མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་པོའི་རིགས་རྒྱུད་ཁྱི་ཡི་གཡོག་དུ་བརྫངས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

དུག་དང་ཁྲག་གཉིས་བསྲེས་པའི་ཚོར་བ་ཞིག།
དབང་མེད་བྲན་དུ་འཚུད་པའི་མི་བུ་བདག།
འདོམ་བཀང་ལག་དུ་བཟུང་བའི་ཕྱིར་ཉིན་ནས།།
རང་ངོ་སྙིགས་དུ་དཔྱངས་པའི་ཚུལ་འདི་སྐྱོ།།

དྲང་ཚུགས་ཡོད་པར་ལྟ་བའི་རང་སེམས་དང་།།
གཤིས་ཀ་གསེར་དུ་རློམ་པའི་ལྐོག་ལས་ལ།།
གོམ་ནས་ནད་ཀྱི་མལ་ཁྲིར་བསྙེས་པ་འདིས།།
ཤི་ཁར་མ་ཎི་འདོན་ཡང་ཕན་མེད་རེད།།

ཆུང་མ་བུ་ཕྲུག་གམ་དུ་ཡོད་གྱུར་ཀྱང་།།
མུན་ནག་མཚན་མོའི་གློག་གི་འོད་ལམ་ནས།།
མྱུར་འཕྲིན་དྲ་བའི་ལས་སུ་འཐོམ་དུས་སུ།།
དངོས་ཡོད་འཚོ་བ་བརྗེད་པ་ཡ་རེ་ང་།།

ལུས་ཀྱི་བར་ཐག་ཉེ་ཡང་དྲན་ཤིང་འདི།།
ཁོམ་པའི་ལས་ལ་མྱུར་མོའི་གདོན་འཛུལ་ནས།།
བྲེལ་བའི་འཁོར་བར་འཁྱམ་པའི་བྲན་གཡོག་ང་།།
གསོན་ཡང་ཤི་བོའི་ལས་ཤིག་དང་དུ་ལེན།།

འཇམ་པོའི་སྐད་ངག་དབྱངས་རྟའི་བར་གསེང་དུ།།
གཅེར་བུའི་འཕྲུལ་གྱི་འཁུན་སྒྲ་ཉན་ཐེངས་རེར།།
རྒྱུས་མེད་སྐྱི་མོའི་གཟུགས་ཀྱིས་བསླུས་པ་འདི།།
ཆུད་ཟོས་ལོ་ཟླ་རིང་བ་དབུགས་རིང་ཡོད།།

གཤིབ་དུ་འདོད་ཀྱང་དབང་ལ་མ་འོང་བར།།
དམིགས་པའི་འབེན་ལས་གཞི་རྒྱུད་འཁྱོག་ཉིན་ནས།།
རིགས་ཀྱི་མྱུ་གུ་གཞན་ལ་ཤོར་བ་འདིས།།
བཙན་པོའི་རྒྱུད་པ་ཁྱི་ཡི་གཡོག་དུ་བརྫངས།།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 12

  1. loedoe says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་དེང་སང་སྨྱོས་ཡོད་གི།
    ཚིག་ངན་ཁ་ལོག་ཁོ་ནའི་གང་ཡོད་གི།།
    རང་གི་རིགས་ལ་འདི་འདྲའི་སྡང་སེམས་ཞིག།
    ཨ་མའི་བུ་ངན་ཁྱོད་ལ་སུ་ཡིས་བྱིན།།
    ཕྱོགས་ལྷུང་འཐེན་ཁྱེར་དུག་གི་བཟི་བ་ཡི།།
    ཆོས་ལྡན་བོད་པ་ཚང་གི་མི་རབས་ཁྱོད།།
    ད་རུང་ཕུ་དཀྲིགས་མདའ་དཀྲིགས་ཀྱིས་ཤིག་དང།།
    གངས་ཅན་བོད་པ་ད་རུང་ཚར་མེད་གི།
    རང་གི་རིགས་ལ་འདི་འདྲའི་སྡང་སེམས་ཞིག།།
    གྲྭ་ལོག་ལྟ་ལོག་ཁྱོད་ལ་སུ་ཡིས་བྱིན།།
    ཀུན་དང་མཐུན་པ་སྲིད་འདིར་དཀའ་ན་འང་།།
    རང་གི་རིགས་ལ་མཐུན་པ་གལ་ཆེན་ཡིན།།

    Reply
  2. loedoe says:
    ལོ་ 16 སྔོན།

    རང་སྲོག་རང་གིས་གཅོད་ལ་དགའ་གྲོག་གྲོག།།
    རང་ཁ་རང་གིས་གཅོད་ལ་དགའ་གྲོག་གྲོག།
    རང་ཡུལ་རང་གིས་བརླག་ལ་ངར་ཤུགས་ཤུགས།།
    རང་བདེ་རང་གིས་ཕོངས་ན་བདེ་ཞིག་ཞིག།
    རང་དོན་ཡལ་བར་བོར་བའི་སེམས་དཔའི་ཁྱུ།།
    གངས་ཅན་ཁ་བ་རི་བོའི་ཁོངས་གསེང་ན།།
    རྒྱུ་ནོར་ཐབས་ཀྱིས་བཟོས་པ་མང་བའི་ཕྱིར།།
    པུར་རྒྱལ་བོད་ཀྱི་བསྟན་པ་ཉམ་རེ་ང།།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    ཟ་ལེ་རྒྱལ་ལགས།
    རིགས་ཀྱི་དུངས་པ་འདྲེན་པའི་བར་ཞིག་ན།།
    བདག་གི་བཅིངས་པའི་འགྱུར་མེད་ཞེན་རྩ་ནི།།
    བོད་མི་མགོ་ནག་སྤྱི་བོའི་དོན་ཞིག་ཆེད།།
    སྐད་ཆའི་སྙིང་རྩ་འབྲེག་ཀྱང་མི་འགྱོད་ལ།།
    བཟང་ངན་ཡག་ཉེས་གང་ཡིན་སྤུན་ཟླ་ཚོས།།
    བསམ་བློ་ཞིབ་མོ་གཏོང་བར་ཡིད་ཆེས་ཡོད།།
    ཡོད་པ་འདི་ཡང་ཁྱེད་དང་འུ་ཅག་གིས།།
    གཞིས་བྱེས་སྐྱིད་སྡུག་གཅིག་དུ་སྤྲེལ་བ་དང་།།
    བསམ་བློའི་ནུས་པ་སྤུངས་པའི་སྨོན་སེམས་སོགས།།
    བཤད་ན་རྫོགས་རྒྱུ་མེད་ཀྱང་སྐུ་ཉིད་ནས།།
    མཆན་པུ་གཅིག་དེ་ཐེངས་གཉིས་བཏབས་པ་དང་།།
    ཅིས་ཀྱང་ལན་ཞིག་ཡོད་པའི་སྐུལ་ངོ་དེར།།
    མ་ལྡོག་ཚུལ་དུ་བྲིས་པའི་ཚིག་འདིའི་ནང་།།
    ཉིད་ཀྱི་རེ་སྐུལ་ཙམ་ཞིག་འགྲུབ་པར་སྨོན།།

    Reply
  4. salygyal says:
    ལོ་ 16 སྔོན།

    ཤ་ཚའི་སྐད་ཆ་ཡིན་ཡང་བཤད་ས་མ་ནོར།།
    ཁྲག་གི་རྒྱུ་བ་གཅིག་ཀྱང་ཡིད་ཆེས་མ་བྱེད།།
    རུས་ལྡན་སྙིང་གི་འཕར་ཚད་འགྱུར་དུ་མ་འཇུག།
    གསུམ་ལྡན་བསླབ་བྱ་འདི་ལ་གོ་བ་དགུ་ཡོད།།

    ངའི་མཆན་འདི་རིག་ཡོད་ན་ལན་ཞིག་གནོངས། སྐྲག་དགོས་ནི་མ་རེད།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས། བསྟོད་བསྔགས་བྱས་པ་དེར་དགའ་ནས་ཡོད། དེང་སང་རྒན་པོ་ཁྱེད་རང་སྤུས་གཙང་གི་རུས་རྒྱུད་དེ་ཚོ་སྐྱོང་ནས་བདེ་ལེགས་སམ།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    གཡས་གཡོན་གང་ནས་དེད་ཀྱང་གཅེན་པོ་ནི།།
    ནམ་ཡང་འགྱུར་དུ་མེད་པའི་བཙན་པོའི་བུ།།
    རིགས་རྒྱུད་གཙང་སྤེལ་ཡིན་པར་ཡིད་ཆེས་བྱེད།།
    རིགས་པའི་ཐང་ཆེན་འགྲིམ་པར་བལྟས་དེ་ཡོད།།

    Reply
  7. chokri nyima says:
    ལོ་ 16 སྔོན།

    དངོས་གནས་སྙན་པོ་བྱུང་་་་་་ཤ་རུས་ལགས།

    Reply
  8. tsekyis says:
    ལོ་ 16 སྔོན།

    གཡས་ནས་དེད་ན་གཡོན་ལ་ལྷུང་ལ་ཁད།།
    གཡོན་ནས་ཟབ་ན་མདུན་དུ་འབུད་ལ་ཁད།།
    པུར་རྒྱལ་བཙན་པོའི་གཟི་བརྗིད་མི་བཟོད་པས།།
    གཅེན་པོ་ང་ནི་ཡོལ་བའི་རྒྱབ་ཏུ་ཚུད།།

    Reply
  9. sha tak ri sim says:
    ལོ་ 16 སྔོན།

    བཙན་པོའི་རྗེས་རབས་ཁྱེད་འདྲ་སྔར་བཞིན་ཡིན།།
    ང་འདྲའི་ལས་ངན་ཁ་ཤས་གཞུག་ཁྱི་ཡིན།།
    དེ་གཉིས་དབྱེ་བ་བཀར་ནས་ཀློག་ཞིག་དང་།།
    ནམ་ཡང་ཉིད་རང་གཅེན་པོའི་ཚུལ་དུ་འབོད།།

    Reply
  10. tsekyis says:
    ལོ་ 16 སྔོན།

    སྐབས་རེ་བཙན་པོའི་རིགས་རྒྱུད་དཔའ་རབས་བཤད།།
    མཚམས་རེད་བཙན་པོའི་རིགས་རྒྱུད་གཞུག་ཁྱི་ཟེར།།
    ཁྱི་ཡིས་ཁྱི་གཡོག་རྒྱུགས་པའི་ལུགས་སྲོལ་འདི།།
    དུས་རབས་འདི་དང་མཚམས་པའི་ལམ་བུ་ཞིག།

    Reply
  11. sha tak ri sim says:
    ལོ་ 16 སྔོན།

    གནང་ལྕགས་ལགས། ཕེབས་ནས་བསམ་ཚུལ་ཐུང་ཙམ་གསུངས་པ་དེར་དགའ་གུས་ཡོད།

    Reply
  12. kkalsang says:
    ལོ་ 16 སྔོན།

    ཨ་རོགས། རང་སྐྱོན་ངོས་ལེན་བྱས་པ་ཡག་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese