ཚེས་ ༢༨ ཉིན་༧གོང་ས་མཆོག་གིས་རྒྱ་གར་གྱི་གསར་འགོད་པ་ཚོར། སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་དོན་ཐོག་དོན་དངོས་ཀྱི་ཕྱག་ལས་གནང་རྒྱུའི་ཐུགས་རེ་གནང་གི་འདུག་ཅེས་གསུངས་ཡོད་པ་རེད།
རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་དུ་འཚོགས་པའི་རྒྱ་གར་གྱི་མཉམ་འབྲེལ་གསར་འགོད་ལྷན་ཚོགས་ཐོག་༧གོང་ས་མཆོག་གིས་འགྱུར་ལྡོག་གི་རླུང་འཚུབ་ཅིག་གིས་རྒྱ་ནག་འདི་གཙང་ཕྱག་བྱ་རྒྱུ་ནི་ངེས་གཏན་རེད་ཅེས་གསུངས་ཡོད་ལ། དེ་བཞིན་ཁོང་གིས། སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་མ་ཕེབས་གོང་ང་ལ་མ་མཇལ་བ་དེ་ནི་ཕལ་ཆེར་གཞུང་འབྲེལ་གྱི་ཕྱག་ལས་དབང་གིས་ཡིན་རྒྱུ་རེད། སྲིད་འཛིན་ཁོང་ཉིད་ལ་མཚོན་ནའང་བོད་དོན་ཅིག་ཕྱག་ལས་རེ་གནང་རྒྱུའི་ཐུགས་རེ་འདུག འདི་མངོན་གསལ་རེད། ཡིན་ཡང་ཁོང་རྒྱ་ནག་ལ་མ་ཕེབས་པའི་སྔོན་ལ་ངོས་རང་ལ་ཐུག་པ་ཡིན་ན་རྒྱ་ནག་གིས་སྔོན་མ་ཧྥ་རན་སིའི་སྲིད་འཛིན་དང་འཇར་མན་གྱི་མགོ་ཁྲིད་རྣམ་གཉིས་ལ་གནང་སྟངས་ལྟར་ཐབས་ཤེས་འདྲ་མིན་གྱི་ལམ་ནས་རྒོལ་ལན་སློག་གི་རེད་ཅེས་དང་། རྒྱ་ནག་ཡང་འཛམ་གླིང་གི་འཕེལ་ཕྱོགས་དང་བསྟུན་ནས་འགྲོ་དགོས་པ་ཞིག་རེད་ལ། རྒྱ་ནག་ཇི་འདྲའི་སྟོབས་ཆེན་ཞིག་ཡིན་རུང་ཁོ་ཚོ་ཡང་དམངས་གཙོ་དང་རང་དབང་། ཁྲིམས་ཀྱི་དབང་བསྒྱུར། རང་དབང་ལྡན་པའི་ཁྲིམས་བཤེར། གསར་འགོད་རང་དབང་སོགས་དང་བསྟུན་ཏེ་འགྲོ་དགོས་པ་གལ་ཆེན་པོ་རེད། འགྱུར་བ་ཞིག་ཐེབས་རྒྱུ་ནི་གཏན་འཁེལ་རེད། ཡིན་ཡང་འགྱུར་བ་དེ་ནམ་ཞིག་ལ་ཡོང་མིན་སུས་ཀྱང་བཤད་ཐུབ་པ་ཞིག་མ་རེད་ཅེས་གསུངས་འདུག
བཤད་བཏང་རུང་ཅང་བྱེད་དོགས་ཁ་པོ་མ་རེད། གང་ཡིན་ཟེར་ན་ཨ་ཁུ་སྟོན་པ་ས་ནས་ས་རུ་ལྷུང་གི་མ་རེད། དེ་མིན་༸སྐུ་མདུན་ལ་བཅར་ཏེ་དོགས་གཅོད་ཞུ་ན་བཟང༌།
སེམས་ལ་དྲན་པ་དེ་བཤད་ཐུབ་ཀི་མི་འདུག གཞན་ཞིག་བཤད་ན་མི་འདོད་ཀི ད་ཅི་བྱས་ན་ཡག་གི་རེད།