བོད། ཤ་ཁྲག་རུས་གསུམ།

བོད། ཤ་ཁྲག་རུས་གསུམ།

ང་རང་ལ་དམིགས་བསལ་གྱི་ལོ་རྒྱུས་ཁྱད་པར་བ་དེ་འདྲ་གང་ཡང་མེད་ཀྱང། གངས་ཅན་བོད་པ་ཚང་གི་ལས་དབང་ལ་དུངས་ཞེན་ཆེ་སྟབས། དེ་རིང་དུས་བབ་ཚང་གི་ཕུན་སུམ་ཚོགས་པའི་འཛིན་སྐྱོང་དེའི་འོག་སྐྱེད་ཚལ་ཞིག་རེག་པ་ལ། སྙིང་ཐག་པ་ནས་དགའ་མོས་བྱུང་བ་དང་ཆབས་གཅིག གངས་ཅན་བོད་པའི་ཡི་གེའི་དྲ་ཚིགས་འདི་འཛམ་གླིང་གི་བོད་པ་ཚང་གི་མི་ཡོད་ཚད་ཀྱིས་ལོངས་སྤྱོད་དུ་གང་མགྱོགས་མགྱོགས་ཡོང་བའི་རེ་སྨོན་ཞིག་དང་བཅས། དྲ་གྲོགས་ལྷན་རྒྱས་ལ་འཚམས་འདྲི་ཞུ། ཡིན་ཡང་ངས་གང་ཡང་མ་ཤེས་པ་ནས་ཅུང་ཙམ་ཤེས་པ་དང་། ཅུང་ཙམ་ཤེས་པ་ནས་ང་རྒྱལ་བྱེད་རྒྱུར་དགའ་བའི་རང་གཤིས་དེ་མེད་ལ། ངའི་རང་གཤིས་ལ་མི་གཞན་གྱིས་སྡོམ་ཚིག་རྒྱག་མི་ཐུབ་པ་མ་ཟད། རང་ཉིད་ཀྱིས་ཀྱང་རང་ཉིད་ལ་སྡོམ་ཚིག་རྒྱག་ཐུབ་ཀྱི་མེད། ང་རང་དེ་རིང་འདིར་ཡོང་དོན་གཙོ་བོ་ནི། བོད་པ་ཚང་གི་གནས་བབ་ཀྱི་འགྱུར་ལྡོག་ལ་བོད་པ་རང་ཉིད་ཀྱིས་རང་གི་མི་རིགས་ལ་ཁ་ཁོག་པ་མེད་པའི་ལས་དོན་ཞིག་གི་ཆེད་དུ་གྲོས་གཞི་དང་། རང་རང་གི་ལྟ་ཚུལ་རྐྱང་རྐྱང་ལ་ཨུ་ཚུགས་མི་བྱེད་པར་གནས་ལུགས་དང་རྒྱུ་མཚན་རྟོགས་ཆེད་དུ་ངོ་ཤེས་བྱེད་དུ་ཡོང་བ་དང་། དྲ་གྲོགས་གསར་པ་གང་མང་མང་ཞིག་ཁ་ཡོད་ལག་ཡོད་ཀྱིས་བོད་སྐད་བཤད་སའི་གླིང་ག་འདི་འདྲ་ཞིག་ཡོད་པ་དེ། རང་རང་གི་ཉེ་འཁོར་གྱི་བོད་རིགས་སྤུན་ཟླ་ཚོར་གསུང་རོགས་གནོངས་ཞེས་འབོད་སྐུལ་སེམས་བསམ་པའི་གཏིང་ནས་བྱེད་ཀྱི་ཡོད། །

  མ་ཤེས་ན་གཞན་ལ་དྲིས། མི་རིག་ན་སྒང་ལ་བུད་ཟེར་ནས་བོད་སྲིད་པ་ཚང་ལ་གཏམ་དཔེ་ཡོད་སྟབས། ཤེས་མ་ཤེས་མཚམས་ནས་འུར་རྒྱག་པ་ལས་རྗེས་ཕྱོགས་ཕན་ཚུན་ལ་སྐད་ཆ་དྲིས་ན་དོགས་པ་སེལ་འགྲོ་ངེས་ཡིན་ན། ཐུགས་ལ་འཛིན་རོགས་ཞུ་་་

ཇེ་མང་ཀློགས།

         སྲོག་ཆགས་འདི་ཚོ་འགྲོ་བ་མིའི་རིགས་ཞེས་བ་དེ་ཡིན་ནམ་ཅི།          འཛམ་གླིང་འདིས་སྟེང་གི་ཆེས་མཐོ་ས་ནས་སྐྱེ་བའི་སྲོག་ཆགས་ཤིག འཛམ་གླིང་འདིས་སྟེང་གི་ཆེས་དམའ་སའི་སྲོག་ཆགས་རིགས་གཞན་ཞིག་གི་རི་གྲོང་དུ་སླེབས།སྲོག་ཆགས་འདི་ཚོ་མི་སླེབས་སའི་་་

ཇེ་མང་ཀློགས།

    ལས་ཀྱི་དབང་ཐང་མི་མཉམ་འཇིག་རྟེན་ཁམས།། རང་རང་སོ་སོའི་མོས་པ་གཙོ་གཉེར་བའི།། རིགས་གཞན་གྲོང་གི་འཚོ་བ་རོལ་ལུགས་འདིས།། སྣང་བ་མཁའ་ལ་འཕྱོ་བའི་སྣང་བརྙན་ཞིག།་་་

ཇེ་མང་ཀློགས།

སུ་ཞིག་གིས་ད་ལྟའི་དུས་རབས་འདིས་ནང་དུ་འགྲོ་འདུག་སྤྱོད་གསུམ། དྲན་སྒྲུབ་ལས་གསུམ། བྱེད་སྒྲུབ་བཤད་གསུམ། འཆན་ཁྲིད་གསན་གསུམ། འདི་དག་ཞི་བའི་ངང་དུ་བྱེད་ཐུབ་མཁན་གྱི་སྐྱེ་བུ་དེ་སུ་རེད།་་་

ཇེ་མང་ཀློགས།

ད་ལྟའི་དུས་སྐབས་འདི་ལ་བཙན་བྱོལ་ནང་གི་གསར་འགྱུར་དང་ཚགས་ཤོག་གང་མང་ཞིག་གི་གླེང་གཞི་ནི་༧གོང་ས་མཆོག་གིས་སྐུ་དབང་ལ་འགྱུར་བ་འགྲོ་མིན་དང་ཚོགས་འཆར་ཡོད་པའི་ཚོགས་འདུ་དེའི་ཐག་གཅོད་གང་ཞིག་བྱེད་མིན་དང་ཚོགས་འདུ་་་

ཇེ་མང་ཀློགས།

        ད་འཇོན་ན་ལོངས་ཡ་ཤོད་ཡ།  བོད་མིས་རེ་འདོད། བོད་མིས་བདེ་སྡུག བོད་མིས་ཚེ་སྲོག བོད་མིས་རང་དབང་། བོད་མིས་རིག་གཞུང་། བོད་མིས་འདས་མ་འོངས།བོད་མིས་ཡོད་ཚད་ཀྱི་ཡོད་ཚད། ད་ནི་གངས་ཅན་བོད་པ་ཚང་གི་ལག་དུ་བཞག་ཡོད་པས། ད་ལོང་ཡ། ད་ཤོད་ཡ། ད་་་

ཇེ་མང་ཀློགས།

  ག་ལེར་ལམ་དུ་ཆས  གང་ལྟར་ན  ལྷན་དུ་བསྡད་ཡོད་ལ་ལྷན་དུ་འགྲོ་བཞིན་ཡོད་ དེ་ནི་རེ་བ་ཞིག་ལས་ མིག་གི་མཐོང་ས་དང་ སེམས་ཀྱི་གཉོབ་ས་ཞིག་དུ་མི་འདུག་་་

ཇེ་མང་ཀློགས།

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist