མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་ཁག་གིས་ཐུཊ་མཐུན་ཁྲིམས་གཙང་གནང་རོགས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་ཉམས་པའི་རྒྱུ་རྐྱེན་གཅིག་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་ནང་ཚགས་ཤིག་ཡིན་གིན་ཡིན་གིན་ང་ཚོ་དང་ཁྱེད་ཚོ་ཟེར་བའི་གྲུབ་མཐའི་ཕྱོགས་རིས་བྱས་པ་དེ་བསྟན་པ་སྣུབ་པའི་ཆ་རྐྱེན་ཆགས་འདུག དེ་ཧ་ཅང་གི་ཐབས་སྐྱོ་བོ་རེད། ཅེས་༧གོང་ས་མཆོག་གིས་གསུངས་བྱུང་།
 
༧གོང་ས་མཆོག་གི་མོན་རྟ་དབང་ཁུལ་གྱི་མཛད་འཕྲིན་གྱི་ཉིན་བཞི་བ། དེ་རིང་རེས་གཟའ་ལྷག་པའི་ཉིན། ༧གོང་ས་མཆོག་གིས་མོན་རྟ་དབང་མི་དམངས་ལ་ཚེ་དབང་གནང་གྲུབ་རྗེས་མོན་རྟ་དབང་གཙོས་པའི་ཧི་མ་ཅལ་མངའ་ཁུལ་གྱི་ནང་པ་ཐུན་མོང་ནས་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་བརྟན་བཞུགས་ཕུལ་ཡོད། ཉིན་གོང་ཆུ་ཚོད་ ༡༢ ཐོག་༧རྒྱལ་དབང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་སྐུའི་འཁྲུངས་ཡུལ་ཨོ་རྒྱན་གླིང་དུ་ཆིབས་སྒྱུར་བསྐྱངས་ཡོད་ལ། དེ་དང་མཉམ་དུ་ཨོ་རྒྱན་གླིང་དགོན་པའི་ཉེ་འཁྲིས་སུ་རིག་འཛིན་ཚངས་དབྱངས་རྒྱ་མཚོས་སྐུ་རྩེད་གནང་ཡུལ་གྱི་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་ས་དེར་མོན་རྟ་དབང་དྭ་ ཕྲུག་གཅེས་སྐྱོང་ཚོགས་པས་༼ འཇིགས་སྐྱོབས་མཐོང་གྲོལ་མཆོད་རྟེན་ཆེན་མོ ༽ ཞུ་བ་ཞིག་བཞེངས་འཆར་ཡོད་པའི་ས་དེར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཡོད། ཉིན་རྒྱབ་བསྐྱར་དུ་གསུང་ཆོས་ར་བར་ཞབས་སོར་བཀོད་དེ། མི་དམངས་ལ་བཀའ་སློབ་གནང་ཡོད་ལ། དེ་དང་མཉམ་དུ་མོན་རྟ་དབང་ས་ཁུལ་གྱི་ས་གནས་སོ་སོའི་ཁྱད་ཆོས་མཚོན་པའི་གླུ་གར་ཞབས་བྲོ་འཁྲབ་སྟོན་ལ་གཟིགས་མོ་གནང་ཡོད།
 
སྔ་དྲོའི་བརྟན་བཞུགས་ཀྱི་གོང་དུ་༧གོང་ས་མཆོག་གིས་ཆོས་ལ་སློབ་གཉེར་གནང་སྐབས་བློ་གཟུ་བོར་གནས་པ་ཞིག་དགོས་སྐོར་དང་། ཆོས་བརྒྱུད་ཁག་གི་བར་ཐུགས་མཐུན་ཁྲིམས་གཙང་དགོས་པའི་བཀའ་སློབ་གནང་དོན། བློ་གཟུ་བོར་གནས་པ་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་རེད། འདི་ང་རང་གི་ཆོས་ཡིན་ཞེས་ཞེན་ཁོག་བྱས་ན། བདེན་པའི་གནས་ཚུལ་ཤེས་གིན་མ་རེད། བློ་གཟུ་བོར་མ་གནས་པ་རེད། སངས་རྒྱས་ཀྱི་ཆོས་ཟེར་བ་དེ་རིག་པའི་དཔྱད་པ་བཏང་སྟེ་བསམ་བློ་གཏོང་དགོས་པ་ཞིག་ཡིན་སྟབས། རིག་པའི་དཔྱད་པ་གཏོང་བར་སྔོན་ལ་བློ་གཟུ་བོར་གནས་དགོས། གང་ཡང་འབྱུང་གི་རེད་སྙམ་པ་ཞིག སྐྱེ་བ་སྔ་ཕྱི་མེད་པ་ཡང་འབྱུང་སྲིད་གི་རེད་སྙམ་པའི་བློ་གཟུ་བོར་གནས་པའི་ཐོག་ནས་བརྟག་དཔྱད་གཏོང་དགོས་པ་གལ་ཆེན་པོ་རེད། བརྟག་དཔྱད་གཏོང་བར་ཐེ་ཚོམ་དགོས་པ་རེད། གང་འདྲ་ཡིན་ནམ་སྙམ་པའི་ཐེ་ཚོམ་བྱུང་ན་བརྟག་དཔྱད་གཏོང་བ་ཞིག་ཡོང་གི་རེད། གཟུར་བློའི་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟག་ཅིང་དཔྱད་དེ་རྒྱུ་མཚན་མཐོང་བ། རྒྱུ་མཚན་མཐོང་སྟེ་ཤེས་རབ་གྱི་གྲོགས་དང་བཅས་དད་པ་སྐྱེས་པ། ང་ཚོས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་སྙམ་པ་དེ་རྒྱུ་མཚན་དང་ལྡན་པ་ཞིག་དགོས་པ་རེད་མ་གཏོགས། ངའི་ཕ་མེས་ནས་དཀོན་མཆོག་ལ་དད་པ་བྱེད་ཀྱིན་ཡོད་ཟེར་ན། སངས་རྒྱས་ཀྱི་ཆོས་རླབས་ཆེན་པོ་དེ་བྱབ་ཆུང་ཆགས་ཚར་བ་རེད། བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་ཉམས་པའི་རྒྱུ་རྐྱེན་གཅིག་དེ་སངས་རྒྱས་བཅོམ་ལྡན་ འདས་ཀྱི་དགེ་ཕྲུག་ནང་ཚགས་ཤིག་ཡིན་གིན་ཡིན་གིན་ང་ཚོ་དང་ཁྱེད་ཚོ་ཟེར་བའི་གྲུབ་མཐའི་ཕྱོགས་རིས་བྱས་པ་དེ་བསྟན་པ་སྣུབ་པའི་ཆ་རྐྱེན་ཆགས་འདུག དེ་ཧ་ཅང་གི་ཐབས་སྐྱོ་བོ་རེད། ཅེས་གསུངས་བྱུང་།
 
མོན་ཁུལ་དུ་ཆ་བཞག་ན་རྟ་དབང་དགོན་པ་དགེ་ལུགས་ཆགས་ཡོད། དེ་བཞིན་རྙིང་མ་དང་བཀའ་བརྒྱུད་དགོན་པ་སོགས་ཡོད་པ་རེད། ཁྱིམ་མཚེས་འབྲུག་ཡུལ་ནང་བཀའ་རྙིང་གཉིས་གཙོ་བོ་རེད། དགེ་ལུགས་པའི་དགོན་པའང་ཡོད་པ་རེད། ནུབ་ལ་དྭགས་བར་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཐམས་ཅད་ཀྱི་སྲོལ་རྒྱུན་ཡོད་བསྡད་པ་ཞིག་ཆགས་ཡོད། དེར་བརྟེན། ང་ཚོ་ཐུགས་མཐུན་ཁྲིམས་གཙང་དགོས་པ་དེ་ཞེ་དྲག་གལ་ཆེན་པོ་རེད། སངས་རྒྱས་ཀྱི་ཆོས་ཤེས་ཏེ་དད་པ་ཐོབ་པ་ཞིག་བྱུང་ན། གནད་འགག་བསྐང་ཐུབ་པ་རེད། སངས་རྒྱས་ཆོས་ཀྱི་གནད་འགག་ཡག་པོ་མ་ཤེས་པར་ཞྭ་མོ་སེར་པོ་གྱོན་མཁན་དང་། ཞྭ་མོ་དམར་པོ་གྱོན་མཁན་གྱི་ཐོག་ནས་གྲུབ་མཐའི་དབྱེ་བ་འབྱེད་དགོས་བྱུང་ན་ཨུ་ཐུགས་པའི་ལས་ཀ་རེད་ལ། ང་ཚོ་དང་ཁྱེད་ཚོ་ཟེར་བ་དེའང་ཡོང་གི་རེད། ཁྱེད་ཚོའི་ས་ཁུལ་འདིར་མཚོན་ན་ཐུགས་མཐུན་ཁྲིམས་གཙང་ཡག་པོ་ཡོད་ས་རེད། ད་དུང་ཡིན་ནའང་ཐུགས་མཐུན་ཁྲིམས་གཙང་ཡག་པོ་གནང་རོགས་ཞུ་རྒྱུ་ཡིན།
 
ཡང་༧གོང་ས་མཆོག་གིས་རྒྱལ་བོ་ཤུགས་ལྡན་སྐོར་ལ་བཀའ་སློབ་གནང་དོན། རྒྱལ་བོ་ཤུགས་ལྡན་ཟེར་བའི་སྐོར་ལ་སྐད་ཆ་ཞིག་བཤད་ན་བསམ་སོང་། སྤྱིར་སངས་རྒྱས་པའི་ཆོས་པ་ཞིག་གིས་འཇིག་རྟེན་པའི་གྲགས་པ་ལ་སྐྱབས་བཅོལ་ན། སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱིན་ཡོད། དེ་བཞིན། བརྟན་མ་བཅུ་གཉིས་ཟེར་བ་སོགས་ལ་ཞེ་ཐག་པ་ནས་སྐྱབས་གནས་སུ་བལྟས་ན། སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱིན་ཡོད། འཇིག་རྟེན་དྲེགས་པ་དེའི་རིགས་ལ་ང་ཚོས་གྲོགས་པོའི་འདུ་ཤེས་བཟུང་སྟེ། འཕྲིན་ལས་བཅོལ་བ་དང་གསོལ་མཆོད་བྱས་ན་འགྲིག་གི་རེད། འོན་ཀྱང་། རྒྱལ་བོ་ཤུགས་ལྡན་ལ་ཆ་བཞག་ན། སྨོན་ལམ་ལོག་པའི་དམ་སྲི་ཞིག་རེད། ༧གོང་ས་ལྔ་བ་ཆེན་པོའི་གསུང་རྩོམ་ལས་པོད་ཏ་བའི་བསྟན་སྲུང་ཁག་གི་འཕྲིན་བཅོལ་ནང་གསལ་བོར་གསུངས་ཡོད། དེའི་ནང་ངོས་འཛིན་གང་འདྲ་ཞིག་གནང་ཡོད་ཟེར་ན། དོལ་རྒྱལ་གྱི་རྒྱུ་དང་ངོ་བོ་འབྲས་བུའམ། བྱེད་ལས་གསུམ་གྱི་སྒོ་ནས་ངོས་འཛིན་གནང་ཡོད། རྒྱུ་སྨོན་ལམ་ལོག་པ་ཟེར་བ་དེ་རེད། ངོ་བོ་དམ་སྲི་འབྱུང་བོ་ཟེར་བ་དེ་རེད། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱས་ན། ཟེར་བ་དེས་བྱེད་ལས་སྟོན་གྱིན་ཡོད། ཞེས་དང་།
 
སྐབས་དེར་དགའ་ལྡན་ཕོ་བྲང་དང་༧གོང་ས་ལྔ་བ་ཆེན་པོ་ལ་མ་འགྲིག་པ་ཞིག་གི་ཐོག་ནས་བྱུང་བ་ཡིན་སྟབས། དགའ་ལྡན་ཕོ་བྲང་ལ་གནོད་པ་བྱེད་མཁན་ཞིག་ཆགས་ཡོད། དང་པོ་ས་སྐྱ་དང་འབྲེལ་བ་བྱུང་བ་རེད། དེ་ནས་རིམ་པས་དགེ་ལྡན་པའི་ནང་སླེབས་པ་རེད། བོད་གངས་ཅན་ལྗོངས་ཀྱི་དགེ་ལུགས་པའི་གདན་ས་ཆེ་ཤོས་འབྲས་སྤུངས་རེད། འབྲས་སྤུངས་དགོན་པར་སྔ་མོ་ནས་ཤུགས་ལྡན་བསྟེན་ན་ཡག་པོ་ཡོད་པ་མ་རེད་ཟེར་ནས་བཤད་རྒྱུན་ཞིག་འདུག འོན་ཀྱང་། གནས་ཚུལ་ཆ་ཚང་བ་དང་གསལ་བོ་ཞིག་དགོངས་པས་མ་ཆོད་པར་འཕྲལ་སེལ་ལྟ་བུར་བསྟེན་མཁན་བྱུང་སྟེ། བར་སྐབས་ཤིག་ནས་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཞེས་མིང་ཆེན་པོ་ཆགས་ཤིང་། མང་པོ་ཞིག་དེ་ལ་མགོ་འཁོར་བསྡད་པ་རེད། ཅེས་གསུངས་བྱུང་།
 
ཁོང་གིས་མུ་མཐུད་དུ་གསུངས་དོན། རྒྱ་གར་ནང་གི་བོད་པའི་གཞིས་ཆགས་ནང་དུ་མི་ཚང་རེ་ཟུང་གིས་རྒྱལ་བོ་ཤུགས་ལྡན་གྱི་བུམ་པ་བསྒྲུབས་ཏེ། བུམ་པ་དེ་ཉར་བ་ཡིན་ན་ཚོང་ཡག་པོ་ཡོང་གི་རེད་ཟེར་ནས་ཁྱིམ་དུ་པད་མ་བཀའ་ཐང་ཡོད་པ་གཞན་ལ་སྤྲད་དེ། ངས་ཤུགས་ལྡན་བསྟེན་གྱིན་ཡོད། རྙིང་མའི་དཔེ་ཆ་དེ་ཚོ་ནང་དུ་བཞག་ན་འགྲིག་གིན་མི་འདུག་ཟེར་མཁན་ཡོད་ཚོད་འདུག འཕགས་པ་བླ་མའི་ཞལ་ལུང་ནང་། དགའ་ལྡན་ཕོ་བྲང་གི་གཞུང་ཞབས་དང་། རི་བོ་དགེ་ལྡན་པའི་བླ་སྤྲུལ་ཚོས་རྙིང་མར་འབྲེལ་བ་བྱས་པའི་རྒྱུ་མཚན་གྱིས་རྒྱལ་བོ་ཤུགས་ལྡན་གྱིས་ཚར་བཅད་པ་རེད་ཟེར་ནས་གསལ་བོ་བཀོད་ཡོད། དགེ་ལུགས་པས་རྙིང་མའི་དཔེ་ཆ་ཞིག་ཉར་ནའང་གནོད་ཀྱིན་ཡོད་ན། ཐད་ཀར་བལྟས་ན་དགེ་ལུགས་པའི་བསྟན་པ་སྲུང་གིན་ཡོད་པའི་བཟོ་འདྲ་བོ་ཞིག་འདུག་ཀྱང་། ཕན་པའི་ཟོལ་གྱིས་གནོད་ཀྱིན་ཡོད་པ་རེད། བར་སྐབས་ཁམས་ཆབ་མདོ་ས་ཁུལ་དུ་དོལ་རྒྱལ་བསྟེན་མཁན་ཤུགས་ཆེན་པོ་ཆགས་ཡོང་སྐབས། གྲུབ་མཐའི་ཕྱོགས་རིས་ཀྱང་ཤུགས་ཆེ་རུ་འགྲོ་བཞིན་འདུག ཤུགས་ལྡན་བསྟེན་མཁན་ཁ་ཤས་ཀྱིས་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་ཆུ་ལ་གཡུགས་པ་དེ་འདྲ་བྱུང་འདུག བསྟན་པའི་དམ་སྲི་ཆེན་པོ་ཞེ་དྲག་བྱུང་ཡོད། ཕྱོགས་གཅིག་ནས་དགའ་ལྡན་པོ་བྲང་དང་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་མ་འགྲིག་པ་ཆགས་ཤིང་། གཉིས་ནས་བསྟན་པ་སྤྱིའི་ཐུགས་མཐུན་ཁྲིམས་གཙང་ཡོང་བར་འགལ་རྐྱེན་བཟོས་ཏེ། ཕྱོགས་རིས་ཆེན་པོ་བྱུང་ཞིང་བསྟན་པ་ནང་ཁུལ་ལ་ཕུང་དཀྲུག་བྱེད་པ་བྱུང་ཡོད།  
 
སྔ་མོ་ངོས་ཀྱང་དོལ་རྒྱལ་བསྟེན་གྱིན་ཡོད། ༡༩༥༡ ལོར་ང་གྲོ་མོར་སླེབས་པ་རེད། སྐབས་དེ་ནས་ངོས་དོལ་རྒྱལ་དང་འབྲེལ་བ་བྱུང་བ་རེད། དེ་ནས་བཟུང་བདུན་ཅུ་དོན་གྲངས་བར་ངོས་དོལ་རྒྱལ་བསྟེན་པ་རེད། རིམ་གྱིས་སྔོན་མའི་ལོ་རྒྱུས་དང་འབྲས་སྤུངས་ཀྱི་མཁས་པ་ཚོ་དང་། ལྷག་པར་དུ་རྒན་པད་མ་རྒྱལ་མཚན་ལ་མཚོན་ན། བོད་བསྟན་སྲིད་ཀྱི་དོན་དུ་ཧ་ལས་པའི་མཛད་རྗེས་ཆེན་པོ་ཡིན། ངོས་ནམ་རྒྱུན་རྩེད་མོའི་ཞོར་ནས་འདི་ལྟར་བཤད་ཀྱིན་ཡོད། དགེ་ལུགས་པའི་སྲུང་མ་དམ་ཅན་ཆོས་རྒྱལ་རེད། ཉིན་ཞིག་དམ་ཅན་ཆོས་རྒྱལ་གཤེགས་སོང་ཞེས་བསྔོ་རྟེན་འབྱོར་སོང་ན། དེ་དུས་སྲུང་མ་གསར་པ་ཞིག་འཚོལ་དགོས་པ་རེད། དམ་ཅན་ཆོས་རྒྱལ་མ་གཤེགས་ན། དམ་ཅན་ཆོས་རྒྱལ་གྱི་ཐུགས་ཡུལ་དེ་གོ་ཆོད་ཐག་ཆོད་ཅིག་ཡོད་པ་རེད་མ་གཏོགས། དམ་ཅན་ཆོས་རྒྱལ་གྱི་ཐུགས་ཡུལ་དེ་ཞེ་དྲག་ཕན་མ་ཐོགས་པ་དང་། ཡང་ན་དམ་ཅན་ཆོས་རྒྱལ་གྱིས་མ་ཁྱོག་པ་དེ་འདྲ་རྩ་བ་ཉིད་ནས་ཡོང་གི་མ་རེད། དེར་བརྟེན། རྗེ་རིན་པོ་ཆེ་ཡི་བླ་བྲེ་ཐུབ་པའི་སྲུང་མ་ཞིག་ལ་བསྙེན་འབྲེལ་གནང་གི་རེད་མ་གཏོགས་གོ་མ་ཆོད་པ་ཞིག་ལ་བསྙེན་འབྲེལ་གནང་གི་མ་རེད། ངོས་བར་སྐབས་དམ་དྲག་བྱེད་དོན་དེ་ཡིན།
 
མང་ཚོགས་བརྒྱ་ཆ་ ༩༩ ཡིས་ངོས་བཤད་པ་དེར་ཡིད་ཆེས་བྱས་ཏེ་བླང་དོར་ཚུལ་བཞིན་གནང་གིན་འདུག བོད་ནང་དུ་ཡང་དེ་བཞིན་རེད་འདུག འོན་ཀྱང་། རིགས་གཅིག་གིས་༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་ཡིན་སྟབས། ང་ཚོས་བླང་དོར་བྱེད་ཀྱིན་ཡོད་ཟེར། སྐད་ཆ་དེ་མ་རེད། ངོས་བཤད་པ་དེ་རྒྱུ་མཚན་ག་རེ་རེད། དགོས་པ་ག་རེ་རེད་དེ་ཤེས་པ་བྱས་ཏེ། སྤངས་བླང་བྱ་དགོས་པ་རེད་མ་གཏོགས་༧རྒྱལ་བ་རིན་པོ་ཆེས་བཤད་པ་ཙམ་ལ་གཞི་བཞག་ན། ལུང་ཙམ་ལ་བསྟེན་པ་རེད། ངོས་སྔ་མོ་བསྟེན་གྱིན་ཡོད་པ་རེད། འོ་ན། རྒྱལ་བ་རིན་པོ་ཆེས་སྔ་མོ་བསྟེན་གྱིན་ཡོད་པ་རེད། དེར་བརྟེན། ང་ཚོས་ཀྱང་བསྟེན་རྒྱུ་ཡིན་ཟེར་ན་འགྲིག་གི་རེད། ཅེས་གསུངས་བྱུང་།
༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་མོན་རྟ་དབང་ནས་སྤེལ། ༽

འབྲེལ་ཡོད་གསར་འགྱུར།

བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

སྐར་མ ༣༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

༢༠༢༥/༠༥/༠༨
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧

མཆན། 23

  1. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    དྲ་གྲོགས་དོན་བཀྲ་ལགས།

    སྟབས་ལེགས་ནས་ཁྱེད་རང་གིས་བོད་རྒྱ་ཚིག་མཛོད་ཆེན་མོ་ས་ཐག་རིང་པོ་དེ་འདྲར་འཁྱེར་མི་འདུག དེའི་ནང་ན་ཡིག་ནོར་དང་འགྲེལ་ནོར་མང༌། དེ་ལས་ཁྱེད་རང་གིས་དག་ཡིག་གསར་བསྒྲིགས་ཤིག་འཁྱེར་ཡོད་པ་ཡིན་ན། དེས་ནི་ཕན་ཐོགས་ཏན་ཏན་འབྱུང༌།
    ཨེ་གྲོགས་པོ། ཁྱེད་རང་གི་ཀླད་པའི་ནང་གི་དག་གསར་དེ་རྒྱ་གར་རྡ་རམ་ས་ལ་ནས་ཕོ་གསར་ཁ་ཤས་ཀྱིས་༼དག་ཡིག་གསར་བསྒྲིགས༽མ་དག་པ་ཞིག་ཏུ་བསྒྱུར་ནས་དཔར་སྐྲུན་བྱས་པའི་༼དག་གསར་༽དེ་ནི་ཡིན་མདོག་མེད། དེ་ཡིན་ན་ནི་དཔེ་བསགས་པ་རེད། ༼དག་གསར་༽དེ་བེད་སྤྱོད་དེ་ཙམ་མེད།
    མ་གཞི་བྱས་ན། དུས་བབ་དྲ་ངོས་ན་དག་ཡིག་ཆེ་ཆུང་བཅུ་གཅིག་ཡོད་པ་དེ་ཚོ་ཡང་བེད་སྤྱོད་གནང་ཆོག་ཆོག་རེད། ཨ་ལ་ཀུ་རེ་ཡིན། བྲེལ་ཟིང་གི་བར་ནས་ཡིག་ནོར་རེ་ཟུང་ཤོར་འགྲོ་བ་ལ་ངས་ཡིད་ཆེས་བྱེད་ཐུབ་པ་འདུག གང་ལྟར་ནའང༌། ངས་ནི་ང་ཚོའི་དུས་བབ་འདི་ཡིག་ནོར་མེད་པ་ཞིག་གི་རྨི་ལམ་ལ་འཐམས་ནས་ཡོད། དེའི་སྟབས་ཀྱིས། འདི་ལྟར་དུས་ཚོད་རེ་བྱུང་བ་དང་ཞུས་དག་རེའི་རོགས་འདེགས་ལ་འབད་བཞིན་ཡོད་ལགས་ཞུའོ།།

    Reply
  2. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    ལྷོ་ཕྲུག་ལགས།
    དམ་ཅན་ཆོས་རྒྱལ་གྱི་ཐུགས་ཡུལ་ཞེས་པར་ དམ་ཅན་ཆོས་རྒྱལ་གྱི་ཐུ་ནུས་ ཞེས་དང༌། རྗེ་རིན་པོ་ཆེ་ཡི་བླ་བྲེ་ཐུབ་པའི་སྲུང་མ་ཞེས་པར་ རྗེ་རིན་པོ་ཆེ་ཡི་བློ་འགེལ་ཐུབ་པའི་སྲུང་མ་ ཞེས་བཅོས་ན་འགྲིག་གི་ཡོད་ས་རེད་ལགས། གཞན་ཡིག་ནོར་མང་དག་ཞིག་འདུག་ཀྱང་ཕྱེད་ཀ་གོ་བས་ཀློག་དགོས་ཀྱི་ཡོད་པ་འདྲ།

    Reply
  3. ཨ་ལ་ལ says:
    ལོ་ 15 སྔོན།

    དུས་ཚོད་མ་འདང་བ་དང་མེད་པ་ལ་ཁ་གཡར་ནས་གསར་འགྱུར་བཀོད་རྐྱང་བྱས་ན་ག་ནས་འགྲིག ཡིག་ཐོག་ནས་གསར་འགྱུར་སྤེལ་བ་ནི་ཁ་ནས་གཏམ་བཤད་བྱས་པ་ལྟ་བུའི་སྟབས་བདེ་བོ་ཞིག་གཏན་ནས་མིན། འདི་ལ་དོ་སྣང་མ་གནང་ཐབས་མེད་ཅིག་ཆགས་འདུག་གཱ།

    Reply
  4. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    འདི་དག་ནས་ཞེས་པར་བཅོས་ཡོད།

    Reply
  5. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    སྔོན་གྱི་དམ་པ་རྣམས་ཕེབས་ཤུལ་དུ་འུ་ཚོ་ཕྱི་རབས་པ་རྣམས་ཀྱིས་བགྲོད་ཐུབ་པ་ཞིག་དགོས་རྒྱུ་འདི་ངའི་རེ་བ་ཡང་ཡིན་ལ་དེ་ལྟར་བྱུང་ན་ལག་ཐལ་མོ་སྦྱར་རྒྱུ་ལས་གཞན་མེད། ཡིན་ན་ཡང་གནས་ལུགས་དང་ལག་ལེན་དབར་གྱི་སྟོང་ཆ་ཁ་སྐོང་བྱ་རྒྱུ་འདི་ལས་སླ་པོ་མིན་པ་འུ་ཚོ་ཐམས་ཅད་ཀྱི་སེམས་ན་གསལ་ཐིང་ཐིང་དུ་ཡོད། དེར་བརྟེན་རྟག་ཏུ་གནས་ལུགས་རྐྱང་རྐྱང་བཤད་པས་ཕན་རྒྱུ་ཞིག་མེད་པར་ལག་ལེན་ལ་ཇི་འཁྱོལ་ལ་ཡང་བསམ་དགོས་པའི་སྐབས་ངེས་ཅན་རེ་ཡོད།

    གོང་དུ་དག་ནོར་མེད་པའི་རྩོམ་ཡིག་དང་ཚགས་པར་ཞིག་ལ་རེ་བ་བརྒྱབ་ཆོག་པ་དང་དེ་འདྲ་ཞིག་ཡོང་ཐུབ་པའི་དགོངས་ཚུལ་གསུངས་སོང་། དེ་འདྲའི་རྩོམ་ཡིག་དང་ཚགས་པར་གྱི་རིགས་དག་གཞན་ཞིག་ནས་ཡོང་རྒྱུ་དང་བསྒྲུབ་རྒྱུ་ཞིག་མེད་པར་འབྲེལ་ཡོད་དུས་བབ་དང་བང་ཆེན་ལ་སོགས་པའི་ཚགས་པར་འདི་དག་མགོ་འཛུགས་དགོས་པ་ཡིན་སྟབས་ཁྱེད་ཅག་ནས་རེ་བ་དང་སྙིང་སྟོབས་བསྐྱེད་པ་ནང་བཞིན་དུས་བབ་འདི་དག་ནོར་དང་སྡེབ་ནོར་མེད་པའི་ཚགས་པར་ཞིག་ཏུ་མངོན་འགྱུར་བྱེད་རོགས་ཞུ་རྒྱུ་ཡིན།

    Reply
  6. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    བསྟན་འཛིན་ཚེ་དཔག་ལགས།
    དེ་རིང་དངོས་གནས་ང་ལ་གུ་ཡངས་གནང་རོགས། ཨ་ལ་ཀུ་རེ་ཡིན། བསྟན་འཛིན་ཚེ་དཔག་གིས་དོན་འགྲུབ་བཀྲ་ཤིས་གུ་ཡངས་གཏོང་ཡང་། ཀློག་མཁན་གཞན་དག་གིས་གུ་ཡངས་གཏོང་མི་སྲིད་ལ། ལྷག་པར་དུ་བོད་ཡིག་གི་བརྡ་དག་གནས་ལུགས་ཀྱིས་དེ་བས་ཀྱང་ཀ་ལ། འོན་ཀྱང་། ཕ་གསོད་བུ་ལའང་གནས་ལུགས་བཤད་རྒྱུ་ཡོད་པའི་དཔེ་ལྟར། ཐེངས་འདིར་ང་ལའང་གནས་ལུགས་ཉི་ཚེ་བ་ཞིག་ཞུ་ཆོག་པར་བགྱིས། མ་གཞི་ནས་དོན་འགྲུབ་བཀྲ་ཤིས་ཀྱི་ཀླད་པའི་ནང་གི་དག་གསར་གྱི་བསྒྲིགས་མི་ལེགས་པའི་ཁར། ཐེངས་འདིར་ང་རང་འགྲུལ་བཞུད་ཀྱི་ས་ཐག་རེང་དྲགས་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོ་ཡང་འཁུར་ཐུབ་མ་སོང་། གསར་འགྱུར་ཤོག་ངོས་དྲུག་རེ་ཆུ་ཚོད་གཉིས་ཀྱི་ནང་དུ་བཟོ་ཚར་དགོས་སྟབས། ཡི་གེ་གཏགས་ཐབས་ཙམ་ལས་བསྐྱར་དུ་བལྟ་ལོང་གི་དུས་ཚོད་ཙམ་ཡང་མི་འདུག

    Reply
  7. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    བྱ་ཚིག་གི་དུས་གསུམ་ལ་མཚོན་ན། ངེས་པར་དུའང་སྔོན་རྗེས་ཀྱི་ཡི་གེ་མ་ནོར་བ་གལ་ཆེ་བ་སོགས་ལ་བསམས་ན། འདི་དག་ནི་འཁྲུལ་བ་ཉི་ཚེ་བ་ཞིག་ཏུ་འདོད་རུང་བ་མིན་པར་འདོད།
    སྔོན་གྱི་དམ་པ་རྣམས་ཀྱིས། དག་ནོར་གཏན་ནས་མེད་པའི་ཕྱག་རྩོམ་གནང་བཞག་པ་མང་པོ་མཇལ་དུ་ཡོད་པ་རེད། དེ་བཞིན་དུ། ད་ལྟའི་ང་ཚོས་ཀྱང་། དག་ནོར་མེད་པའི་རྩོམ་དང་ཚགས་པར་ལ་རེ་བ་བྱས་ཆོག་གི་རེད་ལ། ཤུགས་བརྒྱབ་པ་ཡིན་ན། དེ་ནི་ཡོང་མི་སྲིད་པ་གང་ཡང་མ་རེད།

    Reply
  8. chokri nyima says:
    ལོ་ 16 སྔོན།

    མཁས་པ་མཁས་པའི་རྩ་ན་སྡུག་གཏམ་བཤད།
    ལྐུག་པ་ལྐུག་པའི་རྩ་ན་མཁས་མདོག་བཤད།
    མི་རེ་སེམས་ལ་འདི་ཡིན་འཁྲུལ་སྣང་རེ།
    འཁྲུལ་བའི་གཞི་མ་མིག་ཚིག་ཐ་སྙད་རེད།

    Reply
  9. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    དགུན་ས་གྲང་གནམ་གྲང་གི་དུས་ན་གྲྭ་རྐྱང་ཁེར་ཉལ་བརྒྱག་རྒྱུ་འདི་དངོས་གནས་དཀའ་སེ་འདུག་ཏཱ། ཧཧཧཧ

    Reply
  10. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ས་གྲང་གདན་དང་རྡོ་གྲང་སྔས་བྱས་ནས། །
    ཐོ་རངས་ཚུར་བསུ་ནམ་ཕྱེད་ཕར་བསྐྱེལ་བའི། །
    སྔོན་བྱོན་དམ་པའི་རྣམ་ཐར་ད་མི་འཁྱོངས། །
    དེ་བས་ཁྱོད་ལྟར་བདེ་མོའི་མལ་དུ་འགྲོ། །

    Reply
  11. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    དཔེར་ན་གོང་གི་འཇིག་རྟེན་གྲགས་པ་དང་འཇིག་རྟེན་དྲེགས་པ་གཉིས་ཀྱི་འཁྲུལ་སྐྱོན་དེ་ཡང་གཞན་ཅི་ཡང་མིན་པར་སྒྲ་མཚུངས་ཀྱི་འཁྲུལ་གཞི་ཞིག་གིས་བཟོས་པའི་དག་ནོར་ཡིན་པ་ལྟ་བུ་རེད།
    འདི་ལྟར་འཆད་དུས་སྔོན་ལོ་བོད་ཁྱིམ་དུས་དྲན་མཛད་སྒོའི་ཐོག་༸གོང་ས་མཆོག་ནས་དེང་དུས་Aidsརུ་འབོད་པའི་ནད་གཞི་འདིར་རེག་དུག་གི་ནད་གཞི་ཞེས་པའི་ཐ་སྙད་སྤྱོད་གནང་བར་བརྟེན་དེའི་ཕྱི་ཉིན་གྱི་དུས་བབ་གསར་འགྱུར་སྟེང་རེག་དུག་ཅེས་པའི་དོད་དུ་རིགས་སྡུག་གི་ནད་གཞི་ཞེས་དགོད་ཁ་སློང་བའི་ཐ་སྙད་ཅིག་བྲིས་པ་དེ་ཡང་དྲན་ཡོང་གི་འདུག

    Reply
  12. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    ༼ངེས༽་རང་ཞེས་བྲིས་ནོར་བྱུང་ནས་བཏང་འདུག་པ་༼ངེད༽་རང་ལ་བཟོ་བཅོས་གནང་རོགས།

    ལྷོ་ཕྲུག་ལགས།

    དྲ་ངོས་ནས་མཇལ་མོལ་བྱུང་བར་ཡིད་སྤྲོ་ནས་ཡོད།

    ད་ནི་ང་རང་གཉིད་ཀྱིས་མི་ལྕོགས་འདུག།
    ཡ་ཐོད་མིག་ཀྱང་དེ་ཙམ་མི་གསལ་འདུག།
    གྲོགས་པོ་ད་ནི་འདི་ནས་མཚམས་བཞག་སྟེ།།
    བདེ་བའི་མལ་ལ་ཞུགས་འདོད་ག་ལེར་བཞུགས།།

    Reply
  13. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    རེད་རེད། ང་ན། ཚ་མེད། གཡག་རྔ་དཀར་གྲངས་ཀྱི་ལྔ་ཀར་གོ་ནས་དེ་དག་ཤི་བའི་དོན་དུ་གོ་སྟེ་དོན་མེད་ཀྱི་སེམས་ཁྲལ་བྱས་པའི་ལོ་རྒྱུས་ཤིག་ཀྱང་གསུང་རྒྱུ་ཡོད་པ་རེད། དེར་བརྟེན་འཁྲུལ་པ་ཆུང་ཙག་གིས་སྐྱོན་ཆ་ཆེ་རིམ་ནས་བྱེད་པ་ཡང་བདེན་ངེས་གཏན་རེད། འོན་ཀྱང་འཁྲུལ་པ་ཆུང་ཙག་གིས་སྐྱོན་ཆ་ཆེ་རིམ་ནས་བྱེད་པའི་ཉེས་པ་འདི་ཀློག་མཁན་གྱི་གོ་སྟོབས་དང་ཤེས་ཡོན་ལ་ཡང་རག་ལས་ཀྱི་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རེད།

    སྤྱིར་དག་ནོར་གཏན་མེད་ཀྱི་ཚགས་པར་ཞིག་དང་རྩོམ་ཡིག་ཅིག་དགོས་རྒྱུ་འདི་ཁྱེད་ཅིག་པུ་མིན་པར་འུ་ཚོ་མཐུན་མོང་གི་རེ་འདུན་ཞིག་ཡིན་པ་རེད། འོན་ཀྱང་རྩོམ་ཡིག་ཀུན་ནས་སློང་བྱེད་ཀྱི་སེམས་ཀྱི་རྨོངས་པ་མ་སེལ་བར་དུ་དེ་ལས་ཐོན་པའི་རྩོམ་ཡིག་གི་བརྗོད་བྱ་དང་རྗོད་བྱེད་གང་ལ་ཡང་འཁྲུལ་མེད་སྤུས་གཙང་ཞིག་དང་གཡའ་དག་སྐྱོན་བྲལ་ཞིག་དུས་ནམ་དུ་ཡང་མི་འབྱུང་།

    གང་ལྟར་རང་བཞིན་དག་བཅོས་བྱེད་པའི་གློག་ཀླད་ཀྱི་ཚིག་མཛོད་ཅིག་མ་བྱུང་བར་དུ་ང་ཚོའི་དཀའ་ངལ་འདི་སེལ་མི་ཐུབ་ལ་སྤྱིར་ནས་ནོར་བ་རྫོགས་མེད་དུ་འབྱུང་བ་འདི་བོད་ཡིག་ཁོ་རང་གི་གཤིས་ཀའི་སྟེང་གི་སྐྱོན་ཆ་ཞིག་ཏུའང་བརྩི་ཆོག་པ་རེད།
    དཔེར་ན་དབྱིན་ཡིག་ལྟ་བུར་བོད་པའི་ཐ་སྙད་འདི་ཚོ་ནང་བཞིན་གྱི་སྒྲ་གདངས་དབྱེ་འབྱེད་གཏོང་མི་ཐུབ་པའི་སྒྲ་མཚུངས་ཀྱི་ཐ་སྙད་འདི་འདྲ་མང་པོ་ཞིག་མེད་པ་རེད།

    སྟག་དང་རྟག བཏགས། གཏགས། ཏག ལྟག སྔོན་གྱི་ཚེ་ཐ་སྙད་འདི་དག་ལ་སྒྲའི་ཁྱད་གསལ་པོ་ཞིག་ཡོད་ཚོད་ཀྱང་ད་ལྟ་ནི་བརྗོད་པ་གོང་འོག་གི་འགྲོས་དང་ཡིག་རིས་སུ་མ་བཀོད་ན་ཐ་སྙད་འདི་དག་ནི་མཚེ་ཕྲུག་ནང་བཞིན་དབྱེ་འབྱེད་གཏོང་མི་ནུས་པར་གྱུར་ཟིན།

    Reply
  14. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    རེད། འདི་འདྲའི་བསམ་ཚུལ་ཡང་ཡོད་ཆོག་གི་རེད། ཡིན་ནའང་། ད་ལྟ་གོང་དུ་ངེས་རང་གཉིས་ཀས་སྔ་རྗེས་བྱས་ནས་མཆན་བཀོད་པའི་ནང་། ༼རྗེ་རིན་པོ་ཆེ་ཡི་བླ་བྲེ་ཐུབ་པའི་སྲུང་མ་ཞིག་ལ་བསྙེན་འབྲེལ་གནང་གི་རེད་མ་གཏོགས་གོ་མ་ཆོད་པ་ཞིག་ལ་བསྙེན་འབྲེལ་གནང་གི་མ་རེད།
    ༽ཅེས་བྲིས་འདུག་པ་དེའི་དོན་མ་གོ་བ་གཅིག་མཚུངས་བྱུང་བ་རེད། དེ་ནི་ངས་བསམས་ན། སྒྲ་ལོག་བྲིས་ཐལ་གྱིས་མ་གོ་བ་འདིའི་ཚད་དུ་བསྐྱལ་བར་འདོད་ཀྱི་ཡོད། དེ་ནི་ཡི་གེའི་དག་ཆའི་སྟེང་ནས་ནོར་དབང་གིས་བྱུང་བ་ལས། གཞན་གང་ཡང་རེད་མི་འདོད།
    ཡང་གཅིག་ཞུ་རྒྱུར། ཁྱེད་རང་ལྟར་ན་སྔོན་འཇུག་དང་རྗེས་འཇུག ཕྲད་ཀྱི་འགྲོ་ལུགས་སོགས་ནི་ནོར་བ་ཡིན་ནའང་། ནོར་བ་ཚབས་ཆེན་མ་རེད་ཅེས་གསུངས་འདུག ངས་ནི། སྔོན་འཇུག་རྗེས་འཇུག་འབྲི་ནོར་བྱེད་པ་ནི། རྟགས་འཇུག་གི་དགོངས་དོན་དང་འགལ་ཚབས་ཆེ་བ་དང་། ཕྲད་ཀྱི་སྦྱོར་སྟངས་ནོར་བ་ནི། སུམ་ཅུ་པའི་དགོངས་དོན་དང་འགལ་ཚབས་ཆེ་ཞིང་། དེ་གཉིས་ཀའི་གང་དུ་སོང་བས་ཀྱང་གོ་བརྡ་ཏག་ཏག་ཅིག་སྟོན་མི་ཐུབ་པར་འདོད་ཀྱི་ཡོད། དཔེར་ན། རྟག རྟགས། བརྟག། བརྟགས། འདི་ཚོར་རང་རང་གི་བསྟན་དོན་རེ་ཡོད་པ་ལྟ་བུ་རེད། ཡང་། བྱ་ཚིག་གི་དུས་གསུམ་ལ་མཚོན་ན། ངེས་པར་དུའང་སྔོན་རྗེས་ཀྱི་ཡི་གེ་མ་ནོར་བ་གལ་ཆེ་བ་སོགས་ལ་བསམས་ན། འདི་དག་ནི་འཁྲུལ་བ་ཉི་ཚེ་བ་ཞིག་ཏུ་འདོད་རུང་བ་མིན་པར་འདོད།
    སྔོན་གྱི་དམ་པ་རྣམས་ཀྱིས། དག་ནོར་གཏན་ནས་མེད་པའི་ཕྱག་རྩོམ་གནང་བཞག་པ་མང་པོ་མཇལ་དུ་ཡོད་པ་རེད། དེ་བཞིན་དུ། ད་ལྟའི་ང་ཚོས་ཀྱང་། དག་ནོར་མེད་པའི་རྩོམ་དང་ཚགས་པར་ལ་རེ་བ་བྱས་ཆོག་གི་རེད་ལ། ཤུགས་བརྒྱབ་པ་ཡིན་ན། དེ་ནི་ཡོང་མི་སྲིད་པ་གང་ཡང་མ་རེད་འདོད།

    Reply
  15. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    སྤྱིར་སྟངས་ངོས་རང་ཡང་ཡི་གེའི་དག་སྡེབ་སོགས་ཕྱོགས་གང་ལ་ཡང་བལྟ་བཟོ་ཏིལ་འབྲུ་ཙམ་ཞིག་ཀྱང་མེད་མཁན་ཞིག་ཡིན། འོན་ཀྱང་དུས་བབ་མཆན་འདེབས་པའི་གྲས་སུ་ཐོག་མར་འཛུལ་ཞུགས་སྐབས་དག་ནོར་བཟོ་བཅོས་ཀྱི་ཁ་ཕོ་ཞིག་ཀྱང་སྒྲོག་ཐལ་ཤོར་བ་དྲན་གྱི་འདུག
    རིམ་པས་ཆ་རྒྱུས་ལོན་པའི་ཚེ་ལུང་འདྲེན་ལོག་པའི་རིགས་དང་གོང་དུ་བཤད་པ་ལྟར་གོ་ལོག་དོན་ལོག་གི་ནོར་བ་ཚབས་ཆེའི་རིགས་མ་གཏོགས་འཁྲུལ་པ་ཕྲན་ཚེགས་ཀྱི་རིགས་ལ་སྣང་བ་ཞིག་གཏོད་ཀྱིན་བསྡད་ན་ཞིང་ཁའི་སྔོ་ལྡུམ་ནང་བཞིན་གཏུབས་ནས་ཚར་རྒྱུ་མེད་མཁན་ལྟ་བུ་ཞིག་གི་མཐོང་སྣང་བྱུང་སྟབས་དེ་ཙམ་དོ་གལ་མ་བྱས།

    Reply
  16. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    རེད་རེད། ཕན་པའི་སེམས་ཀྱིས་རང་འདོད་མེད་པའི་གཏམ། །བརྩེ་བའི་མི་ལ་མཚང་ནས་བརྗོད་པ་ཡང་། །དྲང་པོ་ཡིན་ཡང་སྙིང་སྐྲན་འཇུག་པའི་རྒྱུ། །ཞེས་པའི་གདམས་པ་ཞིག་ཀྱང་ཡོད་པ་རེད།
    ཡིན་ན་ཡང་ཡིག་ནོར་འདི་སྐད་ཡིག་གི་དར་རྒུད་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་བདེན་པ་ཡིན་པ་སྨྲ་མི་དགོས་ཀྱང་ཐལ་ཆེས་པའི་དོན་ལོག་གོ་ལོག་གི་རིགས་དང་གོ་རྒྱུ་གཏན་མེད་ཀྱི་སྐྱོན་ཆ་ཚབས་ཆེན་དེ་འདྲ་མེད་ངེས་ཀྱི་རིགས་ཁ་ཤས་ལ་དེ་ཙམ་ཚོར་སྣང་སྐྱེན་པོ་རང་བྱེད་དགོས་དོན་ཞིག་ཀྱང་མཐོང་གི་མི་འདུག

    ངས་ཁྱེད་ཀྱི་གནང་སྟངས་ལ་འགྲིག་མིན་གྱི་རྣམ་འགྱུར་འདོན་གྱི་མེད། མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ཡིན་ན་ཡང་དག་ནོར་གཏན་མེད་ཀྱི་རྩོམ་ཡིག་ཅིག་དང་ཚགས་པར་ཞིག་ལ་རེ་བ་སྐྱོན་གྱིན་བཞུགས་པ་ཡིན་ན་ལག་ལེན་ངོ་མའི་ཐོག་ནས་ཧ་ཅང་དཀའ་ཚེགས་ཆེ་ལ་འགྲུབ་ཐབས་བྲལ་བའི་གནས་ཚུལ་ཞིག་ཡིན་དུས་དེ་ལས་འགངས་ཆེ་སའི་རིགས་དང་གོ་བ་ཕྱིན་ཅི་ལོག་སྟེར་མཁན་གྱི་ཚབས་ཆེ་སའི་རིགས་ལ་གཙོར་དམིགས་གནང་བ་མ་གཏོགས་སྔོན་རྗེས་དང་ཕྲད་ཀྱི་འགྲོ་ལུགས་སོགས་དོན་ནོར་ཚབས་ཆེ་མེད་སའི་འཁྲུལ་པ་ཉི་ཚེ་བའི་རིགས་འགའ་ཞིག་ལ་དེ་ཙམ་དོ་གལ་མ་བྱས་རུང་ཨོ་ཙམ་མིན་འགྲོ།

    Reply
  17. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    དཔེར་ན། ཟླ་བ་བཅུ་པའི་ཚེས་ཉེར་བཞི་དང་ཉེར་བརྒྱད་ཉིན་གྱི་གསར་འགྱུར་ནང་གི་ཡིག་ནོར་ཁག་ཟུར་འདོན་ཞུས་ཏེ། དུས་བབ་རྩོམ་སྒྲིག་པར་བཟོ་བཅོས་ཀྱི་རེ་བ་ཞུས་པ་ཡིན། བཟོ་བཅོས་ཀྱི་ཚབ་ལ་དུས་ད་ལྟ་ནའང་སྣང་མེད་དུ་བཞག་ནས་འདུག མ་གཞི་བྱས་ན། དེ་བཟོ་བཅོས་བྱས་པས་ང་ལ་ནི་ཕན་རྒྱུ་གང་ཡང་མེད། ཀློག་མཁན་ཚོར་ཀློག་བདེ་བ་ཞིག་གི་ཆེད་དང་། སྐད་ཡིག་གནས་སྟངས་ཡར་རྒྱས་ལ་བསམ་པ་ཁོ་ན་ལགས་ནའང་། ཡིག་ནོར་ཐེར་འདོན་ཞུས་པར་མ་དགའ་བའི་རྣམ་འགྱུར་སྟོན་སྟངས་འདི་ནི། ཡ་མཚན་པོ་ཞིག་ནི་རེད།

    Reply
  18. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    ང་ལ་དགའ་བསུ་ཞུས་ནས་གང་ཕན། དུས་བབ་འདི་ཡིག་ནོར་མེད་པ་ཞིག་གི་རེ་བས། འདི་ལྟར་ཞུ་མུས་ལགས་མོད། འོན་ཏེ། འདི་ཚོས་སྣང་མེད་ལྟ་བུས། བཟོ་བཅོས་ཤིག་ཁྱོན་ནས་རྒྱག་གི་མི་འདུག ཡིན་ནའང་། ད་དུང་དུས་ཚོད་གང་འཚམ་རིང་ཨུ་ཚུགས་རྒྱག་རྩིས་ཡིན། དེ་ནས་ཀྱང་རེ་བ་འབྲས་མེད་དུ་གྱུར་པ་ཡིན་ན། དེ་ནས་ཡིག་ནོར་ཐེར་འདོན་བྱེད་པ་དང་། ཞུས་དག་གི་རེ་བ་འདོན་པ་གཉིས་ཀ་མཚམས་བཞག་ན་ལས། དོན་དག་མེད་སར་དགྲ་བསགས་པ་ལྟ་བུ་ཆགས་ན། དེ་ནི་ངའི་དང་པོའི་འདོད་པའི་ཟུར་ནའང་མེད་པ་ཡིན།

    Reply
  19. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ད་ཨ་ཁུ་སྨོན་ལམ་ལགས་ལ་རང་བཞིན་དག་བཅོས་བྱེད་མཁན་གྱི་གློག་ཀླད་ཚིག་མཛོད་ཅིག་གསར་བཟོ་གནང་རྒྱུའི་རེ་བ་ཞིག་མ་བརྒྱབ་ཕྱིན་རྫོགས་རྒྱུ་མེད་པའི་དག་ནོར་འདི་ཚོར་མཚམས་ཆད་རྒྱུ་ཞིག་ཕལ་ཆེར་ཁག་པོ་ཡིན་པ་འདྲ།

    བསྟན་འཛིན་ཚེ་དཔག་ལགས་ནས་རྙོག་གྲ་དང་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་མཐའ་གཅིག་ཏུ་གནང་ནས་མུ་མཐུད་དག་བཅོས་ཀྱི་བྱ་བ་ལྷུར་ལེན་གནང་བཞིན་པར་སྙིང་ཐག་པ་ནས་དགའ་བསུ་ཞུ་ཡིན་ཡོད་ལགས།

    Reply
  20. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    རེད་རེད། འདི་ལྟར་བྲིས་ཡོང་ན། བོད་ཡིག་ནི་རེད་ཐག་ཆོད་རེད་དེ། དོན་དག་ཅི་སྟོན་ཁྱོན་ནས་གོ་མི་ཐུབ་པ་ཞིག་འདུག ད་ནི་དེང་སང་གི་གསར་འགྱུར་འདི་ཚོ་མགོ་ཚོས་ཁག་པོ་འདུག ང་ཙམ་མ་རེད། ལྷོ་ཕྲུག་ལགས་ལའང་ངའི་དཀའ་ངལ་འདི་བྱུང་ནས་འདུག

    Reply
  21. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    འཇིག་རྟེན་གྲགས་པ་ཞེས་པ་ནོར་བ་ཡིན། འཇིག་རྟེན་དྲེགས་པ་ཞེས་འབྲི་དགོས། འདིའི་དོན་ནི་ས་མ་ཐོབ་པའི་སྲུང་མའི་རིགས་དང་རྒྱལ་བཙན་ལ་སོགས་པ་འཇིག་རྟེན་རང་ག་བའི་ལྷ་སྲུང་གི་རིགས་ཤིག་ལ་གོ་ཡིན་ཡོད་པ་རེད།

    དམ་ཅན་ཆོས་རྒྱལ་གྱི་ཐུགས་ཡུལ་ཞེས་པ་ཐེངས་གཉིས་ཙམ་དོན་སོང་། དོན་ཇི་ཡིན་གོ་མ་སོང་།
    རྗེ་རིན་པོ་ཆེ་ཡི་བླ་བྲེ་ཐུབ་པའི་སྲུང་མ་ཞེས་པ་ཞིག་ཀྱང་དོན་སོང་། འདི་ཡང་གོ་མ་སོང་།

    Reply
  22. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས།

    གཤམ་གྱི་འདི་ཚོ་ནོར་ནས་འདུག་སྟབས། བཟོ་བཅོས་ཤིག་གནང་རོགས།

    གྲུབ་༼མཐའ༽་ཕྱོགས་རིས། གྲུབ་༼མཐའི་༽ཕྱོགས་རིས།
    ཤེས་༼ཀིན་མ་རེད། ཤེས་༼ཀྱི༽་མ་རེད།
    ཨུ་༼ཐུགས། ཨུ་༼ཐུག༽
    སྐྱབས་༼བཅས༽ སྐྱབས་༼བཅོལ༽
    ༼བསྟན༽་པ་བཅུ་གཉིས། ༼བརྟན༽་མ་བཅུ་གཉིས།
    བསྟན་དང་འགྲོ་བ་ཀུན་ལ་འཚེ་༼བྱས༽་ན།། བསྟན་དང་འགྲོ་བ་ཀུན་ལ་འཚེ་༼བྱེད༽་ན།།
    འཇམ་༼དགོན༽་རྒྱལ་བ། འཇམ་༼མགོན༽་རྒྱལ་བ།
    ༼གཞེས་༽ཆགས། ༼གཞིས་༽ཆགས།
    ༼འཕགས་པ༽་བླ་མའི་ཞལ་ལུང༌། ༼ཕ་རྒོད་༽བླ་མའི་ཞལ་ལུང༌།
    དོལ་རྒྱལ་༼བསྟན༽་མཁན། དོལ་རྒྱལ་༼བསྟེན༽་མཁན།
    དམ་ཅན་ཆོས་རྒྱལ་གྱིས་མ་༼ཁྱོག༽་པ། དམ་ཅན་ཆོས་རྒྱལ་གྱིས་མ་༼ཆོག༽་པ།

    ཡང༌། མཇུག་འདིར་དྲི་བ་ཞིག་ཡོད། ༼རྗེ་རིན་པོ་ཆེ་ཡི་བླ་བྲེ་ཐུབ་པའི་སྲུང་མ་ཞིག་ལ་བསྙེན་འབྲེལ་གནང་གི་རེད་མ་གཏོགས་གོ་མ་ཆོད་པ་ཞིག་ལ་བསྙེན་འབྲེལ་གནང་གི་མ་རེད།
    ༽ཞེས་བྲིས་འདུག་པ་འདིར་འགྲེལ་བཤད་ཅིག་ཀྱང་གནང་རོགས།

    Reply
  23. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    དེ་རིང་༧གོང་ས་མཆོག་གི་བཀའ་སློབ་དེ་དངོས་ཉིད་རླབས་ཆེན་གྱི་བཀའ་སློབ་
    ཞིག་རེད་དོན་སྙིང་ལྡན་པའི་བཀའ་བཟང་འདིར་ང་ཚོ་ཚང་མ་གཅིག་མཇུག་གཉིས་མཐུད་བྱེད་ཤོག་བླ་སྤྲུལ་ཚོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese