རྨི་ལམ་དེ་ནི ང་རང་གི་མིན་ན དེ་དུས ཕྱི་རོལ་ན་རླུང་མི་འདུག ཁ་དབུགས་ཀྱང་མི་འདུག ལས་དབང་ཡང་ གང་ནས་འགོ་འབུས གང་ལྟར ངས་རང་ངོ་ལ་ཕྱི་ནང་ཞིག ག་དུས་ཀྱང་བསླུས་ཟིན་པ་ལྟར་་་
ཇེ་མང་ཀློགས།དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ང་རང་ལ་དམིགས་བསལ་གྱི་ལོ་རྒྱུས་ཁྱད་པར་བ་དེ་འདྲ་གང་ཡང་མེད་ཀྱང། གངས་ཅན་བོད་པ་ཚང་གི་ལས་དབང་ལ་དུངས་ཞེན་ཆེ་སྟབས། དེ་རིང་དུས་བབ་ཚང་གི་ཕུན་སུམ་ཚོགས་པའི་འཛིན་སྐྱོང་དེའི་འོག་སྐྱེད་ཚལ་ཞིག་རེག་པ་ལ། སྙིང་ཐག་པ་ནས་དགའ་མོས་བྱུང་བ་དང་ཆབས་གཅིག གངས་ཅན་བོད་པའི་ཡི་གེའི་དྲ་ཚིགས་འདི་འཛམ་གླིང་གི་བོད་པ་ཚང་གི་མི་ཡོད་ཚད་ཀྱིས་ལོངས་སྤྱོད་དུ་གང་མགྱོགས་མགྱོགས་ཡོང་བའི་རེ་སྨོན་ཞིག་དང་བཅས། དྲ་གྲོགས་ལྷན་རྒྱས་ལ་འཚམས་འདྲི་ཞུ། ཡིན་ཡང་ངས་གང་ཡང་མ་ཤེས་པ་ནས་ཅུང་ཙམ་ཤེས་པ་དང་། ཅུང་ཙམ་ཤེས་པ་ནས་ང་རྒྱལ་བྱེད་རྒྱུར་དགའ་བའི་རང་གཤིས་དེ་མེད་ལ། ངའི་རང་གཤིས་ལ་མི་གཞན་གྱིས་སྡོམ་ཚིག་རྒྱག་མི་ཐུབ་པ་མ་ཟད། རང་ཉིད་ཀྱིས་ཀྱང་རང་ཉིད་ལ་སྡོམ་ཚིག་རྒྱག་ཐུབ་ཀྱི་མེད། ང་རང་དེ་རིང་འདིར་ཡོང་དོན་གཙོ་བོ་ནི། བོད་པ་ཚང་གི་གནས་བབ་ཀྱི་འགྱུར་ལྡོག་ལ་བོད་པ་རང་ཉིད་ཀྱིས་རང་གི་མི་རིགས་ལ་ཁ་ཁོག་པ་མེད་པའི་ལས་དོན་ཞིག་གི་ཆེད་དུ་གྲོས་གཞི་དང་། རང་རང་གི་ལྟ་ཚུལ་རྐྱང་རྐྱང་ལ་ཨུ་ཚུགས་མི་བྱེད་པར་གནས་ལུགས་དང་རྒྱུ་མཚན་རྟོགས་ཆེད་དུ་ངོ་ཤེས་བྱེད་དུ་ཡོང་བ་དང་། དྲ་གྲོགས་གསར་པ་གང་མང་མང་ཞིག་ཁ་ཡོད་ལག་ཡོད་ཀྱིས་བོད་སྐད་བཤད་སའི་གླིང་ག་འདི་འདྲ་ཞིག་ཡོད་པ་དེ། རང་རང་གི་ཉེ་འཁོར་གྱི་བོད་རིགས་སྤུན་ཟླ་ཚོར་གསུང་རོགས་གནོངས་ཞེས་འབོད་སྐུལ་སེམས་བསམ་པའི་གཏིང་ནས་བྱེད་ཀྱི་ཡོད། །
རྨི་ལམ་དེ་ནི ང་རང་གི་མིན་ན དེ་དུས ཕྱི་རོལ་ན་རླུང་མི་འདུག ཁ་དབུགས་ཀྱང་མི་འདུག ལས་དབང་ཡང་ གང་ནས་འགོ་འབུས གང་ལྟར ངས་རང་ངོ་ལ་ཕྱི་ནང་ཞིག ག་དུས་ཀྱང་བསླུས་ཟིན་པ་ལྟར་་་
ཇེ་མང་ཀློགས།དེ་དུས་ནས་བཟུང་ སུ་ཞིག་གིས་འཁྲིད་པ་མི་ཤེས གང་ལྟར ཕྱིར་ཡོང་མེད་པའི་མི་ཞིག་ལ་ང་རང་གི་སེམས་པ་བྱིན མི་མཐོང་ས་ཞིག་ནས མི་གཉོབ་ས་ཞིག་ནས སུས་ཀྱང་རྐང་རྗེས་སྤར་ཡོད་མེད་ལ་ཉམས་མ་བཞག ལོ་ངོ་མང་བོ་མང་བོ་ཞིག་བུད་ཐལ ད་་་
ཇེ་མང་ཀློགས།དུག་དང་ཁྲག་གཉིས་བསྲེས་པའི་ཚོར་བ་ཞིག། དབང་མེད་བྲན་དུ་འཚུད་པའི་མི་བུ་བདག། འདོམ་བཀང་ལག་དུ་བཟུང་བའི་ཕྱིར་ཉིན་ནས།། རང་ངོ་སྙིགས་དུ་དཔྱངས་པའི་ཚུལ་འདི་སྐྱོ།།་་་
ཇེ་མང་ཀློགས།ཉན་བཞིན་ཉན་བཞིན་སེམས་པ་དྲགས་དུ་ལྡིང་།། བསམ་བཞིན་བསམ་བཞིན་མིག་ཆུ་ཆར་དུ་གྱུར།། བལྟ་བཞིན་བལྟ་བཞིན་ཤ་དང་རུས་པ་འདར།། ཅི་འདྲའི་ཡིད་འོང་སྟོང་གི་དབྱངས་རྟ་ཞིག།་་་
ཇེ་མང་ཀློགས།སྐད་ངག་ཡོད་ཚད་བཀུགས་དེ་གླུ་ཞིག་ལེན།། སྙན་པའི་དབྱངས་རྟ་ཞིག་གི་རོགས་འདེགས་མཁོ།། སྒྱུ་མའི་འཕྲུལ་ལ་དཕྱངས་པའི་གླིང་ཁ་ནས།། དུས་ཀྱི་མཚམས་དང་འབྲེལ་བའི་བརྡ་ཞིག་འཚོལ།།་་་
ཇེ་མང་ཀློགས།འདི་དང་འགྲོགས་ན་ལས་ཀྱི་དེད་པ་ལྟར།། གན་དང་ཐུག་ན་བར་ཆད་འཕྲད་པ་ལྟར།། དེ་ཉིད་མཐོང་དུས་སེམས་ཀྱི་བླ་ཤོར་འདྲ།། གཤིན་པོའི་རྣམ་ཤེས་བསྡུ་མཁན་དོན་དངོས་སུ།།་་་
ཇེ་མང་ཀློགས།སེམས་ཀྱི་སྐྱིབས་ཁུགས་སུ་འདར་བའི་རང་བྱུང་གི་གཤིས་ལ།། དུས་གསུམ་གང་དུ་འང་མི་འགྱུར་ཆོས་ཉིད་ཀྱི་རྣམ་ཤེས།། རྒྱབ་མདུན་གཏད་སོ་ཡི་བྲལ་བ་སེམས་ནང་གི་འཆར་གཞི།། གཅིག་དུ་སྤུངས་པ་རུ་འབོད་པ་འགྲོ་བ་ཡི་ཚེ་སྲོག།་་་
ཇེ་མང་ཀློགས།མི་ལོ་སུམ་བཅུའི་ཐེམ་སྐས་བརྒལ་ཟིན་བགྲང་བྱ་སུམ་བཅུའི་ཟས་རིན་མ་ཞོག་ཐལ།། གཞན་ཡུལ་འདི་རུ་སླེབས་ནས་མི་ཚེ་ཞིག་གི་དོན་གོ་མ་ཆོད་ལུས་དེ་ཡོད།།་་་
ཇེ་མང་ཀློགས།དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།