མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ཁ་བྲལ་གྱི་བྱ་སྤྱོད་རེད་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གི་མགྲིན་ཚབ་པས་༧གོང་ས་མཆོག་གི་མོན་རྟ་དབང་ཁུལ་གྱི་མཛད་འཕྲིན་དེ་ཁ་བྲལ་གྱི་བྱ་སྤྱོད་རེད་ཅེས་སྐྱོན་བརྗོད་བྱས་འདུག

༧གོང་ས་མཆོག་གིས་ཐེངས་འདིའི་ཉི་ཧོང་གི་མཛད་འཕྲིན་ལེགས་པར་གྲུབ་རྗེས་ཟླ་འདིའི་ཚེས་ ༨ ཉིན་ཨ་རི་ན་ཅལ་མངའ་སྡེའི་མོན་རྟ་དབང་ངམ་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་དུ་མཛད་འཕྲིན་བསྐྱང་འཆར་ཡོད་པ་རེད། རྒྱ་གར་གྱི་སྲིད་བློན་རིམ་པས་ཁོང་ཉིད་ལ་ཆེ་མཐོང་གནང་སྟེ། ༧གོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་གང་དུ་ཆིབས་བསྒྱུར་ཞབས་སོར་འཁོད་ཀྱང་ཁོང་ཉིད་ཐུགས་འདོད་བཞིན་ཕེབས་ཆོག་པའི་ཆོག་མཆན་གནང་ཡོད། དེ་ལྟ་ནའང་།  ཕྱི་ཚེས་ ༣ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མཱ་ཀྲོ་ཞི་ཡིས་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་སྐྱོན་བརྗོད་བྱས་ཡོད་འདུག ཁོས་བརྗོད་དོན། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་ཐེངས་འདིར་རྩོད་གཞི་ཅན་གྱི་ས་ཁུལ་དེར་ཕེབས་པ་དེ་ཁ་བྲལ་གྱི་བྱ་སྤྱོད་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལུགས་བརྗོད་ཡོད་པ་མ་ཟད། དེ་ནི་ཏཱ་ལའི་རུ་ཚོགས་ཀྱིས་རྒྱ་ནག་ལ་རྒོལ་བའི་ཁ་བྲལ་རིང་ལུགས་ཀྱི་གདོང་གཤིས་ཀྱི་ངོ་བོ་དམར་རྗེན་དུ་ཐོན་པ་ཞིག་དང་། རྒྱ་ནག་དང་རྒྱལ་ཁབ་གཞན་གྱི་འབྲེལ་ལམ་ལ་གཏོར་བཤིག་བྱས་པ་ཡིན་ན་ཡང།  རྒྱ་ནག་ཕྱོགས་ནས་རྒྱ་དཀར་ནག་གཉིས་ཀྱི་རྩོད་གཞིར་གྱུར་བའི་ས་མཚམས་ཀྱི་ལྟ་སྟངས་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ལ། རྒྱ་ནག་ཕྱོགས་ནས་ཐེངས་འདིར་ཏཱ་ལའི་བླ་མ་མོན་རྟ་དབང་དུ་ཆིབས་བསྒྱུར་གནང་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་ཡོད་པ་རེད།

གནད་དོན་འདིའི་ཐད་གནས་ཚུལ་དབྱེ་ཞིབ་པས་བརྗོད་དོན། རྒྱ་ནག་གཞུང་མ་གཞི་ནས་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་མཁན་དང་། བོད་མི་རིགས་ནི་དུས་ནམ་ཡང་ཞི་བདེར་སྙེགས་མཁན་ཞིག་ཡིན། བཟང་བོ་དེ་དུས་ནམ་ཡང་གདུག་རྩུབ་དང་དྲག་སྤྱོད་ལས་རྒྱལ་བ་ཆོས་ཉིད་དུ་གྲུབ་ཡོད་ཚུལ་བརྗོད་ཡོད་པ་དང་། གལ་སྲིད། ཏཱ་ལའི་བླ་མ་ཁ་བྲལ་རིང་ལུགས་པ་ཞིག་ཏུ་ངོས་འཛིན་བྱས་ཏེ་ཆིབས་བསྒྱུར་ལ་བཀག་འགོག་བྱས་པ་ཡིན་ན་འཛམ་གླིང་ནང་ཡང་བསྐྱར་གྷན་ངྷི་གཅིག་དམར་བསོད་བྱས་པ་དང་གཅིག་མཚུངས་ཆགས་ཡོད་ཅེས་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 5

  1. བཀྲ་ཤིས་ཟླ་བ། says:
    ལོ་ 17 སྔོན།

    ཁ་བྲལ་བཏང་མཁན་རྒྱ་ནག་སྲིད་གཞུང་ཁོ་རང་རེད། བོད་མི་ས་ཡ་དྲུག་པོ་ཕ་མ་བུ་ཕྲུག་དང་བཅས་པ་བསད་པ་དང་བཏུབས་པ་། འཛམ་གླིང་གང་སར་འཐོར་བ་སོགས་རྒྱ་ནག་གིས་བྱས་སོང་།

    Reply
  2. གཡང་མདའ། says:
    ལོ་ 17 སྔོན།

    ག་དུས་ཡིན་ན་རྒྱ་རྒན་དེ་ཚོའི་སྡུག་སྐད་བརྒྱབ་བརྒྱབ་པ་རེད། དྲང་བདེན་མེད་པའི་སྐད་ཆ་དེ་དག་ལ་ནམ་ཡང་རྒྱབ་སྐྱོར་ཐོབ་མི་སྲིད། ས་ཆ་དེ་རྒྱ་ནག་ལ་ཐོབ་པ་ལས་རྒྱ་གར་ལ་་ཐོབ་ན་མི་བཟང་ངམ།

    Reply
  3. རུ་དམ་ལུང་གི་བུ། says:
    ལོ་ 17 སྔོན།

    ས་ཆ་འདི་ད་ལྟ་རྒྱ་གར་ལ་ཐོབ་ན་བཟང་དང་རྒྱ་ནག་ལ་ཐོབ་ན་བཟང་། ང་ཚོས་བསམ་བློ་བཏང་དགོས་པ་ཞིག་རེད། གལ་སྲིད་རྒྱ་གར་ལ་ཐོབ་ན། མ་འོངས་པར་ང་ཚོ་ལ་རང་བཙན་བྱུང་སྐབས་ཡང་སྐྱར་རྒྱ་གར་དང་རྩོད་དགོས་པ་ཞིག་མ་རེད་དམ། ད་རེས་གོང་ས་མཆོག་ཆིབས་བསྒྱུར་ལ་རྒྱ་གར་གྱིས་རྒྱབ་བསྐྱོར་བྱས་པ་ལ་དགའ་བ་ཆེར་མ་བྱུང་།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་རྒྱ་ནག་གིས་དམག་སྟོན་རྫིག་ཉམས་ག་འདྲ་བསྟན་ཡང་། དཔལ་འབྱོར་དང་ཚན་རྩལ་དམག་དོན་གང་ཅི་ཐད་ནས་རྒྱ་གར་རྒྱ་ནག་ལ་སྐྲག་དགོས་དོན་རྩ་བ་ནས་མེད་པར་སྣང་མོད་གང་ཤེས། རྒྱ་གར་འདི་བློ་ཁོག་ཆུང་བ་ལ།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    རྒྱ་ནག་གུང་ཁྲན་ཚོགས་པ་མ་དགའ་རུང་སྡུག་གྱོང་རེད་ལ། རྒྱ་གར་ལ་སྐད་ཆ་དྲང་མོ་ཞིག་བཤད་པའི་སྤོབས་པ་གསར་བ་ཞིག་བསྐྱེད་ཡོད་པར་དགའ་འོས་པ་ཞིག་ཀྱང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese