༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག བོད་ཀྱི་དུས་བབ། ༢༠༢༣/༠༦/༠༢ ཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལཱ་ཌི་ཝི་ཡའི(Latvia)སྲིད་འཛིན་གསར་པ་སྐུ་ཞབས་ཨེ་གྷར་སི་རིན་ཁེ་ཝེ་སི་(Edgars Rinkevics )ལགས་སུ་འཚམས་འདྲི་མཛད་འདུག ་་་ ཇེ་མང་ཀློགས།
ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས། བོད་ཀྱི་དུས་བབ། ༢༠༢༣/༠༦/༠༢ ཅེག་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་གྲོས་ཆོད་ཅིག་གཏན་འབེབས་བྱས་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་དང་བོད་ནང་རྒྱ་སྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་ཁག་མཚམས་འཇོག་དགོས་པའི་སྐུལ་མ་བཏང་འདུག་་་ ཇེ་མང་ཀློགས།
ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་། བོད་ཀྱི་དུས་བབ། ༢༠༢༣/༠༦/༠༡ ཕྱི་ཟླ་ ༥ ཚེས་ ༣༠ ཉིན་བོད་དཀར་མཛེས་ཉག་ཆུ་རྫོང་ཁོངས་ཀྱི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ། ད་ལྟ་ད་དུང་ཡང་མེ་ཁ་གསོད་ཐུབ་ཀྱི་མེད་པ་རེད།་་་ ཇེ་མང་ཀློགས།
མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག བོད་ཀྱི་དུས་བབ། ༢༠༢༣/༠༥/༣༡ བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་བོད་ནས་རྗེས་འབྱོར་བ་རྣམས་ལ་དམིགས་ཏེ། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་ཕན་བདེ་གཞིས་གྲོང་དུ་རྗེས་འབྱོར་ཁྱིམ་ཚང་ ༤༠ ཁང་པ་བགོ་འགྲེམས་གནང་འདུག་་་ ཇེ་མང་ཀློགས།
འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། བོད་ཀྱི་དུས་བབ། ༢༠༢༣/༠༥/༣༡ འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་ནད་ཡམས་གདོང་ལེན་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་བ་དང་འབྲེལ་མ་འོངས་ནད་ཡམས་སྔོན་འགོག་གི་གྲོས་གཞི་བཏོན་ཡོད་འདུག་་་ ཇེ་མང་ཀློགས།
ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ། བོད་ཀྱི་དུས་བབ། ༢༠༢༣/༠༥/༣༡ ༧གོང་ས་མཆོག་གིས་འཇམ་དཔལ་དབྱངས་ཀྱི་རྗེས་གནང་གནང་སྐབས། བོད་མི་ཚོས་ནུབ་ཕྱོགས་པའི་རིག་གསར་ཐོག་དོ་སྣང་བྱས་ཏེ་རང་རེའི་བོད་མིའི་ཆོས་དང་རིག་གཞུང་ཐོག་སློབ་སྦྱོང་བྱ་རྒྱུ་འཐུས་ཤོར་ཕྱིན་ཡོད་པའི་བཀའ་སློབ་བསྩལ། ་་་ ཇེ་མང་ཀློགས།
རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག བོད་ཀྱི་དུས་བབ། ༢༠༢༣/༠༥/༣༠ རྒྱ་ནག་གཞུང་གིས་ལོ་ངོ་ ༦༥༠ ལྷག་གི་ལོ་རྒྱུས་ལྡན་པའི་ཡུན་ནན་ཐོང་ཧེ་རྫོང་ཁོངས་སུ་ཡོད་པའི་ཁ་ཆེའི་ལྷ་ཁང་ནཱ་ཇཱ་ཡེན་ཞེས་པ་གཏོར་བཤིག་གཏོང་རྩིས་བྱེད་སྐབས་མི་མང་གིས་འགོག་རྒོལ་བྱས་ཏེ་གདོང་ཐུག་ཚབས་ཆེན་བྱུང་ཡོད་པ་་་ ཇེ་མང་ཀློགས།