རྣམ་འདི་སྲིད་དོན་གྱི་ཕྱོགས་ཤུགས་ཆེ་ཙམ་ཡོད།
དྲི་བ། ད་བར་ལོ་ངོ་བཅུ་ཕྲག་རིང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་མི་རྒྱུ་གཉིས་ཐད་ནས་འགྲོ་སོང་ཆེན་པོ་བཏང་སྟེ། ༧གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་གི་གོ་རིམ་ཁྲོདདཀའ་ངལ་ཆེ་ཤོས་གང་དག་ལ་འཕྲད་ཡོད་དམ།
ལན། དཀའ་ངལ་ཆེ་ཤོས་མིའི་ནུས་པའི་འདང་གིན་མི་འདུག ༧གོང་ས་མཆོག་གི་མཛད་པ་རྣམ་ཐར་རྩོམ་སྒྲིག་བྱ་རྒྱུར་ཤེས་ཚད་ངེས་ཅན་དགོས་པ་མ་ཟད། སྐབས་དེའི་བོད་པའི་ཆོས་སྲིད་དང་སྤྱི་ཚོགས་ལའང་རྒྱུས་མངའ་གང་འཚམ་མེད་ན་ཁག་པོ་རེད། ང་ཚོར་དེ་འདྲའི་མི་ཞིག་རག་རྒྱུ་ཁག་པོ་རེད། དེ་དཀའ་ངལ་གཙོ་བོ་རེད། གཉིས་པ། ལོ་རྒྱུས་རྒྱུ་ཆ་འཚོལ་བསྡུ་བྱ་རྒྱུ་དེ་རེད། ལྷག་པར་དུ་བོད་ནང་ནས་རྒྱུ་ཆ་རག་རྒྱུ་ཧ་ཅང་དཀའ་མོ་རེད། གསུམ་པ། ལོ་རྒྱུས་ཕྱོགས་སྒྲིག་བྱེད་སྐབས་གནད་འགག་དེ་ངོས་ཟིན་དགོས་པ་རེད། ཡོད་ཚད་དེབ་ནང་བྲིས་ན་འགྲིག་གིན་ཡོད་པ་མ་རེད། ལོ་རྒྱུས་དབྱེ་ཞིབ་དང་གདམ་གསེས་སོགས་རྩོམ་སྒྲིག་གི་ཉམས་མྱོང་དང་། འདོར་ལེན་དང་གཙོ་ཕལ་དབྱེ་འབྱེད་ཀྱི་གདེང་སྤོབས་ཀྱིས་འདང་གིན་མི་འདུག དེ་དག་དཀའ་ངལ་ཆེ་བའི་གྲས་རེད། འོན་ཀྱང་། སྐྱོན་དང་ནོར་འཁྲུལ་ཕྲན་བུ་ཡོང་སྲིད་ཀྱང་། དེ་དག་མ་འོངས་པར་རིམ་གྱིས་སྐྱོན་སེལ་དང་དག་ཐེར་བྱས་ཏེ། བློ་རིག་རྣམ་དཔྱོད་ཅན་ཚོས་མུ་མཐུད་ལས་དོན་ལ་འབད་སྒྲུབ་བྱས་ན་ཡར་རྒྱས་ཡོང་གི་རེད་དྲན་ཡོད།
དྲི་བ། མཛད་རྣམ་དཔེ་དེབ་འདི་འགྲེམ་སྤེལ་བྱེད་ཕྱོགས་གང་འདྲ་ཡིན་པ་དང་། བླུ་ཡོན་འབུལ་དགོས་པ་རེད་དམ། ཡང་ནས་རིན་མེད་ཐོག་འགྲེམ་རྒྱུ་ཡིན། དེ་བཞིན། ཕྱི་ལོ་ ༡༩༦༠ རྗེས་ཀྱི་མཛད་རྣམ་ཇི་ལྟར་རྩོམ་སྒྲིག་ཞུ་འཆར་ཡོད་དམ།
ལན། བོད་ནང་ལྟ་བུར་མཚོན་ན། ང་ཚོས་གང་ཡོང་གིས་ཐབས་ཤེས་བྱ་དགོས་པ་རེད་དྲན་ཡོད། ད་ལྟ་བོད་ནང་ལ་འདི་ལྟར་གཏོང་གི་ཡིན། ཞེས་ཞུ་ཐུབ་ཀྱིན་མི་འདུག རྒྱ་གར་ནང་གི་དགོན་སྡེ་ཁག་དང་སློབ་གྲྭ་ཁག ཤེས་ཡོན་བསྟི་གནས་ཁག་ཏུ་ང་ཚོས་འབྲེལ་བ་ཞུས་ཏེ་དེབ་གཏོང་རྒྱུ་ཡིན། དཔེ་དེབ་ལ་བླུ་ཡོན་སྤྲོད་དགོས་དང་མི་དགོས་ཐད། ང་ཚོས་གཞི་ནས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། གང་ཡིན་ཟེར་ན། ལས་གཞི་འདིར་འགྲོ་སོང་ཕོན་ཆེན་པོ་ཞེ་དྲག་ཕྱིན་ཡོད། གཞན། ཕྱི་ལོ་ ༡༩༦༠ རྗེས་ཀྱི་མཛད་རྣམ་སྐོར་ལ་ང་ཚོས་ཟིན་བྲིས་གང་ལ་གང་འཚམ་བརྒྱབས་དང་རྒྱག་བཞིན་པ་རེད། དེའི་ཐོག་ལ་སྐུ་སྒེར་ཡིག་ཚང་དུ་༧རྒྱལ་བ་རིན་པོ་ཆེའི་མཛད་དེབ་ཅིག་འདུག དེའི་ནང་མཛད་རྣམ་གྱི་སྙིང་བོ་མ་གཏོགས་མི་འདུག་མོད། གང་ཡོད་པ་དེ་གཞི་རྩར་བཟུང་སྟེ། མུ་མཐུད་རྩོམ་སྒྲིག་གི་ལས་རིམ་འགྲོ་བསྡད་ཡོད་ལ། མ་འོངས་པར་རྩོམ་སྒྲིག་ཚོགས་ཆུང་ཡང་ཡར་རྒྱས་སུ་གཏོང་ཐུབ་ན་བསམ་ཡོད།
དྲི་བ། ༧གོང་ས་མཆོག་གི་མཛད་པ་རྣམ་ཐར་དེ་བོད་པ་ཙམ་དུ་མ་ཟད་འཛམ་གླིང་ཡོངས་སུ་གལ་ཆེན་པོ་ཆགས་ཡོད་སྟབས། སྐད་ཡིག་གཞན་ལ་བསྒྱུར་རྒྱུའི་འཆར་གཞི་དང་བོད་ནང་ལ་དམིགས་ཏེ་དྲ་རྒྱ་སོགས་བརྡ་འཕྲིན་བརྒྱུད་ལམ་ལ་གཏོང་རྒྱུའི་འཆར་གཞི་ཡོད་དམ།
ལན། ༧གོང་ས་མཆོག་གི་མཛད་རྣམ་སྐད་ཡིག་གཞན་པའི་ནང་བསྒྱུར་རྒྱུའི་འདོད་པ་སྔོན་མ་ནས་ཡོད་མོད། སོ་སོའི་འདོད་པ་ལྟར་ལག་ལེན་འཁེལ་ཐུབ་རྒྱུ་ཁག་ཙམ་འདུག གང་ཡིན་ཟེར་ན། སྔོན་མ་ང་ཚོས་དབྱིན་ཡིག་ནང་ཏོག་ཙམ་བསྒྱུར་ཏེ་ཚོད་ལྟ་ཞིག་བྱས་པ་ཡིན། བོད་ཡིག་གི་མ་རྩོམ་དབྱིན་ཡིག་ནང་སྒྱུར་སྐབས། སྒྱུར་མཁན་དེ་དབྱིན་ཡིག་གི་ཆུ་ཚད་མཐོན་པོ་ཡོད་མཁན་ཞིག་མིན་ན། ཡག་པོ་ཡོང་གི་མི་འདུག མ་འོངས་པར་རོབ་ཙམ་རེ་བསྒྱུར་ཏེ། ཞུ་དག་གཏོང་རྒྱུ་དེ་ཕྱི་རྒྱལ་གྱི་མཁས་པ་འགའ་རེར་འབོད་སྐུལ་ཞུ་དགོས་པ་མིན་ནམ་དྲན་ཡོད། རྒྱ་སྐད་ནང་བསྒྱུར་རྒྱུར་དཀའ་ངལ་དེ་ཙམ་ཡོད་པ་མ་རེད་དྲན་ཡོད། གང་ཡིན་ཟེར་ན། བོད་པའི་སྤྱི་ཚོགས་ནང་རྒྱ་ཡིག་གི་ཆུ་ཚད་ཡག་པོ་ཡོད་མཁན་མང་པོ་འདུག་ལ། ཐའེ་ཝན་སོགས་ནང་པའི་ལུང་པ་དེ་ཚོའི་ནང་རྒྱ་ཡིག་བོད་ཡིག་གཉིས་ཀ་ཤེས་མཁན་མང་པོ་འདུག ཐོག་མར་དབྱིན་ཡིག་ནང་འཐུས་ཚང་ཞིག་བསྒྱུར་ཐུབ་སོང་བ་ཡིན་ན། དབྱིན་ཡིག་གཞི་རྩར་བཞག་སྟེ། སྐད་ཡིག་གཞན་དུ་བསྒྱུར་ན་སྟབས་བདེ་བོ་ཡོད་པ་རེད། འོན་ཀྱང་། ད་ལྟའི་ཆར་དངོས་སུ་ལག་བསྟར་བྱས་པ་དེ་འདྲ་མེད།
དྲི་བ། མཛད་རྣམ་སྡེ་ཚན་འདི་ཕྱི་ལོ་ ༢༠༠༠ ལོར་སྐུ་སྒེར་ཡིག་ཚང་ནས་ནོར་གླིང་གི་འཛིན་སྐྱོང་འོག་ཟླ་སྒྲིལ་བཏང་སྟེ། ད་ལྟའི་བར་ཁྱོན་བསྡོམས་འགྲོ་གྲོན་ག་ཚོད་སོང་ཡོད་དམ།
ལན། སྡེ་ཚན་འདི་ནོར་གླིང་ལ་གནས་སྤོར་བྱས་པ་ནས་བཟུང་། ལས་རིམ་འདིའི་མགོ་མཇུག་བར་གསུམ་གྱི་འགྲོ་སོང་ཡོངས་རྫོགས་ང་ཚོའི་ངོས་ནས་གཏོང་མུས་ཡིན། སྐུ་སྒེར་ཡིག་ཚང་དང་བོད་གཞུང་། དེ་བཞིན་ཚོགས་པ་སྒྲིག་འཛུགས། ཕྱི་རྒྱལ་གྱི་སྦྱིན་བདག་སོགས་གང་ལའང་བརྟེན་ཡོད་པ་མ་རེད། འོན་ཀྱང་། དེ་རིང་འདིར་སྡོམ་འབོར་གྲ་སྒྲིག་མེད་སྟབས། ཁྱེད་ལ་གསལ་བོ་ཞིག་ཞུ་ཐུབ་ཀྱིན་མི་འདུག སྡེ་ཚན་འདིར་གཏོགས་པའི་ལས་ཀ་བ་ཡོངས་ལ་ལྟོས་ས་ལྟོས་འཇོག་གིས་ཕོགས་ཐོབ་ཡག་པོ་འབུལ་བཞིན་ཡོད། ཐེངས་འདིར་དཔེ་དེབ་དཔར་སྐྲུན་བྱས་པ་གཅིག་པུའི་ཐད། འགྲོ་སོང་འབུམ་ཉི་ཤུ་ ༢༠༠༠༠༠༠ ཙམ་རེད། དཔེ་དེབ་སྤུས་ལེགས་ཤིག་དང་དཀྱུས་མ་ཞིག་རིགས་གཉིས་ཡོད། སྤུས་ལེགས་དེའི་རྒྱབ་ཤ་ཀོ་བ་རེད། དེབ་གཅིག་རེའི་རྒྱབ་ཤར་ཧིན་སྒོར་བདུན་བརྒྱ་ ༧༠༠ རེ་ཕྱིན་ཡོད། དེར་བརྟེན། དཔེ་དེབ་རིན་མེད་ཐོག་ཕུལ་ཐུབ་དང་མི་ཐུབ་ལ་བསམ་བློ་ཞིག་གཏོང་དགོས་པ་ཆགས་ཡོད།
དྲི་བ། སྐུ་ཉིད་ཀྱིས་སྣེ་འཁྲིད་དེ་ལོ་ངོ་བཅུ་ཕྲག་ལ་ཉེ་བའི་རིང་མཛད་རྣམ་སྐོར་ལ་ཉམས་ཞིབ་དང་རྩོམ་སྒྲིག་གི་ཕྱག་ལས་གནང་བའི་གོ་རིམ་ཁྲོད། ༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ལ་ལྟ་ཚུལ་མཐོང་སྣང་གང་འདྲ་བྱུང་སོང་ངམ།
ལན། ༧རྒྱལ་བ་རིན་པོ་ཆེ་དགོང་ལོ་བཅུ་དྲུག་ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་རེད། དེ་ཡང་སྐབས་བཟང་དུས་བཟང་ཞིག་མིན་ལ། མཐུན་རྐྱེན་འཛོམས་པོའང་མེད་པར་རྒྱ་མི་བོད་དུ་སླེབས་ཏེ། རྙོག་དྲ་ཁ་ཕྱེས་ཡོད་སྐབས་ཤིག་ལ་འཁེལ་ཡོད། མི་དཀྱུས་མ་ཞིག་གིས་དེ་འདྲའི་ལས་འགན་ལྕི་མོ་ཞིག་བཞེས་ཐུབ་པ་ཁག་པོ་རེད། དེ་བཞིན། ཆོས་ཕྱོགས་ཀྱི་ཐོག་ནས་ཀྱང་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་པ་རེད། ཆོས་དང་སྲིད་གཉིས་ཀ་ཟུང་དུ་འབྲེལ་བའི་ཐོག་ནས་མཛད་པ་རླབས་ཆེན་བསྐྱངས་པ་རེད། དེ་དག་ལ་བསམ་ན། སེམས་པའི་གཏིང་ཞིག་ནས་དགའ་དད་སྤྲོ་གསུམ་ཞིག་དང་། བཅོས་མིན་གྱི་ཡིད་ཆེས་ཤིག་སྐྱེ་ཡོང་གིན་འདུག
དྲི་བ། ཐེངས་འདིའི་བཅར་འདྲིའི་གོ་སྐབས་བརྒྱུད་དེ་སྐུ་ཉིད་ལ་དམིགས་བསལ་གསུང་རྒྱུ་འདྲ་ཡོད་མེད་དང་། མ་འོངས་པར་སྐུ་ཉིད་ཀྱིས་གཙོ་བོ་ཕྱོགས་གང་གི་ཐད་ཕྱག་ལས་གནང་འཆར་ཡོད་དམ།
ལན། ང་ལ་དམིགས་བསལ་གྱིས་བཤད་རྒྱུ་མེད་མོད། གལ་ཆེ་ཤོས་དེ་ང་ཚོའི་རིག་གཞུང་སྲུང་སྐྱོབ་ལ་ཚང་མས་ཧུར་བརྩོན་གནང་རྒྱུ་དེ་རེད་བསམ་ཡོད། རིག་གཞུང་ཟེར་དུས་ཁ་ནས་བཤད་བསྡད་པ་ཙམ་གྱིས་ཕན་གྱིན་མི་འདུག ལག་ལེན་དངོས་ཀྱི་ཐོག་ནས་སྲུང་སྐྱོབ་བྱ་དགོས་པ་རེད། དཔེར་ན། ཐང་ཀ་དང་འབག་བརྙན་ཞིག་ལ་མཚོན་ན། ང་ལ་ཐང་ཀ་ཡག་པོ་ཡོད། འབག་བརྙན་ཡག་པོ་ཡོད། ཅེས་ཁ་ནས་ལབ་པ་ཙམ་གྱིས་འགྲིག་གིན་ཡོད་པ་མ་རེད། གང་ནས་ཡག་པོ་ཡོད་པ་དང་ཇི་ལྟར་ཡག་པོ་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་སྟོན་ཐུབ་དགོས་པ་རེད། ང་ཚོ་བཙན་བྱོལ་དུ་འབྱོར་ཏེ་ལོ་ ༥༠ ཕྱིན་ཡོད། ལོ་ལྔ་བཅུར་ཕྱིར་མིག་ཅིག་བལྟས་ན། དགོན་སྡེ་ཁག་དང་སློབ་གྲྭ་ཁག་གི་ཕྱི་ཚུལ་གྱི་རྣམ་པ་གྲ་རྒྱས་པོ་དང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། ནང་གི་ཤེས་ཡོན་ཡར་རྒྱས་མེད་པ་ཡོངས་གྲགས་ཡིན་ལ། ལྷག་པར་དུ་ལག་ཤེས་སྒྱུ་རྩལ་ལྟ་བུར་མཚོན་ན་ཉམས་ཆག་ཆེན་པོ་ཕྱིན་ཡོད། བོད་པའི་ལག་ཤེས་ལ་རིགས་དང་རྣམ་གྲངས། བྱེད་སྒོ་རྣམ་བཞག་མང་པོ་ཞིག་ཡོད། འོན་ཀྱང་། ད་ཆར་གནས་བབ་ཧ་ཅང་གི་སྐྱོ་བོ་རེད།
ང་རང་སྒེར་གྱི་ངོས་ནས་མ་འོངས་པར་ལས་དོན་གང་ཞིག་བསྒྲུབ་འདོད་ཡོད་མེད་ཐད། ད་ལྟ་ང་རང་ལོ་ ༧༠ སླེབས་གྲབས་ཡོད། ལས་ཀ་མང་པོ་ཞིག་བྱ་རྒྱུའི་གོ་སྐབས་ལྷག་ཡོད་པ་མ་རེད། མགོ་དཀར་པོ་ཆགས་ཚར་བ་རེད། ནོར་བུ་གླིང་ཁ་འདིར་ང་སྡོད་དགོས་པའི་རྒྱུ་མཚན། ཐོག་མར་ནོར་བུ་གླིང་ཁ་འདི་ང་རང་གིས་མགོ་བཙུགས་ཏེ། མཐུན་རྐྱེན་ང་རང་གིས་ཐབས་ཤེས་བྱས་པ་རེད། འོན་ཀྱང་། མཇུག་ཁུངས་འཁྱོལ་ལ་མ་འཁྱོལ་བ་ཞིག་བྱས་ཏེ་བསྡད་ན་ཕངས་པོ་ཞེ་དྲག་རེད། དེར་བརྟེན། མུ་མཐུད་འདི་གར་བོད་ཀྱི་རིག་གཞུང་གཅེས་སྐྱོང་གིས་མཚོན་པའི་གང་ཐུབ་ཅི་ཐུབ་ཀྱིས་ལས་ཀ་རེ་བྱ་ཐུབ་ན་བསམ་ཡོད།
ཡང་བཤད་རྒྱུ་ཞིག་ལ། ནོར་གླིང་སྒེར་བདག་བྱས་མ་བྱས་དང་། ཚེ་ལོ་བདེན་པ་ཡིན་མིན་སོགས་བོད་གཞུང་དང་རྒྱ་གར་གཞུང་གི་ཁྲིམས་ཐོག་ནས་ཐག་བཅད་ཟིན་སྟབས་འདིར་བསྐྱར་དུ་གླེང་རྒྱུ་མིན། གླེང་ཁོམ་ཡང་མི་འདུག མདོར་ན་ཁྱོད་ཀྱིས་གོང་དུ་བྲིས་པའི་སྐད་ཆ་དེ་ཚོ་ཁྱོད་ཀྱིས་ལན་གྲངས་བརྒྱ་རུ་ངག་ནས་བསྐྱར་བརྡབ་བྱས་ཤིང་། མ་བོས་མགྲོན་པོ་ཟེར་བའི་དེབ་ཀྱི་ནང་དུ་བྲིས་ཟིན་པ་ཁོ་ན་ལས་གསར་བ་གང་ཡང་མི་འདུག འོན་ཀྱང་ནོར་གླིང་ད་དུང་བླ་ནས་བླ་རུ་འབར་གྱི་འདུག ༧གོང་ས་མཆོག་ཐུགས་ཧ་ཅང་མཉེས་པོ་བྱུང་འདུག སྐལ་བཟང་ཡེ་ཤེས་བཟའ་འཚོ་གཉིས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་གྲུབ་ཡག་པོ་ཐོན་འདུག་ཅེས་གསུངས་ཏེ་ཐུགས་བློ་བདེ་བོ་གནང་ནས་བཞུགས་བཞག ད་༧གོང་ས་མཆོག་ཁྱོད་ཀྱི་ཁ་ལ་ཉན་རྒྱུ་མ་རེད་ཀོ བོད་མི་མང་ཁྱོད་ཀྱི་ཁ་ལ་ཉན་རྒྱུ་མ་རེད་ཀོ ས་གནས་རྒྱ་གར་གཞུང་ཁྱོད་ཀྱི་ཁ་ལ་ཉན་རྒྱུ་མ་རེད་ཀོ བཙན་བྱོལ་བོད་གཞུང་ཁྱོད་ཀྱི་ཁ་ལ་ཉན་རྒྱུ་མ་རེད་ཀོ གང་ཡིན་ཟེར་ན་ཁྱོད་ལ་རིན་ཐང་གང་ཡང་མེད་ཙང་། ཨེ། དེ་ལས་ངས་བལྟས་ན་ད་བར་ཁྱི་ངན་བདག་པོ་ལ་ཟུག་པར་འགྱོད་བཤགས་གྱིས་ལ་རང་གིས་གཡོས་རྒྱུ་རེ་བླུགས་ནས་སྡོད་དང་དེས་དགའ་རྒྱུ་རེད་ཀོ།
ཧ་ཧ་ཧ་ཧ་ཧ་ཧ། དེ་རིང་ཧོར་ལེགས་གཡག་མགོའི་མཚངས་ལ་ཅུང་ཕོག་སོང་བ་འདྲ། ཁ་འཁོར་ཡུན་གཅིག་ལ་མཆན་བཅུ་ཁ་ཞིག་བྲིས་འདུག ཡིན་ན་ཡང་དགོད་ཤོར་ནས་རྒྱུ་མ་ན་རྒྱུ་ཞིག་ལ་ཧོར་ལེགས་མཁས་པ་ཡིན་རབས་དང་། ཧོར་ལེགས་ཀྱིས་ལས་ཀ་ཡག་པོ་བྱས་རབས་སོགས་འབྲི་ཁུལ་བྱས་པ་དེ་རེད། གལ་ཏེ་ཁྱོད་མཁས་པ་ཞིག་ཡིན་ན་འཇིག་རྟེན་ན་མཁས་པ་མིན་པ་སུ་ཡོད། མདུང་རྩེ་ནས་བླངས་པའི་ཤར་ཕྱོགས་རྒྱལ་པོའི་སྲས་མོ་ཟེར་བ་དེའི་ནང་སྙན་ངག་གི་རྒྱན་དང་ཤོ་ལོ་ཀ་གཉིས་ཙམ་ཡང་ཁ་ཁ་ཤེས་མེད་པ་ཨི་དྲན་གི། མི་ཤེས་བཞིན་དུ་དཔྱད་རྩོམ་འབྲི་ཁུལ་བྱེད་རྒྱུ་དེ་ཨམ་ཕྲུག་ཚོའི་གཤིས་ཀ་རེད། ཨ་གློ་རྒན། གཡག་ཟ་ཁང་བཟུང་སྐབས་ཉིན་ཞིག་ངས་ཁྱོད་ལ་སྔོ་ཚལ་ཉོ་རོགས་བྱས། སྐབས་དེར་ཁྱོད་ཀྱིས་ང་ལ་རྒྱ་གར་བ་དེ་མགོ་སྐོར་ནས་ཁ་ཕར་འཁོར་ཐབས་ཀྱིས་དང་ཟེར་བ་ལྟར། ངས་རྒྱ་གར་རྒད་པོ་དེ་མགོ་སྐོར་ནས་ཁ་ཕར་བསྐོར་སྐབས་ཁྱོད་ཀྱིས་ལ་ཕུག་དཀར་པོ་ཆག་པ་གཅིག་ལག་རྒྱེའི་ནང་དུ་བཅུག་པ་ཨེ་དྲན་གི ད་དུང་དེའི་སྔོན་ཉིན་ཞིག་ནོར་གླིང་ནས་ངས་ཁྱོད་ལ། ཨ་རོགས་རིག་གཞུང་གི་ལས་ཀ་བྱེད་རྒྱུ་ཡིན་ཟེར་ནས་བྱུང་བའི་ཞལ་འདེབས་རང་དོན་དུ་གཏོང་རྒྱུ་ཨེ་ཡོད་མི་ཤེས་ཀོ་ཞེས་བཤད་དུས། ཁྱོད་ཀྱིས་ང་ལ། འོ་ན་རིག་གཞུང་གི་ཐོག་ལ་ལས་ཀ་བྱེད་མཁན་ཚོ་གྲོད་ཁོག་སྟོང་བར་སྡོད་དགོས་པ་ཨེ་རེད་ཅེས་བཤད་སོང་ང་། ནོར་གླིང་དུ་ལས་ཀ་བྱེད་དུས་ཉི་མ་གང་ལ་ཐ་མག་རེ་འཐེན། སྐུ་ངོ་ཡབ་ཡུམ་གཉིས་དང་འདྲེ་རྫ་མ་སོགས་ཀྱི་བླ་འདྲ་བཙག དུས་ཚོད་མང་ཆེ་བར་ཁ་ཆུ་འདྲུད་བཞིན་གཞུང་གི་རྐུབ་ཀྱག་རྒང་ནས་གཉིད་སྡོད་པ་མ་གཏོགས། གཞུང་ལ་བསམ་པ་དཀར་པོའི་ལས་ཀ་ཐེངས་གཅིག་བྱེད་ཨེ་མྱོང་། ཞོགས་པའི་ཆུ་ཚོད་བརྒྱད་པར་ལས་ཁུངས་སུ་ཡོང་ནས་དགུང་མོའི་ཆུ་ཚོད་ལྔ་པའི་བར་གཞུང་གི་སྒོར་མོའི་རིན་དུ་གཞུང་ལ་ལས་ཀ་ཅི་ཞིག་བྱེད་ཀྱི་ཡོད། ཉིན་ཞིག་གསང་སྤྱོད་དུ་སོང་རྗེས་སྐྱག་པ་ཆུ་བཤལ་མ་བཏང་བར་བཞག་འདུག་པ་ངས་ཁྱོད་ལ་དྲིས་དུས་ཁྱོད་ཀྱིས་འདྲེ་འདྲ་མ་འདི་སང་ལ་སྐྱག་པ་སོ་ཆུ་བཤལ་གཏོང་དགོས་ནི་མ་རེད། སྐལ་བཟང་ཡེ་ཤེས་ཁོ་རང་གིས་གཞུང་དངུལ་ཟོས་པའི་ཚབ་ཏུ་གསང་སྤྱོད་ཚོ་རྡ་ཆུ་བཤལ་གཏོང་ཐུབ་དགོས་པ་རེད་ཅེས་བཤད་ཡིན་པ། ད་ངས་ཁྱོས་ཤེས་འདུག་གམ། ད་དུང་ཡོད། འོན་ཀྱན་དུས་ཚོད་མི་འདུག་པས་སང་ཉིན་འབྲི་ཆོག ཧོར་ལེགས་གཡག་མགོ དེང་སང་གི་མི་ལ་མིག་སྟོང་ཡོད་པ་དེ་བརྗེད་མི་ཉན་ཡ།
སྐབས་འདིར་ནོར་གླིང་ཡིག་ཚང་གི་བྱས་ཉེས་ཆེན་པོ་ཞིག་བགྲང་དགོས་བྱུང་བ་ནི། རྒྱུ་མཚན་གཞན་གང་ཡང་མེད་པར། མི་དེ་གཉོམ་ཆུང་རྒྱུད་བཟང་ཞིག་ཡིན་པ་འདིའི་ཆ་ནས་བཤད་ན། ཕྱི་ལོ་༡༩༩༨ ཡང་ན་༡༩༩༩གང་རུང་དུ་ཉིན་ཞིག་གི་མཚན་མོར། ནོར་གླིང་བཙན་ཁང་ནང་གི་སྲུང་མ་དམར་ནག་གཉིས་རྐུ་ལ་ཤོར་བ་རེད། སྐབས་དེར་ལྷ་ཁང་དོ་དམ་དང་འབྲེལ་ཡོད་མི་སྣ་སྟེ། དོགས་པ་བྱུང་སའི་མིའི་གྲས་སུ་མཆོད་གཉེར་གྲ་རྒན་ཞིག་དང་གཅིག ལྷ་ཁང་ཐོག་ཁར་ཡོད་པའི་དཔེ་མཛོད་ཁང་གི་དོ་དམ་པ་ཚེ་ལོ་རྒྱལ་དང་གཉིས། ད་དུང་གཞན་རྒྱ་གར་པ་ཞིག་དང་བཅས་མི་གསུམ་ཡོད་པ་ནོར་གླིང་གིས་གཉེན་རྟོག་མི་སྣར་རྩིས་སྤྲོད་བྱས།
ཉིན་ཤས་རྗེས་སུ་མི་གཞན་དག་བཙོན་གྲོལ་ཐོབ་ནས་ཉེས་མེད་དཀར་འདོན་ལྟ་བུ་བྱས་ཀྱང༌། ཚེ་ལོ་རྒྱལ་ལ་རྒྱུ་ཟངས་ལྕགས་གང་རུང་ལས་གྲུབ་པའི་འབག་སྐུ་བརྐུས་པའི་ཉེས་པ་བཙན་འགེལ་གྱིས། དོན་ངོ་མའི་ཆ་ནས་གོ་དོན་གསལ་བོ་མེད་པའི་ཉེས་མིང་འོག ཉེས་བྱས་ཀྱི་བདེན་དཔང་དང་ར་སྤྲོད་གང་ཡང་མེད་པར་མི་དཀར་བོ་དེ་ལ་ཞྭ་མོ་ནག་པོ་གཡོགས་ཤིང༌། གཤིས་རྒྱུད་དྲང་ལ་དད་སེམས་ཆེ་བའི་ཚེ་ལོ་རྒྱལ་བཙོན་ཁང་དུ་བཅུག་པ་ནི། ཚེ་ལོ་རྒྱལ་ལ་རྒྱུས་ཡོད་ཀྱི་མི་ཚང་མ་ཧ་ལས་ཞིང་དེ་ལ་བདེན་དཔང་མི་སྟེར་བ་མ་ཟད། མང་བོ་ཞིག་གིས་འདི་ལྟ་བུའི་དོན་རྐྱེན་འོག་ཚེ་ལོ་རྒྱལ་བཙོན་ཁང་དུ་བཅུག་པར་ཡིད་ཆེས་བྱེད་དཀའ་པར་བྱུང༌།
མདོ་དོན་ནོར་གླིང་ཡིད་སྤྲོ་བ་ཆེན་པོས་ཚེ་ལོ་རྒྱལ་རྒྱ་གར་གཉེན་རྟོག་པར་ཡོངས་སུ་རྩིས་སྤྲོད་བྱས་པ་ཙམ་མིན་པར། མཐའ་མར་དགྲ་བོ་རྒྱ་དམར་གྱི་གཉེན་རྟོག་པར་རྩིས་སྤྲོད་བྱས་ཤིང༌། ཁོའི་མིག་གཅིག་ལོངས་པ་ཡིན་པ་གང་ཞིག་ལ་བཙོན་དུ་བཅུག་པའི་བརྒྱུད་རིམ་ནང༌། ཉེས་རྡུང་ཚད་མེད་བཏང་ནས་རྐང་ལག་གཉིས་ཀྱང་ཞ་བོར་བཟོས་འདུག་པར་བཤད།
གང་ལྟར་རྗེས་སོར་ནང་མིས་འགན་ལེན་གྱིས་ཕྱིར་རང་ཁྱིམ་དུ་བླངས་ནས། སྨན་བཅོས་གང་ཐུབ་བྱས་ནས་བདག་སྐྱོང་བྱེད་པར་བརྩམ་ཡང༌། སྐབས་དེར་ཚེ་ལོ་རྒྱལ་དབུགས་ཆད་མེད་པ་ཙམ་ལས། དབང་བོ་ཡོངས་རྫོགས་ཉམས་ནས་གསོན་ཉམས་མེད་པའི་མི་ཞིག་ཏུ་གྱུར་ཡོད་འདུག དེ་ལྟར་ཁྱིམ་དུ་སླེབས་ནས་ཉིན་ཤས་ལས་མ་བསྡད་པར་ཁོང་སྐུ་གཤེགས་པ་རེད།
ཁོང་འདི་ལྟར་ཉེས་མེད་ངང་སྲོག་འཕྲོག་པའི་ཉེས་འགན་ཡོངས་རྫོགས་ནོར་གླིང་ཡིག་ཚང་ལ་ཡོད་པ་མ་ཟད། སྔོན་གྱི་མཁས་ཤིང་གྲུབ་པའི་བསྟན་འཛིན་གྱི་སྐྱེས་པུ་དམ་པ་རིམ་པའི་སྤྱན་སྔར་བཀའ་བགོས་དམ་བཞག་གནང་ཞིང༌། ཐུགས་རྒྱུད་བྱམས་དང་སྙིང་རྗེས་ཁེངས་པའི་སྲུང་མ་དམར་ནག་འདི་གཉིས་ཀྱང༌། ད་ལྟ་གསོན་པའམ་ཉེ་རིང་གང་དུ་ཡོད་ཀྱང་བསྐལ་བའི་མེ་དཔུང་ལྟ་བུའི་རྫུ་འཕྲུལ་བསྟན་ནས། བསྒྲལ་བའི་ཞིང་བཅུ་མ་ཚང་ཡང་ཉམ་ཆུང་ལ་ཐུབ་རྩོད་བཏང་ནས༌། འདི་ལྟར་རྒྱུ་འབྲས་ཁྱད་གསོད་བྱེད་མཁན་གྱི་མི་འདི་རིགས་ནི། ད་ལྟ་མྱུར་དུ་སྙིང་རྗེའི་དབང་གིས་འཇིག་རྟེན་འདི་ནས་རིང་དུ་སྐྲོད་དགོས་པ་རེད།
དེ་མིན་སྲུང་མ་དམར་ནག་ཅེས་མིང་ཙམ་ལས་དོན་ལ་བཟའ་བཏུང་ལོངས་སྤྱོད་ཙམ་ལ་གཡེང་སྟེ། ཉེས་མེད་ཉམ་ཆུང་གི་རྒྱུ་མ་ས་ལ་དྲུད་ཀྱང་འཕྲིན་ལས་རྣམ་བཞིའི་སྐྱོར་མ་དུས་གཅིག་ལའང་མི་བྱེད་ན། ཁྱེད་ཅག་གིས་ཁ་ཆེན་པོ་ཧྲིལ་གྱིས་གདངས་ཤིང༌། སྤྱན་གསུམ་ཧྲིག་ཧྲིག་གིས་སྡང་མིག་མཁའ་ལ་གཡོས་ནས་རྫིག་ཉམས་ཇི་འདྲ་བསྟན་ཡང༌། ཉི་མ་དེ་རང་ནས་བཟུང་བོད་མི་ཚོས་ཞིམ་མངར་ཅན་གྱི་མར་རྩམ་འདི་རང་གིས་་བཟའ་བ་ལས། ཁྱེད་ཅག་གི་ཞལ་ལ་ཆུ་ཐིག་པ་གཅིག་ཀྱང་བསྐུ་མི་འདོད་པ་ཡིན།
བོད་གཞུང་ཆོས་དོན་ལས་ཁུངས་འོག་ཏུ་ཡོད་པའི་ནོར་གླིང༌། ནོར་གླིང་འདི་བོད་གཞུང་ཆོད་དོན་ལས་ཁུངས་འོག་གི་ཡན་ལག་ཅིག་ཡིན་ཞེས། ཆོས་དོན་ལས་ཁུངས་དང་ནོར་གླིང་རང་ནས་ཀྱང་བཤད་ཀྱི་ཡོད། འོན་ཀྱང་ཆོས་དོན་ལས་ཁུངས་འོག་གི་ཡན་ལག་སྡེ་ཚན་དཔེར་ན། ཟློས་གར་དང་བོད་ཀྱི་དཔེ་མཛོད་ཁང་ནང་བཞིན་ནོར་གླིང་ལ་ཆོས་དོན་ལས་ཁུངས་ནས། འགན་འཛིན་ནམ་ཡང་ན་དྲུང་ཡིག་ལྟ་བུ་གང་ཡང་གཏོང་གི་མེད་པར། བཙན་བྱོལ་བོད་གཞུང་གི་ཆོས་དོན་བཀའ་བློན་ནས་བཀའ་བློན་ཁྲི་པ་ཡང་གནང་མྱོང་བའི་སྐལ་བཟང་ཡེ་ཤེས་ངེས་སྟོན་པ་དང༌། ཁོང་གི་བཟའ་ཟླ་སྟེ་མི་རིགས་ཧཕ་རིན་སི་ནས་ཡིན་པའི་ལྕམ་པད་མ་སྒྲོལ་དཀར་རམ་ཁེམ་ནི། ནོར་གླིང་གི་འགན་འཛིན་དང་དྲུང་ཡིག་གཅིག་ལྕོགས་ཡིན་པར་སྣང་ངོ༌།། ལྡི་ལི་བོད་ཁང་འདི་རྣམས་ད་ལྟ་གཞུང་གི་ཡིན་ནམ་སྒེར་གྱི་ཡིན། ཞེས་དང༌། ཡང་བོད་གཞུང་གིས་ཀྱང་བོད་དབྱིན་གཉིས་ཀྱི་ལམ་ནས། གློག་འཕྲིན་དྲ་རྒྱའི་ནང་བཙན་བྱོལ་བོད་གཞུང་ངོ་སྤྲོད་བྱས་པར། ནོར་གླིང་དང་ལྡི་ལི་བོད་ཁང༌། ཨ་རིའི་བོད་ཁང་སོགས་བོད་གཞུང་གི་ཁྱབ་ཁོངས་ཡན་ལག་ཡིན་པ་ལྟ་བུ་བྲིས་འདུག་པས། དཔེར་ན། ནོར་གླིང་ལས་ཤོག་ཐོག་ཏུ་བོད་གཞུང་དགའ་ལྡན་ཕོ་བྲང་འཁོད་པའི་གངས་སེང་ཁ་སྤྲོད་རྟགས་ཅན་ཏེ། བོད་གཞུང་གི་རྒྱལ་ཐམ་དང་གཅིག་མཚུངས་སུ་ཡོད་པ་དེས། ནོེར་གླིང་བོད་གཞུང་གི་ཡན་ལག་ཡིན་པའི་ཁུངས་སྐྱེལ་བྱེད་ཀྱི་ཡོད་དམ། དེ་བཞིན་ནོར་གླིང་ལ་ཉ་མོ་ཟུར་འཁྱུག་གི་ལས་རྟགས་སྒོར་སྒོར་ཅན་ཞིག་ཀྱང་ཡོད་པས། དེས་གཞུང་དང་སྒེར་གང་གི་ཡིན་པ་མཚོན་གྱི་ཡོད་དམ། འདི་ལྟར་ནོར་གླིང་འདི་སྒྲིག་གཞི་དང་འཛིན་སྐྱོང་གང་ཐད་ནས་སྒེར་བ་ཁོ་ནའི་ངོ་བོར་བསྡད་ཡོད་པས། བོད་གཞུང་གི་ལས་ཐམ་འདི་ད་དུང་མུ་མཐུད་བེད་སྤྱོད་གཏོང་ཆོག་པ་ཡིན་ནམ།
སྐད་ཆ་དྲང་བོར་བཤད་ན་ཕྱི་གླིང་པ་རེ་ཟུང་ལ་ཚོང་ཁེ་ཁོ་ནའི་བསམ་པ་ལས། ཁྲེལ་དང་ངོ་ཚ། ཡང་ན་བག་ཡོད་ཅིག་བསྟེན་སྲོལ་མི་འདུག་སྟེ། དཔེར་ན། ཉེ་དུས་ནོར་གླིང་གིས་དུས་འཁོར་དབང་ཆེན་གྱི་གྲ་སྒྲིག་བྱེད་དགོས་དོན་ཡང༌། ཚོང་ཁེ་ཁོ་ན་ལ་དམིགས་པ་ཡིན་ཏེ། སྦྱིན་བདག་ཉི་ཧོང་གི་ཚོགས་པ་ཞིག་ནས་འགྲོ་སྒོ་ཡོངས་རྫོགས་གཏོང་གི་ཡོད་ན། ནོར་གླིང་ལ་རེ་སྐུལ་བྱེད་དགོས་དོན་མ་མཆིས་ཤིང༌། གལ་སྲིད་ྋགོང་ས་མཆོག་ལ་དུར་འཁོར་དབང་ཆེན་ཞུ་འབུལ་དགོས་ཚེ། ཚོགས་པ་རང་ངོས་ནས་ཐད་ཀར་འབྲེལ་བ་གནང་འོས་ཤིང༌། ཡང་གལ་སྲིད་ཧི་ཧོང་ཚོགས་པ་དེའི་རེ་འདོད་ལྟར་རོགས་རེམ་བྱེད་མཁན་དགོས་ཚེ། བོད་གཞུང་ཆོས་དོན་ལས་ཁུངས་ཡོད་ཅིང༌། ཆོས་དོན་ལས་ཁུངས་ཀྱི་ལས་འགན་གཙོ་བོ་གཅིག་ྋགོང་ས་མཆོག་གི་གསུང་ཆོས་གོ་སྒྲིག་དང༌། ས་ཁུལ་གང་དུ་ཡང་མཐུན་རྐྱེན་ལ་ལྟོས་ནས་ལས་དོན་ཡོངས་རྫོགས་ཀྱི་འགན་ལེན་བྱེད་ཀྱི་ཡོད་པས། ཆོས་དོན་ལས་ཁུངས་ཡོད་བཞིན་དུ་ནོར་གླིང་བར་འཛུལ་བྱེད་དོན་མེད་ཅིང༌། དེ་ནི་ཁུར་བོ་རྟ་ལ་བཀལ་ནས།། བོང་བུའི་སྒལ་བ་ཚ་དགོས་དོན་མེད་ཀྱང༌། སྟབས་ལེགས་ནས་ཆོས་དང་ཞབས་ཞུའི་མིང་ཐོག་ནས། ཚོང་ཁེ་བསམ་གྱིས་མི་ཁྱབ་པ་རྒྱག་ཐུབ་པས་མ་ཡིན་ནམ།
ད་ལམ་གྱི་དུས་འཁོར་དབང་ཆེན་ནི། སྐབས་སྔ་མ་དག་དང་གཏན་ནས་མི་འདྲ་བར་སྡོད་གུར་གྱི་གླ་ཆ་མཐོ་ཞིང༌། གསུང་ཆོས་ལག་ཁྱེར་དང་ཐོ་འགོད་བྱེད་པར་རིན་དངུལ་སྤྲོད་དགོས་པ་སོགས། གནས་སྟངས་མང་བོ་ཞིག་གི་ཐོག་ནས་འགྲོ་སོང་ཅི་བས་ཆེ་བ་ཡོད་ཚོད་འདུག དད་པ་ལ་སླད་མེད་པའི་མང་ཚོགས་ཀྱིས། དུས་ཚོད་དང་རང་གི་རྒྱུ་དངོས་སོགས་ཆ་རྐྱེན་འདང་མིན་ལ་མ་ལྟོས་པར་དབང་ཞུ་བར་བཅར་སྐབས། ཡ་ང་བའམ། ཡང་ན་རྒྱུ་འབྲས་དང་ཁྲེལ་གཞུང་མེད་པའི་ཚོགས་པ་འདི་ལྟ་བུས། གོ་སྐབས་དེ་བཟུང་ནས་རང་དོན་ཞེ་གཅིག་སྒྲུབ་ཀྱི་ཡོད་པ་རེད།
དེ་ལྟར་མིན་ན་ཁྱེད་ཅག་གིས་ལྟོས་དང༌། དུས་འཁོར་དབང་ཆེན་གནང་སར་ནོར་གླིང་ཆོས་ནོར་ཟ་ཁང་གིས་ཁ་བཀང་ཞིང༌། མ་རྩ་་ཆུང་ལ་ཟ་མའི་སྤུས་ཀ་ཞན་པའི་ཇ་ཐེབ་གཅིག་ལ་ཧིན་སྒོར་ཉིས་བརྒྱ་ཙམ་ལེན་གྱི་ཡོད་པ་མ་ཟད། རྒྱུ་དངོས་དང་དཀའ་ཚགས་ལ་མ་འཛེམས་ཞིང༌། རྩ་ཆེའི་དུས་ཚོད་ཕངས་མེད་དུ་བཏང་ནས་ཡོང་མཁན་ཕྱི་རྒྱལ་ཆོས་ཞུ་པ་ཚོས། དང་ཐོག་ནོར་གླིང་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་པར་འབྲེལ་གཏུགས་ཀྱིས། རིན་གནས་གང་དགོས་སྔོན་རྩིས་བརྒྱབ་སྟེ་སྡོད་གནས་སོགས་གཏན་འབེབས་བྱས་ཡོད་ཀྱང༌། ཁོ་ཚོ་ས་གནས་རང་དུ་དངོས་སུ་སླེབས་སྐབས། བཤད་མཚམས་སྔ་ཕྱིར་ནང་འགལ་བྱས་ནས་ཁེ་སང་ཆུང་ཆུང་ཞིག་གི་ཐོག བརྫུན་གཏམ་རྣ་བར་མི་ཤོངས་པ་བཤད་དེ་མགོ་སྐོར་རིམ་པར་བཏང་བ་དང༌། དེ་ལ་ཐེ་ཝན་གཙོ་བོས་ཐག་རིང་གི་མགྲོན་པོ་མང་བོ་ཞིག་བོད་མི་ཚོར་ཡིད་ཆད་དུ་བཅུག་ཡོད་འདུག
བཙན་བྱོལ་བོད་མིའི་གོང་བུ་རང་བཞིན་གྱིས་ཐོར་རྒྱུ་ཡིན་པར། དཔེ་འགའ་བཀོད་ཡོད་པ་ལས་གཅིག་ནི། ད་ལྟ་རྡ་རམ་ས་ལར་ཡོད་པའི་ཚོགས་པ་ཞིག་གི་མིང་བཏོན་ཏེ། ཚོགས་པ་དེ་ནི་སྔོན་བཙན་བྱོལ་གཞུང་བདག་ཡིན་པ་ལ། ད་ལྟ་ཁྱིམ་ཚང་བཟའ་མི་གཉིས་ཀྱིས་སྒེར་བདག་ཏུ་ཉར་ཡོད་པ་དེས། ཀློག་པ་པོ་ལགས། ཁྱེད་ཀྱིས་ཚོགས་པ་འདི་སུ་ཡིན་ཁད་ཨེ་ཐུབ། གལ་སྲིད་ཁྱེད་ཀྱིས་ཁད་ཐུབ་ན་ང་ཚོར་གསལ་བཤད་ཅིག་གནོངས་དང༌། ཨ་མའི་བུ། མ་འོངས་པར་བོད་བཙན་བྱོལ་སྲིད་གཞུང་གི་ཁེ་ཡོད་ལས་ཁུངས་མ་ལག་དང་བཅས་པ་རྣམས། དཔུང་ཤེད་ཅན་དང༌། ས་འོག་དར་ཐག་འཐེན་མཁན་ཁ་ཤས་ཀྱིས་རང་བདག་བྱས་ཏེ། སྤྱི་ཚོགས་དང་གཞུང་གི་སྒྲིག་འཛུགས་འདི་ཐོར་ནས། བོད་དོན་ས་འོག་ཏུ་ལུས་རྒྱུ་ཡིན་པར་ཚོད་དཔག་བྱས་འདུག
དེ་ཡང་བདེན་བདེན་དུ་སྣང་བ་ཞིག་ནི། བཙན་བྱོལ་བོད་གཞུང་གིས་བཙུགས་པའི་ཆོས་དང་རིག་གཞུང་གི་ཁེ་མེད་སྡེ་ཚོགས་དང༌། གཞུང་འབྲེལ་ཐེབ་རྩ་ཚོགས་པ་སོགས་བཙན་བྱོལ་མི་མང་གི་དཔལ་འབྱོར་འདུ་འགོད་ཀྱི་མིང་ཐོག་བཙུགས་པའི་ཁེ་ཡོད་ཚོགས་པ་འགའ་ཤས། མི་རེ་གཉིས་ཀྱིས་ཤི་འཐམ་རོ་འཐམ་བྱས་ནས་བཟུང་ཡོད་པ་ནི། དཔེར་ན། སྤྱི་ཚོགས་ནང་ཡོངས་གྲགས་ཡིན་པའི་ཨ་རིའི་བོད་ཀྱི་ཐེབ་རྩ་ཁང༌།
སྤྱིར་བོད་མི་རྣམས་ལ་ཕ་མེས་ནས་བརྒྱུད་པའི་བཟང་བོའི་གོམས་གཤིས་དང༌། ཆོས་ལུགས་ཀྱི་སྡོམ་ཁྲིམས་མི་དགེ་བཅུ་སྤོང་གི་བག་ཆགས་ཆེན་པོ་ཡོད་པའི་དབང་གིས། རྒྱ་ནག་བོད་ལ་མ་སླེབས་པའི་སྔ་རོལ་དུ་རི་རྒྱ་ཀླུང་རྒྱ་བསྡམས་པ་དང༌། ས་སྐོ་བ་དང་རྡོ་སློག་མི་བྱེད་པ། རྩི་ཤིང་དང་ནགས་ཚལ་མི་གཅོད་པ། མཚོ་དང་གཙང་བོ་མི་སྦགས་པ། རི་དང་མཚོ་ལ་གཏེར་ཁ་འཇོག་པ། སྒོ་ཕྱུགས་སེམས་ཅན་ཚེ་ཐར་ལ་གཏོང་བ་མ་ཟད། མཚོ་དང་ལྗོན་ཤིང༌། ཐ་ན་རྩི་ཤིང་ཚུན་ཆད་ཀྱི་མགོ་ལ་བལ་བཏགས་ནས། ཚེ་ཐར་རམ་རང་གར་གཅོད་དུ་མི་འཇུག་པ་དེ་ཡིན། དེ་ཡང་དཔེར་ན། བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་བའི་སྒྲ་སྙན་རྡུང་ལེན་ཏེ་རི་དྭགས་སྐྱོ་གླུ་ཞེས་པའི་གླུ་ཚིག་རྣམས་འདིར་དྲངས་ན། སྟོད་རྫ་ལུང་རི་ལུང་ནང་ནས།། ང་རི་སྐྱེས་རི་དྭགས་མ་བུ།། སྐྱིད་ཅི་ཡོད་རྫ་མགོའི་རི་དྭགས།། འདང་ལོས་ཡོད་མ་བུའི་བརྩེ་དུང༌།། རླུང་སེར་བུ་སྔོན་ནས་གཡུག་གི། ཆུ་ཆར་བས་རྗེས་ནས་དེད་རུང༌།། མ་དྲིན་མོ་ཆེ་ཡི་རྩིབས་རེད།། སྐྱིད་མེད་རུང་སྐྱོ་བ་སངས་གི། ཁྱོད་རྔོན་པ་ཞེ་ནག་ཐོན་ནས།། བདུད་སྲིན་པོའི་རང་གཟུགས་བསྟན་ཏེ།། ཐོག་འདྲ་བའི་སྐད་ཅིག་གྲགས་གི། ངའི་མ་ལོའི་སྲོག་ལ་བབས་ཐལ།། ངའི་མིག་ནས་གློག་ཞགས་འཚུབ་ཐལ།། ང་འགྲོ་ས་རྫ་ཁོག་སྐམ་པོ།། ང་མ་མེད་དྭ་ཕྲུག་ཁེར་མོ།། ད་གར་འགྲོ་འདིར་འགྲོ་མེད་གི། དགོང་ཕྱི་དྲོའི་གྲིབ་ཆེན་བཀུག་ཐལ།། ཁྱོད་རྔོན་པའི་བཟའ་ཚང་གང་བོས།། ངའི་མ་ལོའི་ཤ་ཁྲག་ཟ་ཞོར།། ཁྱོད་སྐྱིད་ཀྱི་དགོད་སྒྲ་ལྷང་ལྷང༌།། ང་ལྡོམ་པས་རྫ་སྐེད་ཉུལ་དུས།། ཤྭ་རི་དྭགས་ཕ་འཛོམས་མ་འཛོམས།། དྲིན་མ་ལོའི་བསམ་པ་བཟུང་ཡིན།། ངའི་མིག་ཆུ་ཡུར་ཆུ་བཞུར་བཞུར།། སང་ནངས་མོ་ནམས་མཁའ་ལངས་དུས།། དགུན་ཁ་བ་བུ་ཡུག་འཚུབ་གི། གན་མ་རེ་བུ་རེ་འགྲོ་གི། ང་མ་མེད་དྭ་ཕྲུག་ཁེར་འགྲོ། ཁྱོད་དབང་ཆེན་མགོ་ནག་མི་རེད།། ང་ལས་ངན་དུད་འགྲོ་སྙིང་རྗེ།།
ཞེས་རྩོམ་པ་པོས་རང་ཉིད་ཤྭ་བ་མ་བུ་གཉིས་ཡོད་པའི་ཕྲུ་གུའི་ཚབ་བྱས་ཏེ། སྡིག་ཅན་རྔོན་པ་ལ་མི་འདོད་པའི་འཁང་ར་བྱེད་བཞིན། འགྲོ་བ་མི་ཡོངས་ལ་ཉེས་མེད་སེམས་ཅན་གྱི་རིགས་སྲུང་སྐྱོབས་དང༌། ཚེ་སྲོག་འགན་ལེན་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་འདི་ལྟ་བུས་ཅི་ཞིག་མཚོན་པ་རེད། ཅེ་ན། བོད་མིས་ཁོར་ཡུག་སྲུང་སྐྱོབས་ལ་འཛིན་པའི་འདུ་ཤེས་དང༌། ཁྱད་པར་དུ་འགྲོ་བ་མི་མ་ཡིན་པའི་སྲོག་ཆགས་གཞན་ལའང་བདེ་སྡུག་གི་ལྟ་སྟངས་གཅིག་གྱུར་དུ་ངོས་འཛིན་ཡོད་པ་དེ་གསལ་བྱེད་བྱས་པ་རེད།
རང་ཉིད་དབུགས་ཀྱི་རྒྱུ་བ་མ་ཆད་བར། ཆེ་ས་ནས་རྒྱ་ནག་གིས་བོད་ལ་སྤྲད་པའི་གྱོང་གུན་དང༌། ཆུང་ས་ནས་རང་རེའི་སྤྱི་ཚོགས་ནང་མི་རེ་ཟུང་ཞིག་ངན་པ་ལང་ཤོར་དུ་སོང་ནས། ཁྲིམས་མེད་ལུགས་མེད་ཀྱི་བྱེད་བབ་སྣ་ཚོགས་སྤེལ་བཞིན་པ་འདི་རིགས་མ་གླེང་ན། ཤི་ཁ་ཡང་སེམས་བདེ་མོ་ཞིག་ཡོང་བཟོ་མི་འདུག་པས། གོང་དུ་བཤད་པ་ལྟར་ཕྱི་ནང་གི་གནས་ཚུལ་འདི་རིགས་སྦ་གསང་མེད་པར་སྙན་གསང་ཞུས་པ་ལགས་ཤིང༌། གནས་ཚུལ་འདིས་རྐྱེན་པས་རང་གི་ཁེ་གྱོང་ཅི་ཞིག་བོར་ཀྱང་འགྱོད་སེམས་གཏན་ནས་བྱ་རྒྱུ་མིན།
དེས་ན་མ་བོས་མགྲོན་པོའི་ནང་བྲིས་པའི་ཚིག་ཕྲེང་ཁ་ཤས་གཤམ་ལ་འགོད་རྒྱུ་ཡིན་པས།
འདྲེ་ཡར་ལངས་ཀྱིས་ལྟ་བ་སློབ་སྦྱོང་བྱེད་རོགས།
ཁྱེད་རང་མ་རྒས་པར་ཁ་རྒས་འདུག་པ་སྟེ།་་་་་་་ཁྱེད་ཀྱིས་སྐལ་བཟང་ཡེ་ཤེས་ལ་དྲན་དྲན་བྱེད་དགོས་པའི་བསླབ་བྱ་རྒྱབ་འདུག་་་་རྒྱ་གར་ནང་མི་སུ་ཞིག་ལ་སྐལ་བཟང་ཡེ་ཤེས་ཀྱིས་ལས་ཀ་མ་སྤྲད་པར་ལྟོགས་ཤི་ཐེབས་པ་རེད།་་་་ལར་ནས་མི་ཞིག་ལ་ལས་ཀ་ལས་པ་དེས་རང་ལ་ཕན་པ་མ་ཟད།་་་་་་་ཕ་རོལ་བོར་དེ་བས་ཀྱང་ཕན་ཐོགས་ངེས་ཅན་ཞིག་འབྱུང་གི་ཡོད་པ་ནི་རྟེན་འབྲེལ་གྱི་ཆོས་ཉིད་རེད།་་་་་་་་ལས་བྱེད་ཀྱིས་རང་གི་གླ་ཆ་ལས་དོན་བྱས་པ་ལས་བརྟེན་ནས་རེ་གི་ཡོད་པ་མ་གཏོགས་སྦྱིན་བདག་གིས་སྐྱོབས་གསོ་སྤྲད་པ་མ་ཡིན་སྟབས།་་་་་་ཁྱེད་ཀྱིས་སེམས་བདེ་བོའོ་ངང་རང་གི་གླ་ཆ་ཚ་བོ་དང་ཞིམ་པོ་ཞིག་བྱས་ནས་ཟ་རོགས།་་་་ནུབ་ཕྱོགས་སུ་སྦྱིབ་བདག་ལ་ལས་ཡེ་ཤི་མ་ཤི་ཀའི་སྐྱེ་སྐར་དང་སྟབས་བསྟུན་ནས་ལས་མིར་རྒྱུ་དངོས་ཅི་རིགས་ཀྱིས་ལག་རྟགས་གནང་སྲོལ་ཡོད་པ་རེད།་་་་་རྒྱུ་མཚན་ནི་ཁོ་ཚོས་རང་གི་རྒྱུ་དངོས་ལོངས་སྤྱོད་འདི་ལས་བྱེད་ཚོའི་སེམས་བཟང་ངལ་རྩོལ་ལ་བརྟེན་ནས་བྱུང་བ་ཡིན་པས།་་་་་་གཙོ་བོ་དཀོན་མཆོག་དང་འདྲ་བར་ཁོ་ཚོར་ཆེ་མཐོངས་དང་གུས་བཀུར་བྱ་འོས་པ་ཞིག་ཏུ་མཐོང་གི་ཡོད་པས་རེད།
གང་ལྟར་ཁྱེད་ལྟ་བུར་གནས་ལུགས་རྒྱུ་མཚན་དུ་འགྲོ་ས་མེད་པར་འདུག་པས་དུས་ཚོད་མང་བོར་གསལ་བཤད་འབྲི་རྒྱུ་འདི་སྙིང་བོ་མེད་པར་མཐོང་།
དེས་ན་རྗེས་སོར་ངས་གང་བཤད་ཀྱི་དོན་ལ་ལན་འདེབས་བྱེད་པ་ལས།་་་སྔར་ལྟར་སྙིང་རོ་མ་ཞིག་དང་འདྲ་བར།་་་་་་རང་་སེམས་བཀོལ་ར་མི་ཐུབ་པར་ང་རྒྱལ་གྱིས་གཞན་ལ་ངན་སྨོད་དང་ཚིག་མཚོན་ཞེ་མེར་བ་བཏབ་ནས་དུས་ཚོད་གཏོང་གི་ཡིན་ན།་་་་་་་བདེན་དོན་དེ་སེམས་ནང་ཉར་ནས་ཁྱེད་ཀྱི་ཀུ་ཅོ་དེར་རྣ་བ་གཏོད་ཀྱི་མིན།
དེས་ན་འདི་ལྟར་ཀྱང་སྨྲ་བར་འདོད།
སྦྲང་མའི་གཤོག་སྒྲ་ལྡིར་བའི་རྔམས་ཟིལ་གྱིས།།་་་(འདྲེ་མར་ཉལ་གྱི་བྱེད་བབ་)
ཁྱུང་ཆེན་བྱ་ཡི་མཛད་པར་མི་གནོད་ཀྱང་།།་་་་་་་་(ཧོར་ལེགས)
ཤེས་བྱ་ཐམས་ཅད་ལེབ་མོར་མཐོང་བའི་མིར།།་་་་་(འདྲེ་ཡར་ལངས)
རླུང་འདི་རེག་བྱ་ཡིན་པ་ཇི་ལྟར་འགྲེལ།།་་་་་་་་་་་་་་(རིགས་ཀྱི་བུ་བདག་གིས)
ར་མ་རི་ལ་འདེད་པའི་མྱི་ཚེ་འདིས།། (ལྟ་བ་)
ལ་ལུང་གང་ན་ལྟ་བ་ཉི་ཚེ་ཞིག།
ཤ་བའི་ཆགས་སྲེད་སྤྱོད་པ་ཚུལ་ངན་པས། (སྤྱོད་པ)
ས་ཆ་དེ་རུ་ཨ་མ་མ་མགྲོན་ཤིག།
ཁྱེད་རང་མ་རྒས་པར་ཁ་རྒས་འདུག་པ་སྟེ།་་་་་་་ཁྱེད་ཀྱིས་སྐལ་བཟང་ཡེ་ཤེས་ལ་དྲན་དྲན་བྱེད་དགོས་པའི་བསླབ་བྱ་རྒྱབ་འདུག་་་་རྒྱ་གར་ནང་མི་སུ་ཞིག་ལ་སྐལ་བཟང་ཡེ་ཤེས་ཀྱིས་ལས་ཀ་མ་སྤྲད་པར་ལྟོགས་ཤི་ཐེབས་པ་རེད།་་་་ལར་ནས་མི་ཞིག་ལ་ལས་ཀ་ལས་པ་དེས་རང་ལ་ཕན་པ་མ་ཟད།་་་་་་་ཕ་རོལ་བོར་དེ་བས་ཀྱང་ཕན་ཐོགས་ངེས་ཅན་ཞིག་འབྱུང་གི་ཡོད་པ་ནི་རྟེན་འབྲེལ་གྱི་ཆོས་ཉིད་རེད།་་་་་་་་ལས་བྱེད་ཀྱིས་རང་གི་གླ་ཆ་ལས་དོན་བྱས་པ་ལས་བརྟེན་ནས་རེ་གི་ཡོད་པ་མ་གཏོགས་སྦྱིན་བདག་གིས་སྐྱོབས་གསོ་སྤྲད་པ་མ་ཡིན་སྟབས།་་་་་་ཁྱེད་ཀྱིས་སེམས་བདེ་བོའོ་ངང་རང་གི་གླ་ཆ་ཚ་བོ་དང་ཞིམ་པོ་ཞིག་བྱས་ནས་ཟ་རོགས།་་་་ནུབ་ཕྱོགས་སུ་སྦྱིབ་བདག་ལ་ལས་ཡེ་ཤི་མ་ཤི་ཀའི་སྐྱེ་སྐར་དང་སྟབས་བསྟུན་ནས་ལས་མིར་རྒྱུ་དངོས་ཅི་རིགས་ཀྱིས་ལག་རྟགས་གནང་སྲོལ་ཡོད་པ་རེད།་་་་་རྒྱུ་མཚན་ནི་ཁོ་ཚོས་རང་གི་རྒྱུ་དངོས་ལོངས་སྤྱོད་འདི་ལས་བྱེད་ཚོའི་སེམས་བཟང་ངལ་རྩོལ་ལ་བརྟེན་ནས་བྱུང་བ་ཡིན་པས།་་་་་་གཙོ་བོ་དཀོན་མཆོག་དང་འདྲ་བར་ཁོ་ཚོར་ཆེ་མཐོངས་དང་གུས་བཀུར་བྱ་འོས་པ་ཞིག་ཏུ་མཐོང་གི་ཡོད་པས་རེད།
གང་ལྟར་ཁྱེད་ལྟ་བུར་གནས་ལུགས་རྒྱུ་མཚན་དུ་འགྲོ་ས་མེད་པར་འདུག་པས་དུས་ཚོད་མང་བོར་གསལ་བཤད་འབྲི་རྒྱུ་འདི་སྙིང་བོ་མེད་པར་མཐོང་།
དེས་ན་རྗེས་སོར་ངས་གང་བཤད་ཀྱི་དོན་ལ་ལན་འདེབས་བྱེད་པ་ལས།་་་སྔར་ལྟར་སྙིང་རོ་མ་ཞིག་དང་འདྲ་བར།་་་་་་རང་་སེམས་བཀོལ་ར་མི་ཐུབ་པར་ང་རྒྱལ་གྱིས་གཞན་ལ་ངན་སྨོད་དང་ཚིག་མཚོན་ཞེ་མེར་བ་བཏབ་ནས་དུས་ཚོད་གཏོང་གི་ཡིན་ན།་་་་་་་བདེན་དོན་དེ་སེམས་ནང་ཉར་ནས་ཁྱེད་ཀྱི་ཀུ་ཅོ་དེར་རྣ་བ་གཏོད་ཀྱི་མིན།
དེས་ན་འདི་ལྟར་ཀྱང་སྨྲ་བར་འདོད།
སྦྲང་མའི་གཤོག་སྒྲ་ལྡིར་བའི་རྔམས་ཟིལ་གྱིས།།་་་(འདྲེ་མར་ཉལ་གྱི་བྱེད་བབ་)
ཁྱུང་ཆེན་བྱ་ཡི་མཛད་པར་མི་གནོད་ཀྱང་།།་་་་་་་་(ཧོར་ལེགས)
ཤེས་བྱ་ཐམས་ཅད་ལེབ་མོར་མཐོང་བའི་མིར།།་་་་་(འདྲེ་ཡར་ལངས)
རླུང་འདི་རེག་བྱ་ཡིན་པ་ཇི་ལྟར་འགྲེལ།།་་་་་་་་་་་་་་(རིགས་ཀྱི་བུ་བདག་གིས)
ར་མ་རི་ལ་འདེད་པའི་མྱི་ཚེ་འདིས།། (ལྟ་བ་)
ལ་ལུང་གང་ན་ལྟ་བ་ཉི་ཚེ་ཞིག།
ཤ་བའི་ཆགས་སྲེད་སྤྱོད་པ་ཚུལ་ངན་པས། (སྤྱོད་པ)
ས་ཆ་དེ་རུ་ཨ་མ་མ་མགྲོན་ཤིག།
ལྟོས་དང་།་་་་ཧོར་ལེགས་ནོར་གླིང་ལ་ཡོངས་ནས་ལོ་གཅིག་ལྷག་ལས་མ་འགོར་བར་ནོར་གླིང་རིག་གཞུང་ཞིབ་འཇུག་ཁང་ལ།་་་་་སྐལ་བཟང་ཡེ་ཤེས་ཀྱིས་ཐད་ཀར་བླངས་འདུག་པས། གལ་སྲིད་ཁྱེད་བཤད་པ་ལྟར་ཡིན་ན་ལེགས་བཤད་ཀྱིས་ནོར་གླིང་དུ་ལོ་གཅིག་ལ་སྦྱངས་པའི་ཤེས་ཡོན་གྱིས་ཞིབ་འཇུག་ཁང་དུ་ལས་ཀ་བྱེད་ཐུབ་བམ།་་་་་ཤེས་ཡོན་མེད་བཞིན་དུ་སྐལ་ཤེས་ཀྱིས་ཉམས་ཞིབ་ཁང་དུ་འཇོག་དགོས་པའི་རྒྱུ་མཚན་ཞིག་ཁྱེད་ལ་བཤད་རྒྱུ་ཡོད་དམ།་་་་་་སྐལ་བཟང་ཡེ་ཤེས་ཀྱིས་ལེགས་བཤད་ལ་ཁྱེད་ལྟ་བུ་སློབ་སྦྱོང་ཡོད་མཁན་ཞིག་སློབ་གྲའི་ནང་སློབ་མ་དཀྱུས་མ་ཚོ་དང་འདྲ་བར་བསྡད་ན།་་་་་་་དུས་ཚོད་འཕྲོ་རླག་རེད།་་་་་་དེ་ལས་ང་ཚོར་ལས་མི་དགོས་པ་འདུག་པས་ཉམས་ཞིབ་ནང་ལས་ཀ་བྱེད་ཆོག་གི་རེད་ཅེས་ལབ་འདུག
གནས་ལུགས་དང་རིགས་པ་ཡང་དག་གི་ལམ་ནས་བཤད་ན།
དེ་མིན་ཁྱེད་ཀྱིས་གཞན་ལ་ཞེ་ཐག་པ་ངན་སྨོད་དང་སྨོན་ལོག་འདེབས་པའི་བྱེད་ཐབས་དེ་ཚོ་མི་ཚང་མ་ཡ་ང་བ་ཞིག་རེད།
དེར་བརྟེན་ཧོར་ལེགས་ཀྱིས་ཅི།་་་་་ངས་ནས་ཀྱང་ཁྱེད་ལ་འགྲེལ་བཤད་ཅིག་གམ་ཡ་ལན་སྤྲོད་རྒྱུར་སེམས་རྟིང་ནས་འདོད་བབ་མ་བྱུང་ཡང་།་་་་་་ངའི་མིང་ཐོག་ཁྱེད་ཀྱིས་ཧོར་ལེགས་ལ་སྡིགས་ར་སྐུལ་བ་དེ་འོས་པོ་ཞིག་མཐོང་མ་སོང་།
འོན་ཀྱང་ཁྱེད་ཀྱི་སྐོར་ལ་ལྟ་སྐབས་འདྲེ་ཡར་ལངས་སྨོན་ལམ་ལོག་པར་ཐེབས་ནས་འཇིག་རྟེན་འདིར་སྐལ་ཤེས་བཟའ་མི་གཉིས་ཀྱི་རྐང་འོག་ཏུ་སྐྱེ་བ་བླངས་ཏེ།་་་་་་ཁ་ལ་ལྡག་བྱེད་ཀྱི་ལྕེ་མེད་ཀྱང་རྐུབ་ཀྱི་སྐྱུགས་དྲི་སྣུམ་དགོས་པ་ནི་མཐོང་ཆོས་མངོན་འགྱུར་ཀྱི་ལས་རེད།་་་་་དེ་མིན་ཀྱེད་ཀྱི་རྐང་རྗེས་ལག་རྗེས་ཤིག་ཐ་ན་ར་མའི་ར་ཚང་ནང་ནའང་མི་འདུག་པས།་་་་་ཁྱེད་རང་གསོན་པ་ནི་ཅི་འདྲིའི་ཉམ་ཡ་བ་ལ།
ད་དུང་ཁོང་གིས་མ་བོས་མགྲོན་པོ་དང་མདུང་རྩེ་ནས་བླངས་པའི་ཤར་ཕྱོགས་རྒྱལ་བོའི་སྲས་མོ་སོགས་ཀྱི་དེབ་རིན་ལ་བལྟས་ན།་་་་ཁྱེད་སྐྱར་དུ་སྐྱེ་བ་བརྒྱར་བླངས་ཀྱང་ཁོང་གི་རྩོམ་ཡིག་ལྟ་བུ་ཤོག་ལྷེ་གཅིག་ཀྱང་འབྲི་མི་ཐུབ་ཁོ་ཐག་རེད།
ལར་ནས་ཁྱེད་ཀྱིས་ནོར་གླིང་སྐལ་བཟང་ཡེ་ཤེས་ལ་ཇི་ལྟར་བདག་ཚུལ་མ་བཤད་པར་ཧོར་ལེགས་ཀྱི་ངན་མཚང་མང་བོ་ཞིག་དྲིས་ནས་ཡ་ལན་བྱེད་པ་དེ།་་་་་་ཚིག་རྫོབ་དང་སུམརྟགས་ཀྱི་འཇམ་ཤ་མེད་ཅིང་རང་ཚུགས་ཀྱི་ས་མཚམས་མེད་པ།་་་་་ཅི་བཤད་དོན་ལ་མི་གཞོལ་བར་སྨྱོན་པའི་ལབ་རྡོལ་ལྟ་བུ་བྱས་ནས།་་་་རང་ཉིད་ཆོས་དང་འཇིག་རྟེན་གང་གི་ཆ་ནས་སྤྱི་ཚོགས་ནང་མི་ཐ་ཤལ་བ་ཞིག་ཡིན་པ་གསལ་བོར་བསྟན་འདུག
ངས་གོང་ནས་བཤད་པ་ལྟར་ཧོར་ལེགས་སྐོར་ལ་རྒྱུྶས་ལོན་བྱས་དང་མཉམ་ཁྱེད་འདྲེ་ཡར་ལངས་སྐོར་ལའང་ལྟ་རྒྱུ་བྱུང་།
ཧོར་ལེགས་ཁྱིས་ད་བར་བྱས་པའི་ལས་དོན་དང་ཁོང་གི་རང་གཤིས་ལ་བལྟས་ན་ཁོས།་་་་་་སྐལ་བཟང་ཡེ་ཤེས་བཟའ་འཚོ་གཉིས་ཀྱིས་ནོར་གླིང་འཇམ་ཐེངས་ངེར་གཞུང་ལག་ནས།་་་་་རྐུ་མ་རྒྱབ་པ་སྟེ་སེམས་ནང་ཉར་འདོད་མེད་པ་གསལ་བོ་རེད།
ཏྲེ་ཧོར་བྱམས་པ་རྒྱ་མཚོ་དང་སྐུ་གཤེགས་ཚུལ་ཁྲིམས་གསུམ་གྱིས་བཙན་བྱོལ་སྤྱི་ཚོགས་ནང་སྐབས་དེར་གོ་མྱོང་ཡང་མཐོང་མ་མྱོང་བའི་བོད་རྒྱ་ཞི་མོལ་གྲ་སྒྲིག་གི་བགྲོ་གླེང་དང་།་་་་་བོད་རྒྱུ་ཞི་མོལ་གྱི་བཅར་འདྲིའི་དཔེ་ཆ་ངལ་བ་དང་ལེན་གྱིས་བསྒྲུབས་འདུག་ཁར།་་་་་་་ཁོ་ཚོས་གཞོན་ནུ་དང་མཉམ་འབྲེལ་༼གཞོན་ནུའི་ཚོགས་གཞོ
ན་ཀརྨ་ཡེ་ཤེས་༽དཔེ་དེབ་བརྒྱ་པྲག་མང་བོ་ས་གནས་གང་སར་རིན་མེད་ངང་འགྲེམས་སྤེལ་བྱས་ཏེ།་་་་་་རྒྱ་ཆེའི་མི་མང་ལ་རྩ་དོན་གོ་དོན་ལེགས་རྟོགས་དང་ལར་ཞེན་གོང་འཕེལ་གྱི་བྱེད་ཐབས་བཟང་བོ་སྤེལ་འདུག་པས།་་་་་་འདྲེ་ཡར་ལངས་ཀྱིས་སྐྱེ་བ་ཤི་མིར་ཀྱང་མི་ནུས་པའི་ལས་དོན་རླབས་ཆེན་བྱས་འདུག་་་་་་ཅེས་བརྗོད་ན།་་་་་་མི་ཚང་མས་ཁས་ལེན་བྱེད་ཐུབ་པ་ཞིག་རེད།
ཁོ་ཚོས་ལས་དོན་མ་བསྒྲུབས་པར་ཞལ་འདེབས་སློང་བ་ཞིག་རྩ་ནས་བྱུང་མི་འདུག་ཀྱང་།་་་་་་ལར་ཞེན་ཅན་ཚོས་དགོས་མཁོར་དམིགས་པའི་ཞལ་འདེབས་ཉུང་ངུ་ཙམ་སྤྲད་ཡོད་པའི་དབང་དུ་བཏང་ཡང་།་་་་་་་ང་ཚོས་གླ་བ་བཞག་ནས་གླ་རྩི་ཉར་དགོས་པ་ལས།་་་་་ཁྱོད་ལྟར།་་་་རང་གི་ལག་ཕོར་གཅོག་པར་སྐྲགས་ནས་མགོ་མེད་ལ་རྣ་ལུང་འདོགས་པར་རྩོམ་པ་ནི།་་་་་་་ཧོར་ལེགས་ཀྱིས་རིང་ནས་སྤངས་པའི་ངན་ཤོར་གཞན་བརྟེན་གྱི་བློ་དེ་རེད།
ཨ་རོ་འདྲེ་ཡར་ལངས།
ཁྱེད་རང་ལ་འདི་འདྲའི་སྐད་ཅོར་རྒྱག་པའི་སྤོབས་པ་ཞིག་ག་ནས་སྐྱེས།
མ་གཞི་ནས་བླུན་པོར་གླེན་རྟགས་ཆེ་བས་རང་ལ་ཡོན་ཏན་མེད་ནའང་ངན་མཚང་སྟོན་རྒྱུར་སྐྲགས་སྣང་མེད།
ངས་སྐད་ཆ་བཤད་ཟིན་པ་ལྟར་
ཧ་ཧ། རིགས་ཀྱི་བུའམ་ཧོར་ལེགས་གཡག་མགོ། ཁྱོད་ཀྱིས་ངའི་མཆན་དེ་མཐོང་ན་དེ་ཀ་རང་གིས་འགྲིག་སོང་། ད་རང་ཉིད་ཀྱིས་རང་ཉིད་ལ་རྒྱུས་ལོན་མང་ཙམ་བྱོས། དེ་ཡག་པོ་རེད། དེ་ནས་མི་བྱས་རྗེས་ཅན་ཚོར་ཕྲག་དོག་བྱེད་རྒྱུའི་མཚམས་ཞོགས། ཁྱོད་ཚེ་རིང་ལོ་བརྒྱ། གཅེས་ཕྲུག ཁྱོད་ཀྱིས་མེཀ་ལོར་གྱི་གཡག་ཟ་ཁང་བཟུང་དུས་ཟ་མ་ལ་བྲོ་བ་ཞེ་དྲག་མི་འདུག་ཀྱང་། ཁྱིམ་ནས་གཡོས་རྒྱུ་ཞིམ་པོ་བླུགས་མཁན་ཡིན་པས་རང་གིས་གཡོས་རྒྱུ་འདྲ་བླུགས་ཏེ་ཟོས་ལ་སེམས་སྐྱིད་པོ་བྱོས། ཁྱོད་ཚེ་རིང་ལོ་བརྒྱ།
ཁྱེད་ཨེ་གོ་ཐལ།་་་་་་ཨ་མའི་བུ་ལོ་ལོ།
འདྲེ་ཡར་ལངས་ལགས།
ང་ཁོམ་ལོངས་མ་བྱུང་བས་རེ་ཞིག་ལན་མེ་དུ་འཇོག་གི་ཡིན།་་་་་་ད་དུང་ངོས་ནས་ཧོར་གཙང་ལེགས་བཤད་ཀྱི་སྐོར་ལ་རྒྱུས་ལོན་མང་ཙམ་བྱས་ཏེ།་་་་་་ཁྱེད་ལ་ལན་རྒྱག་གི་ཡིན།
ང་རྒྱལ་མ་སྐྱེས།་་་ལྷོད་ལྷོད་བྱོས།་་་་་་ང་རྒྱལ་བྱས་ན་ཡོན་ཏན་མི་འགོ་ཡ་གཅེས་ཕྲུག
མི་རྗེ་སྐུ་ངོ་སྐལ་བཟང་ཡེ་ཤེས་ལགས་ནི་ཞལ་མཇལ་ན་དད་པ་སྐྱེ་ལེ་དང་གསུང་ཐོས་ན་སྣང་བ་སྤྲོ་ལེ་ཞིག་འདུག་གོ། རླབས་ཆེན་གྱི་སྐྱེས་བུ་དམ་རང་རེད།
མཛད་རྣམ་དབྱིན་སྐད་དུ་བསྒྱུར་མཁན་དཀོན་ཅིང་། རྒྱ་ཡིག་ཏུ་བསྒྱུར་མཁན་ཡག་པོ་ཡོད་ན། སྔོན་ལ་རྒྱ་ཡིག་ཏུ་བསྒྱུར་ནས་དཔར་བསྐྲུན་བྱས་ཚེ། ད་ནི་རང་བཞིན་གྱིས་དབྱིན་སྐད་དུ་བསྒྱུར་མཁན་ཐོན་ཡོང་བར་སྙམ། གང་ཡིན་ཟེར་ན།
དེང་སྐབས་འཛམ་གླིང་ཐོག་ལ་དབྱིན་རྒྱ་གཉིས་ཀར་མཁས་པ་ག་ཚོད་དགོས་དགོས་ཡོད་དོ།
བཀའ་དྲིན་བླ་ན་མེད་པའི་མི་རྗེ་༸སྐུ་ངོ་དམ་པ་སྐལ་བཟང་ཡེ་ཤེས་མཆོག་ལ་སྙིང་ཐག་པ་ནས་གུས་བཏུད་ཞུ།
བེ་རི་འཇིགས་མེད་ལགས་ཀྱིས་ལོ་ཤས་སྔོན་ནས་ཚིག་བཅད་གཅིག་ལས་མ་བྲིས་ཀྱང་དེའི་མཇུག་བྱང་དུ་མཛད་རྣམ་རྩོམ་སྒྲིག་པ་ཞེས་ས་བསྒྲགས་གནམ་བསྒྲགས་བྱས་ཀྱང་དོན་ངོ་མ་འདི་ལོའི་མཛད་རྣམ་གྱི་རྩོམ་སྒྲིག་པའི་ཁོངས་སུ་ཟུར་ཙམ་ཡང་འཁོད་མེད་པ་སྙིང་རྗེ། དངོས་གནས་ནོར་གླིང་འགན་འཛིན་འདི་ཚོ་དྲང་པོ་དྲང་ཤག་རེད་འདུག་བསམ།
སུན་པ་ལ། དོན་མེད་ཚིག་རྩོད། གྲོང་ཚིག་དམར་རྗེན། ཞེ་སྣང་མེད་ཀྱང་ཚེར་སྣང་། ཕྱུགཔོའི་རྒྱུ་ལ་མེད་པོས་སེར་སྣ། སྐལ་བཟང་གི་ནོར་གླིང་ལ་སེམས་ཚུབ་ཆེ་ལ། སྐལ་བཟང་ཡེ་ཤེས་ལགས་ནི། མཁས་པ་དམ་པ་འཇོན་པ་སུམ་འཛོམས་ཤིག་ཡིན་པས། ཁྱེད་ཀྱིས་བློ་བདེ་བོ་བྱོས། ཁོས་སྤྲོད་དགོས་ས་མི་དགོས་ས་མཁྱེན་ནོ་ལགསཉ
རིགས་ཀྱི་བུ་(ཧོར་གཙང་ལེགས་བཤད་)ཁྱི་རྒན། ཁྱོད་ལ་ངོ་ཚ་རྒྱུ་ཟེར་བ་དེ་ཨ་བྲའི་རིལ་མ་ཙམ་ཞིག་མི་འདུག དང་པོ་ཁྱོད་ཉིང་མཚམས་སྦྱར་མ་ཐུབ་པའི་བར་དོའི་རྣམ་ཤེས་བཞིན་ལྟོགས་སྐོམ་གྱིས་འཁྱམས་བཞིན་ཡོད་དུས་སྐུ་ངོ་དྲིན་ཅན་དེས་ནོར་གླིང་མཐོ་སློབ་ལ་བླངས་ནས་སློབ་སྦྱོངས་དང་བཟའ་བཏུང་སྤྲད་ཏེ་མ་ཡིས་བུ་བཞིན་དུ་བསྐྱངས། དེ་རྗེས་ཡང་ཁྱོད་ལ་ཉམས་ཞིབ་པ་ཞིག་གི་ཡོན་ཏན་དང་སློབ་སྦྱོང་མེད་ཀྱང་སྐུ་ངོ་དམ་པའི་སྙིང་རྗེའི་ངོགས་ནས་ཉམས་ཞིབ་སྡེ་ཚན་དུ་བླངས་པ་དང་། ཁྱོད་ཀྱིས་ཉམས་ཞིབ་སྡེ་ཚན་ལ་ཕན་ཐོག་པའི་ཡིག་ཛར་ལྡེབ་མ་གཅིག་འབྲི་ཐུབ་མྱོང་མེད་ཀྱང་། ཉམས་ཞིབ་སྡེ་ཚན་གྱི་ལས་བྱེད་བྱིངས་དང་མཚུངས་པའི་ཟླ་ཕོག་གནང་བ་སོགས་ཁྱོད་ཀྱིས་མི་ཚེ་དགུ་ལ་ཁོང་ལ་དྲིན་ལན་འཁོར་ཐབས་མེད་ཀྱང་། ཅ་ལན་གཅིན་གྱིས་འཇལ་བའི་དཔེ་ལྟར་ཁྱོད་ཀྱི་མ་བོས་མགྲོན་པོ་ཟེར་བའི་དེབ་ངན་འདྲེ་འདྲ་མ་དེའི་ནང་སྐུ་ངོ་དམ་པ་བཟའ་འཚོ་གཉིས་ལ་གཞི་མེད་སྐུར་འདེབས་ག་ཚོད་བྱས་ཡོད། སྐུ་ངོ་དམ་པ་བཟའ་འཚོ་གཉིས་རྒྱལ་དབང་ཡིད་བཞིན་ནོར་བུའི་ཐུགས་ལ་ཡོད་ན་ཁྱོད་ལྟ་བུ་གསུར་དྲི་སྣོམ་པའི་དྲི་ཟ་ཞིག་དང་འདྲ་བ་ཚོས་ག་རེ་ལབ་མ་ལབ་ལ་ཁྱད་པར་ཡོད་མ་རེད། ད་དུང་གཞུང་རྒྱུ་ཟོས་མ་ཟོས་ཀྱི་ཐོག་ནས་སྐུ་ངོ་དམ་པ་བཟའ་འཚོ་གཉིས་ཀྱིས་རང་གི་ཉིན་རེའི་བཞེས་ལག་ནོར་གླིང་ཟ་ཁང་ནས་མངགས་པ་ལ་ཡང་རང་གི་དངུལ་ཁུག་ནང་ནས་དངུལ་སྤྲོད་ཀྱི་ཡོད་པ་རེད། བོད་གཞུང་འབྲེལ་རྩིས་ཞིབ་པས་ལོ་རེ་རེ་བཞིན་ཉི་མ་བཅུ་ཁ་རེ་ལ་རྐང་བཙུགས་ཏེ་ནོར་གླིང་དུ་ཡོང་ནས་དངུལ་བརྩིས་ཞིབ་ཕྲ་བྱེད་ཀྱི་ཡོད་པས་བོད་གཞུང་གི་ཡིད་བརྟན་ཕེར་ས་ནས་སངས་རྒྱས་གྱི་ཞལ་ལ་ཁྱིའི་གདོང་པ་ལས་མི་མཐོང་མཁན་ཁྱོད་ཡིད་ཆེས་མ་ཆེས་མེད།
གཞུང་རྒྱུ་སྒེར་བདག་བྱས་པ་ཟེར་བ་འདི་ཡང་ལས་རྒྱུ་འབྲས་མེད་པ་དང་མངོན་སུམ་ལ་རྒོལ་བའི་སྨྱོན་པའི་ཀུ་ཅོ་ཞིག་རེད། སྐུ་ངོ་དམ་པས་༧གོང་ས་མཆོག་གིས་གནས་སྐབས་ནོར་གླིང་གི་འཛིན་སྐྱོང་འགན་འཛིན་ཁྱོད་གཟའ་འཚོ་གཉིས་ཀྱིས་བྱེད་དགོས་གསུངས་པའི་བཀའ་མ་ཁྱོགས་ནས་ངས་རེ་ཞིག་འཛིན་སྐྱོང་གི་འགན་འཛིན་བྱས་པ་ཡིན། ཉི་མ་ཞིག་ལ་སུ་ཞིག་ནོར་གླིང་གི་འགན་འཛིན་དུ་སླེབས་ན་རྩིས་སྤྲོད་ཆོག་ཆོག་བྱས་ནས་བཞག་ཡོད་གསུངས་ཏེ། ༧གོང་ས་མཆོག་གི་ཕྱག་ཡིག་ངོ་མ་ཕྱག་ཐམས་དང་བཅས་ཁོང་བཟའ་འཚོ་གཉིས་ལ་རེ་རེ་གནང་ཡོད་པ་ནོར་གླིང་གི་མི་སུམ་བརྒྱ་འདུས་པའི་དཀྱིལ་ནས་ང་ཚོ་ལ་མངོན་སུམ་དུ་ཐེངས་གཉིས་གསུམ་ཞིག་ལ་བསྟན་སོང་ང་། གཅིག་བྱས་ན་སྐབས་དེ་ཚོར་ཁྱོད་ཁ་རྒྱབ་ལ་འཁོར་ནས་བསྡད་ཡོད་པའམ། ཡང་ན་ཧ་ཡང་རྫ་མ་ཞིག་མགོ་ལ་གོན་ནས་ཡོང་ཡོད་ན་མི་ཤེས།
ནུས་ཚོད་ལྕོགས་ཚོད་ཀྱིས་ཟ་མཁན་ངོ་མ་སུ་ཡིན་ཤེས་དགོས་ན་ཁྱོད་ཀྱིས་སྔོན་མ་བོད་རྒྱ་ཞི་མོལ་རྩོམ་སྒྲིག་ཚོགས་ཆུང་ཡིན་ན་ཅིག་འཛུགས་ཀྱི་ཡིན་ཟེར་ནས་ག་ས་གང་དུ་སློང་མོ་རྐང་བ་ན་ན་བར་དུ་བརྒྱབ། དེ་རྗེས་གཞན་རྩོམ་འགའ་ཞིག་ཕྱོགས་བསྒྲིགས་བྱས་པའི་དེབ་ཆུང་གཉིས་བཏོན་དེ་དངུལ་ལྷག་ཡོང་རྫོགས་ཁྱོད་དང་སྐྱེ་དམན་གཉིས་ཀྱི་ཁང་གླ་དང་ཟས་རིན་དུ་སྤྱད་པ་དྲན་གྱི་འདུག་གམ། ཁྱོད་ཀྱིས་སྐུ་སྒེར་ཡིག་ཚང་དང་། དགོན་པ་དང་ཚོགས་སྡེ་དུ་མ། མི་སྒེར་པ་སོགས་ཀྱི་ལག་ནས་ཞལ་འདེབས་ཇི་ཙམ་རག་པའི་དངུལ་འཛིན་གང་དུ་ཡོད། རྩིས་ཞིབ་པ་སུས་རྩིས་ཞིབ་བྱས་པ་རེད། དག་ཕེར་གྱི་ཡི་གེ་གང་དུ་ཡོད། དངུལ་ལྷག་ཚོ་གང་དུ་ཉར་ཡོད། དངུལ་འཛིན་ག་པ། དེ་རིང་ཁྱོད་ལ་འདི་ཙམ་ལས་མི་ཟེར། ད་དུང་ཁ་བཟུང་མི་ཐུབ་ན་ཁྱོད་ཀྱི་སྐྱུགས་བྲོ་བའི་ལོ་རྒྱུས་ངས་གང་ཤེས་ཚོ་རེ་རེ་ནས་བཀོད་ཆོག ཇ་ལན་གཅིན་གྱིས་འཇལ་བའི་ཁྱི་རྒན་ཁྱོད། ཁྱོད་ལ་བསམ་སྤྱོད་འདི་ཙམ་ལས་མེད་ན་སྐུ་ངོ་དམ་པ་བཟའ་འཚོ་གཉིས་ཀྱི་དྲིན་ལས་ཁྱོད་ཀྱིས་ནོར་གླིང་ནས་ལོ་གང་མང་ཞིག་ལ་ལྟོ་དོད་ག་ཚོད་རག་པ་དེ་ཚོ་ཁྲག་ཏུ་གྱུར་ནས་མར་སྐྱུགས་ཡོང་ན་ཐང་ཡ།
རིགས་ཀྱི་བུ་(ཧོར་གཙང་ལེགས་བཤད་)ཁྱི་རྒན། ཁྱོད་ལ་ངོ་ཚ་རྒྱུ་ཟེར་བ་དེ་ཨ་བྲའི་རིལ་མ་ཙམ་ཞིག་མི་འདུག དང་པོ་ཁྱོད་ཉིང་མཚམས་སྦྱར་མ་ཐུབ་པའི་བར་དོའི་རྣམ་ཤེས་བཞིན་ལྟོགས་སྐོམ་གྱིས་འཁྱམས་བཞིན་ཡོད་དུས་སྐུ་ངོ་དྲིན་ཅན་དེས་ནོར་གླིང་མཐོ་སློབ་ལ་བླངས་ནས་སློབ་སྦྱོངས་དང་བཟའ་བཏུང་སྤྲད་ཏེ་མ་ཡིས་བུ་བཞིན་དུ་བསྐྱངས། ་་་་་་་་་་་་་་་་་་་འོ་ད་ང་འགྲོ་རན་སོང་། འདིའི་འཕྲོ་མ་མགྱོགས་པར་འབྲི་ཡོང་བས་སྒུག་སྡོད་ལོ།
འདྲེ་ཡར་ལངས་ལགས།་་
ཁྱེད་རང་མར་ཉལ་ན་མ་གཏོགས་ཡར་ལངས་ནས་ཅི་ཡང་མཐོང་གི་མི་འདུག
༸གོང་ས་མཆོག་གི་ཐུགས་དཀྱིལ་ན་ཁྱེད་དང་ང་གཉིས་ཀྱང་ཡོད་པས།
སྐལ་བཟང་ཡེ་ཤེས་གང་ཉིད་ཀྱི་ཐུགས་དཀྱིལ་ན་ཡོད་པས།་་་་་སྐལ་བཟང་ཡེ་ཤེས་བཟའ་མི་གཉིས་ཀྱིས།་་་་་བོད་གཞུང་དང་༸གོང་ས་མཆོག་ལ་མི་རྒྱུ་ཚོད་རྩིས་ཀྱིས་་ནོར་གླིང་སྒེར་གཉེར་བྱས་ཡོད་པར།་་་་་་་་་་གནད་དོན་ཅི་ཞིག་གི་ཐོག་ནས་གཞུང་རྒྱུ་སྒེར་བདག་བྱས་པ་མ་ཡིན་པའི་བདེན་དཔང་བྱེད་ཐུབ།
འདི་ལྟར་རང་རེའི་བོད་ཀྱི་སྤྱི་ཚོགས་ནང་ངན་པ་ལངས་ཤོར་དུ་གཏོང་བའི་གཤིས་ཀ་ཞིག་ཡོད།
དེ་ལས་ང་ཚོས་རྒྱུ་བདག་ལ་བརྩི་བཀུར་བྱས་ཏེ།་་་་་་་རྐུ་མ་དཀར་འདོན་བྱེད་རྒྱུའི་ལས་མཚམས་འཇོག་དགོས་པ་རེད།
ད་ངས་འདིའི་མཚམས་རྗེས་ནས་འབྲི་རྒྱུ་ཡིན།
དམིགས་བསལ་བཤད་རྒྱུ་ཞིག་ལ་སྤྱི་ཚོགས་ལ་འགན་མི་ཁུར་བ་དང་ཕྱོགས་རིས་ངན་ཞེན་གྱི་བསམ་བློ་འདི་མྱུར་དུ་འདོར་རོགས་ཞུ།
དེ་མིན་ཆོལ་ཁ་དང་ཆོས་ལུགས་ཀྱི་སྐད་ཆ་དེ་ཕག་པའི་ཆམས་ནད་ལས་ཀྱང་མཐུ་བ་རེད།་་་སྐུ་མཁྱེན།
གསང་རྟོལ་ལགས།
ཁྱེད་མི་དྲང་མོ་ཞིག་རེད།་་་་་རྒྱུ་མཚན་ནི་གླེན་རྟགས་ཅུང་ཙམ་འདུག
སྐལ་བཟང་ཡེ་ཤེས་ནོར་གླིང་སྒེར་བདག་བྱས་པ་དེ་མངོན་གསལ་དོད་པོ་རེད་ལ།
སྒྲོལ་མ་སྐྱབས་ལ་ནོར་གླིང་མི་དབང་བ་དེ་དེ་བས་ཀྱང་རྒྱུ་མཚན་གསལ་བོར་མཐོང་རྒྱུ་ཡོད་པ་ཞིག་རེད།
༡་དགྲ་འདུལ
༢རྒྱལ་མཚན།
༣་སྒྲོལ་མ་སྐྱབས།
བཅས་ནོར་གླིང་སྡེ་ཚན་ལས་དོན་འགན་འཛིན་མང་བོ་སླེབས་ཡོད་པ་རྣམས།ལྕམ་ཡེ་ཤེས་ལ་ལག་པའི་སྐམ་པ་མང་བོ་བྱུང་ཡོད་པ་ལས།་་་་་་་ཁོ་ཚོ་སུལའང་ནོར་གླིང་དབང་ཆ་རེག་རྒྱུ་ཕར་ཞོག་་་་་་་མཐར་ངན་
གསང་རྟོལ་ལགས།
ཁྱེད་མི་དྲང་མོ་ཞིག་རེད།་་་་་རྒྱུ་མཚན་ནི་གླེན་རྟགས་ཅུང་ཙམ་འདུག
སྐལ་བཟང་ཡེ་ཤེས་ནོར་གླིང་སྒེར་བདག་བྱས་པ་དེ་མངོན་གསལ་དོད་པོ་རེད་ལ།
སྒྲོལ་མ་སྐྱབས་ལ་ནོར་གླིང་མི་དབང་བ་དེ་དེ་བས་ཀྱང་རྒྱུ་མཚན་གསལ་བོར་མཐོང་རྒྱུ་ཡོད་པ་ཞིག་རེད།
༡་དགྲ་འདུལ
༢རྒྱལ་མཚན།
༣་སྒྲོལ་མ་སྐྱབས།
བཅས་ནོར་གླིང་སྡེ་ཚན་ལས་དོན་འགན་འཛིན་མང་བོ་སླེབས་ཡོད་པ་རྣམས།ལྕམ་ཡེ་ཤེས་ལ་ལག་པའི་སྐམ་པ་མང་བོ་བྱུང་ཡོད་པ་ལས།་་་་་་་ཁོ་ཚོ་སུལའང་ནོར་གླིང་དབང་ཆ་རེག་རྒྱུ་ཕར་ཞོག་་་་་་་མཐར་ངན་
གསང་རྟོལ་ལགས།
ཁྱེད་མི་དྲང་མོ་ཞིག་རེད།་་་་་རྒྱུ་མཚན་ནི་གླེན་རྟགས་ཅུང་ཙམ་འདུག
སྐལ་བཟང་ཡེ་ཤེས་ནོར་གླིང་སྒེར་བདག་བྱས་པ་དེ་མངོན་གསལ་དོད་པོ་རེད་ལ།
སྒྲོལ་མ་སྐྱབས་ལ་ནོར་གླིང་མི་དབང་བ་དེ་དེ་བས་ཀྱང་རྒྱུ་མཚན་གསལ་བོར་མཐོང་རྒྱུ་ཡོད་པ་ཞིག་རེད།
༡་དགྲ་འདུལ
༢རྒྱལ་མཚན།
༣་སྒྲོལ་མ་སྐྱབས།
བཅས་ནོར་གླིང་སྡེ་ཚན་ལས་དོན་འགན་འཛིན་མང་བོ་སླེབས་ཡོད་པ་རྣམས།ལྕམ་ཡེ་ཤེས་ལ་ལག་པའི་སྐམ་པ་མང་བོ་བྱུང་ཡོད་པ་ལས།་་་་་་་ཁོ་ཚོ་སུལའང་ནོར་གླིང་དབང་ཆ་རེག་རྒྱུ་ཕར་ཞོག་་་་་་་མཐར་ངན་
དགོངས་དག་ཧིན་སྒོར་འབུམ་བཅུ་ཡན་གྱི་མོ་ཊ་ནོར་བཅོས་ཡོང་བར་མཁྱེན།
ཁོ་རེ་གསང་གཏོར་ རིན་གོང་ཧིན་སྒོར་བཅུ་ཅན་གྱི་མོ་ཌ་གང་དུ་འདུག་ང་ལ་གཅིག་ཉོ་རོགས་གནང་དང་སྐུ་མཁྱེན་ལོ། ངས་སྒོར་བཅུ་འཐོལ་བ་སྤྲོད་ངེས་ཡིན།
ལོ་རྒྱ་ཐུབ་པའི་སྨན་ཞིག་ཟས། འཆི་ཁ་ལ་ཁ་དུག་ཅིག་མཐུང༌།
སྐལ་བཟང་ཡེ་ཤེས་ལགས་དོན་དངོས་བྱས་རྗེས་ཅན་གྱི་མི་ཞིག་རེད་མོད། མདོར་བསྡུས་ཏེ་བཤད་ན་ཁོས་ལོ་རྒྱ་ཐུབ་པའི་སྨན་ཞིག་ཟས། འཆི་ཁ་ལ་ཁ་དུག་ཅིག་མཐུང་སོང་བ། གང་ཡིན་ཟེར་ནོར་བུ་གླིང་ཁ་དེ་བཙན་བྱོལ་བདོ་གཞུང་ཆོས་དོན་ལས་ཁུངས་ཀྱི་འོག་གི་ལས་གཞི་ཞིག་ཡིན་མ་ཟད། གོང་ས་མཆོག་ཀྱང་སློབ་སྟོན་པའི་མཚན་གནས་ཡོད་པ་ཞིག་རེད།། གཞུང་གི་ལས་རྟགས་སོགས་བེད་སྤྱོད་བྱེད་ཀྱི་ཡོད། ཡིན་ནའང་མི་ལོ་མང་པོ་མགོ་བདེ་དྲན་འཕྲུལ་ཅན་གྱི་སྒྲོལ་མ་སྐྱབས་ཀྱིས་སྐལ་བཟང་ཡེ་ཤེས་ཀྱི་བཟའ་ཟླར་དང་མཉམ་དུ་ཐེངས་མང་ཉལ་བའི་རྐྱེན་དང༌། དུས་ཡུན་དེའི་རིང་ཞབས་ཕྱི་ཧོར་ཐག་ཞུས་པའི་བཀའ་དྲིན་ལས་བརྟེན་ནས་ད་ཆར་སྒྲོལ་མ་སྐྱབས་ཀྱིས་གང་བྱས་ཆགས་ཡོད། སྐལ་བཟང་ཡེ་ཤེས་ནག་ཁུང་ལ་གཡོགས་ཡོད་པ་རེད། སྙིང་རྗེས་སྐལ་བཟང་ཡེ་ཤེས་ཁག་ག་ལ་ཡོད། ཁོའི་སྐྱེ་དམན་དང་བུ་མོ་གཉིས་ཀ་སྒྲོལ་མ་སྐྱབས་ཀྱི་གང་བྱས་ཆགས་ཚར་དུས། ནོར་གླིང་དེ་སྒྲོལ་མ་སྐྱབས་ལ་མ་བསྤྲད་རང་བསྤྲད་ཆགས་པ་རེད། སྒྲོལ་མ་སྐྱབས་ཀྱི་དབང་ཆ་ཟིན་ནས་བཟུང་ནས་དབུས་གཙང་དང་ཁམས་པའི་ཤེས་འཇོན་གཉིས་ཀྱི་མི་ཚང་མ་ཕྱིར་ཕུར་བྱེད་མགོ་ཚུགས་ཡོད་ཅིང༌། ད་ཆར་ཁོ་པའི་ལག་འོག་ཚང་མ་ཨ་མདོ་བ་ཞེ་གཅིག་རེད། ལྷག་པར་དུ་ཁོ་པའི་གྲོགས་པོ་དང་ཕ་ཡུལ་གཅིག་པ་དེ་ཚོ་གང་ཡང་ཤེས་ཀྱི་མེད་ནའང་མིང་ཆེན་པོ་རེ་དང་གླ་ཆེན་པོ་རེ་སྤྲད་ཏེ་བཞག་ཡོད་པ་རེད། སྒྲོལ་མ་སྐྱབས་ཁོ་རང་ལ་རྡ་སར་མེ་ལོག་ལ་ས་ཁང་གཉིས་ཙམ་ཉོས་ཟིན་པ་མ་ཟད། བོད་ནང་ཡང་བཟོ་གྲྭ་ཞིག་བརྒྱབ་ཡོད་སྐད་འདུག་ ནོར་གླིང་དང་ཆོས་ནོར་མོ་ཌ་ཡང་ཟླ་རེར་ཐེངས་རེ་བརྗེ་པོ་རྒྱག་གི་ཡོད་པ་དང༌། མོ་ཌ་དེ་ཡང་ཧིན་གོང་ཧིན་སྒོར་བཅུ་ཡན་ཤ་སྟགས་ཡིན་པ་རེད། ནོར་གླིང་འགན་འཛིན་གཞོན་པ་ཟེར་བདེ་ཆེན་རྣམ་རྒྱལ་ལ་མེ་ལོག་ལ་མགྲོན་ཁང་ཞིག་ཉོས་ཟིན་ཞིང༌། ཆོས་ནོར་མགྲོན་པོ་ཚང་མ་དང་པོ་ཁོ་པའི་མགྲོན་ཁང་ནང་འཁྲིད་འགྲོ་ཀྱི་ཡོད་པ་རེད། དོན་དངོས་ཐོག་སྐལ་བཟང་ཡེ་ཤེས་ལ་གནད་ཡོད་མི་སྣ་མང་པོས་གནད་དོན་དེའི་སྐོར་བསམ་ཚུལ་དང་སྙན་ཞུ་ཐེངས་མང་ཕུལ་ཡོད་པས། སྐལ་བཟང་ཡེ་ཤེས་ལ་ཐབས་ལམ་གང་ཡང་མེད་པ་མཐོང་དུས་ཡར་མེད་བཏང་ཡོད་པ་རེད། ལོ་ཤས་སྔོན་ནས་བཟུང་ནོར་བུ་གླིང་ཁའི་ལས་བྱེད་བཅོས་མ་ཚོར་གླ་ཆ་སྤྲོད་ཐུབ་ཀྱི་མེད་པས་དགོངས་ཞུ་དང་གླ་མེད་ཀྱི་གུང་སེང་འགྲོ་རོགས་ཞེས་འབོད་བསྐུལ་དང་བཙན་བཤད་སོགས་བཟུང་འབྲེལ་བྱས་ཡོད་པ་རེད། མ་འོངས་གཉིས་གསུམ་ནང་ནོར་བུ་གླིང་སྒོ་རྒྱག་ངེས་ཡིན་པ་ཐེ་ཚོམ་གང་ཡང་མི་དགོས། ལས་བསྡོམས་ནང་ནོར་གླིང་ལ་ལོ་རེར་ཧིན་སྒོར་ས་ཡ་མང་ཡོང་སྒོ་ཡོད་པ་གསལ་འདུག་མོད། ལས་བྱེད་ཚོར་གླ་ཆ་སྤྲོད་ཐུག་ཀྱེ་མེད་པའི་སྡུག་སྐད་རྒྱབ་དགོས་ག་རི་ཡིན་ནམ། ཨ་མདོ་ཕྱོགས་རེས་ཅན་མང་པོ་ཞིག་གིས་སྒྲོལ་མ་སྐྱབ་འཇོན་ཐང་ཆེ་རབ་བཤད་འདུག་པས། དོན་དངོས་ཐོག་ནོར་གླིང་འདི་སྐལ་བཟང་ཡེ་ཤེས་ཀྱིས་ད་བར་འཛིན་སྐྱོང་སྤེལ་གསུམ་བྱས་པ་ལས། སྒྲོལ་མ་སྐྱབས་ཀྱི་འཇོན་བཞག་གང་ཡང་མེད་པ་ཚང་མས་མཁྱེན་གསལ་རེད། གལ་སྲིད་སྒྲོལ་མ་སྐྱབས་ཟེར་བ་འདི་མི་བཟང་པོ་དང་འཇོན་ཐང་ཅན་ཞིག་ཡིན་ན། ནོར་གླིང་ལ་ཁོ་ལ་ཐེངས་མང་སྲོག་ཉན་འཕྲད་དོན་ཅི་ཡིན། གོ་ཐོས་ལ་ད་ཆར་ནོར་གླིང་གི་ཡོང་སྒོ་གང་ཡང་མེད་པ་མ་ཟད། ལས་བྱེད་ཚོར་གླ་ཆ་སྤྲད་མི་ཐུབ་པའི་གནས་སྟངས་ཤར་སྐད་འདུག ཡིན་ནའང་ཆོས་ནོར་མགྲོན་ཁང་ལ་ཡོང་སྒོང་ཅུང་ཆེ་བས་ནོར་གླིང་ལས་མི་ཚོར་གླ་ཆ་ཚང་དེ་ནས་སྤྲོད་ཀྱི་ཡོད་པ་རེད་འདུག གལ་སྲིད་སྐལ་བཟང་ཡེ་ཤེས་ཁྱེད་མིའི་མཚན་ཉིད་ཚང་ཡོད་ན་ནོར་གླིང་དེ་སྒྲོལ་མ་སྐྱབས་ལྟ་བུ་མི་ངན་ཁོ་པ་ལག་ཏུ་དུས་ནམ་འཇོག་རྒྱུ་མེད་པ་ངས་རེ་བཀུལ་ཞུ་བཞིན་ཡོད་ལ། དེ་ནང་བཞིན་འབྲེལ་ཡོད་ཐུགས་སྣང་དང་འགན་ཁུར་ཡོད་པའི་གནད་ཡོད་དང་ནོར་གླིང་གི་ལས་བྱེད་ཚོར་ཚང་མས་དྲང་ལྡན་གྱི་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད།
སྲིད་ན་འགྲན་ཟླ་བྲལ་བའི་སྐུ་ངོ་དམ་པ་ཁོང་གི་རླབས་ཆེ་བའི་ཐུགས་རེ་ལེགས་འགྲུབ་བྱུང་བར་དགའ་བསུ་དང་འབྲེལ་སྐུ་ཉིད་ཀྱི་ཞབས་པད་ཡིན་དུ་བརྟན་པའི་སྨོན་འདུན་ཞུ།
སྤྱི་རྫས་དྲོན་མོས་བཤལ་བའི་འཕོངས་དམར་མ།།
ས་ནག་རྒྱུ་མ་བསྔོགས་པའི་ལག་རིང་མ།།
ཁྲོམ་ཚོགས་ཟློས་གར་མཁས་པའི་སྒྱུ་འཕྲུལ་མ།།
རྔ་མ་མཐོང་རྒྱུ་མེད་པ་ཇི་ལྟར་བྱས།།
བོད་ཀྱི་དུས་བབ་གསར་འགོད་པ་དོན་འགྲུབ་བཀྲིས་ལགས། སྐུ་ཉིད་ནོར་གླིང་དུ་ཆེད་ཕེབས་ཀྱིས་ནོར་གླིང་ངེས་སྟོན་པོ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་ལ་མཛད་རྣམ་རྩོམ་སྒྲིག་ཞུ་སྒོའི་སྐོར་བཀའ་འདྲི་ཞུས་པའི་དྲི་བ་མཐའ་མའི་དྲིས་ལན་ནང་༼ལོ་༥༠ ཕྱིར་མིག་ཅིག་བལྟས་པ་ཡིན་ན། དགོན་སྡེ་ཁག་དང་སློབ་གྲྭ་ཁག་གི་ཕྱི་ཚུལ་གྱི་རྣམ་པ་གྲ་རྒྱས་པོ་དང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང༌། ནང་གི་ཤེས་ཡོན་ཡར་རྒྱས་ཕྱིན་མེད་པ་ཡོངས་གྲགས་ཡིན།༽ ཞེས་འཁོད་འདུག་ན། སྐུ་ཉིད་ནས་མཁྱེན་གསལ་ལྟར་བཅར་འདྲི་གནང་སྐབས་ཕྲན་དང་མཛད་རྣམ་རྩོམ་སྒྲིག་པ་བསྟན་འཛིན་འཇམ་དབྱངས་གཉིས་མཉམ་དུ་ཡོད་པའི་བཅར་འདྲིའི་བཀའ་ལན་དེ་འདྲ་ཞིག་རྩ་བ་ནས་གནང་མེད་ན། སྐུ་ཉིད་ནས་སྒྲ་འཇུག་གནང་བའི་བཅར་འདྲིར་བསྐྱར་ཞིབ་ཀྱིས་གསལ་བཤད་ཡོང་བ་ཞུ།
སྐུ་ངོ་སྐལ་བཟང་ཡེ་ཤེས་ནི་༧གོང་ས་མཆོག་གི་ཐུགས་ཀྱི་དཀྱིལ་ན་ཡོད་པ་དང་། བོད་ཀྱི་རིག་གཞུང་གི་ཐོག་ལ་ཕྱག་རྗེས་རླབས་ཆེན་བཞག་ཡོད་པའི་སྐུ་ངོ་བཀའ་དྲིན་ཅན་ཞིག་ཡིན། ད་དུང་གསར་འབྱོར་གང་མང་ཞིག་གི་འཚོ་བའི་ཡོང་ཁུངས་ཡང་ཡིན། དེར་བརྟེན་སྐུ་ངོ་དམ་པ་ཁོང་གི་ཐུགས་བཞེད་གང་མང་ལེགས་གྲུབ་བྱུང་དང་འབྱུང་བཞིན་ཡོད་པར་ཐུགས་རྗེ་ཆེ་ཞུ། སྐུ་ཚེ་ཡུན་དུ་བརྟན་པར་སྨོན།
དེ་ནས་མཛད་རྣམ་ཀྱི་སྐོར་ལ་རེད། སྤྱིར་བོད་པས་ལོ་རྒྱུས་འབྲི་དུས་སྐྱོན་ཆེན་པོ་གཅིག་ཡོང་གི་འདུག དེ་ནི་སྡུག་ཕྱོགས་ཀྱི་ལོ་རྒྱུས་མང་པོ་ཞིག་ནག་གསུབ་གཏོང་བ་རེད། གལ་ཏེ་མི་ཞིག་གིས་ལོ་རྒྱུས་ངོ་མ་གླེང་ན་དཀྲུགས་ཤིང་སློང་གི་འདུག་ཟེར་ནས་ཁ་རྡུང་གཏོང་གི་རེད། དེར་བརྟེན་བོད་ཀྱི་ལོ་རྒྱུས་སྤྱི་བྱེ་བྲག་མང་པོ་ཞིག་དངོས་བྱུང་གི་ཐོག་ནས་གླེང་ཐུབ་མེད། མདང་དགོང་ངས་སྐུ་མདུན་ཟེར་བའི་གློག་བརྙན་དེ་ལ་བལྟས་པ་ཡིན། གློག་བརྙན་རྙིང་པ་རེད་འདུག་རུང་ངས་ཁར་སང་མ་གཏོགས་མ་མཐོང་། གློག་བརྙན་འཁྲབ་མཁན་གྱི་ནང་དུ་ཡབ་གཞིས་སང་གི་མི་ཡང་འགའ་རེ་འདུག གློག་བརྙན་དེར་རྒྱལ་ཡབ་ཆེན་པོ་སྟག་བྲག་ཤོག་ཁག་གིས་བཀྲོངས་ཚུལ་ཆེས་གསལ་པོར་འཁྲབ་འདུག ར་སྒྲེང་རིན་པོ་ཆེ་ཡང་དེ་བཞིན་རེད། འོ་ན་མཛད་རྣམ་གྱི་ནང་དུ་དེ་ཚོ་གསལ་བོར་བྲིས་ཨེ་ཡོད། ད་དུང་༧གོང་ས་མཆོག་སྐུ་ན་གཞོན་དུས་ལེགས་བཅོས་ལས་ཁུངས་སོགས་ལ་བརྟེན་ནས་སྐུ་དྲག་འགའ་ཞིག་གིས་མེད་པར་གཏོང་བའི་གྲབ་ཤོམས་བྱས་མྱོང་ཚུལ་ཡང་ལོ་ལོན་ཚོའི་ཁ་ནས་གོ་མྱོང་། དེས་ན་མཛད་རྣམ་གྱི་ནང་དུ་དེ་ཚོ་ཡང་གསལ་བོར་བྲིས་ཡོད་དམ།
བཀའ་བློན་ཁྲི་ཟུར་ཁྱེད་ཀྱི་དབུ་ཁྲིད་དེ་གོང་ས་མཆོག་གི་མཛད་རྣམ་སྙིང་རྗེ་རོལ་མཚོ་འདི་བཞིན་ལེགས་སྒྲུབས་ཟིན་པ་དགའ་བསུ་ཞུ།
སྤྱི་རྒྱུ་སྒེར་བདག་བྱེད་པའི་དཔའ་བོ་མིན་།།
ཁྲིམས་ལ་རྩིས་སྐུལ་མེད་པའི་འབྱོར་ལྡན་མིན་།།
ཁ་མཁས་ཁོག་ངན་ཅན་གྱི་མི་རིགས་མིན་།།
དྲང་བདེན་ལམ་དུ་ཞུགས་པའི་སྐུ་ངོས་ཞིག་།།
བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་གི་གཙོའི་༧གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་པ་རྣམས་པས་ ༼ མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་ ༽ ལེགས་གྲུབ་ཡོངས་བ་དགའ་བསུ་ཞུ་