རྒྱལ་བ་ཀརྨ་པ་མཆོག་ལ་ཐོངས་མཆན་སྩལ་མི་འདུག བོད་ཀྱི་དུས་བབ། ༢༠༡༠/༠༤/༠༦ རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པ་ལྟར་རྒྱལ་བ་ཀརྨ་པ་མཆོག་གི་ཡུ་རོབ་ཆིབས་བསྒྱུར་དེ་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་རེད།་་་ ཇེ་མང་ཀློགས།
ན་ནིང་བོར་བརླགས་སོང་བའི་རྭ་རྒྱའི་གྲྭ་པ་གཉིས་གློད་གྲོལ། བོད་ཀྱི་དུས་བབ། ༢༠༡༠/༠༤/༠༥ ལོ་སྔོན་མར་མགོ་ལོག་རྭ་རྒྱ་ཁུལ་དུ་ཞི་བའི་ངོ་རྒོལ་སྐབས་འཛིན་བཟུང་བྱས་པའི་གྲྭ་འོད་ཟེར་བཟང་བོ་དང་ངག་དབང་བཟང་བོ་གཉིས་ཉེ་ཆར་དར་ལག་རྫོང་ནས་གློད་གྲོལ་བཏང་ཡོད་འདུག་་་ ཇེ་མང་ཀློགས།
ས་གནས་རླུང་འཕྲིན་ཁང་གསར་འཛུགས། བོད་ཀྱི་དུས་བབ། ༢༠༡༠/༠༤/༠༥ ཨོ་སི་ཊི་ལི་ཡའི་ནང་བོད་སྐད་ཀྱི་རླུང་འཕྲིན་ཁང་ཞིག་གསར་འཛུགས་གནང་སྟེ་བོད་ མིའི་བསམ་ཚུལ་དང་མངོན་འདོད་བརྗོད་སའི་སྡིངས་ཆ་གསར་བ་ཞིག་བསྐྲུན་ཡོད་ཟེར།་་་ ཇེ་མང་ཀློགས།
རྨ་ཆུ་རྫོང་དུ་ཡང་བསྐྱར་ཡར་ལངས་བྱས། བོད་ཀྱི་དུས་བབ། ༢༠༡༠/༠༤/༠༥ རྒྱ་གཞུང་གིས་ཉེ་ཆར་ཕྱིར་ཕུད་བཏང་བའི་སློབ་གཙོ་རྣམ་གཉིས་དང་ལས་བྱེད་མི་སྣར་ ལས་གནས་སྤྲོད་རྒྱུའི་ངོས་ལེན་མ་བྱས་སྟབས། རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་སློང་ཡོངས་ནས་ངོ་རྒོལ་བྱས་ཡོད་འདུག་་་ ཇེ་མང་ཀློགས།
ཉེན་རྟོག་པ་ ༡༠ བསད་འདུག བོད་ཀྱི་དུས་བབ། ༢༠༡༠/༠༤/༠༥ རྒྱ་གར་གྱི་ཨོ་རི་ས་མངའ་སྡེའི་ནང་མའོ་ཤོག་ཁག་གིས་ཉེན་རྟོག་པའི་མོ་ཊ་གས་གཏོར་བཏང་སྟེ་ཉུང་མཐར་མི་ ༡༠ བསད་ཡོད་འདུག་་་ ཇེ་མང་ཀློགས།
བོད་པའི་འབྲོག་པ་ཚོ་ལ་དྭགས་སུ་དེད་ཡོང་གི་འདུག་ཟེར། བོད་ཀྱི་དུས་བབ། ༢༠༡༠/༠༤/༠༥ རྒྱ་ནག་གིས་བོད་རིགས་འབྲོག་པ་ཚོ་རྒྱ་གར་གྱི་ལ་དྭགས་ས་ཁུལ་ལ་དེད་ཡོང་གི་ འདུག་ཅེས་རྒྱ་གར་གྱི་སྲིད་དོན་ཚོགས་པའི་ལྟ་སྐོར་ཚོགས་ཆུང་ཞིག་གིས་སྙན་ཐོ་ བཏོན་འདུག་་་ ཇེ་མང་ཀློགས།
གསེར་རྟ་བླ་རུང་ནས་ངོ་རྒོལ་སྐད་འབོད་བྱས་པ། བོད་ཀྱི་དུས་བབ། ༢༠༡༠/༠༤/༠༥ ཡུལ་ཤུལ་ནས་ཡིན་པའི་གྲྭ་པ་གཉིས་ཀྱིས་གསེར་རྟ་ རྫོང་གི་ཁྲོམ་གཞུང་དུ། བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག ཅེས་དང་། བོད་ལ་རང་བཙན་དགོས། ཞེས་སོགས་འབོད་ཚིག་བསྒྲགས་ཡོད་འདུག་་་ ཇེ་མང་ཀློགས།
བོད་མི་ཞིག་རྒྱ་ལག་ནས་གར་སོང་ཆ་མེད་དུ་གྱུར་འདུག བོད་ཀྱི་དུས་བབ། ༢༠༡༠/༠༤/༠༣ ཁམས་འབྲི་རུ་རྫོང་གི་བོད་མི་དཀོན་མཆོག་རྣམ་རྒྱལ་འབོད་པ་ཞིག་རྒྱ་ནག་གཞུང་ གིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུག་་་ ཇེ་མང་ཀློགས།