ལྷ་སའི་དམ་དྲག

ཁ་སྔོན་གྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་གྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་བོད་མི་རྣམས་ཕུ་བྲོས་མདོ་བྲོས་བྱེད་བཞིན་ཡོད་འདུག་པ་དང་། ལས་འགུལ་ནང་ཞུགས་མཁན་ཚང་མ་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་བཞིན་ཡོད་འདུག

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས་ ༡༣ ཉིན་ལྷ་སར་གནས་སྡོད་ཕ་ཡུལ་སྡེ་དགེ་འཇོ་མདའ་ཁ་སྒང་ནས་ཡིན་པ་འཕྲིན་ལས་ལྷུན་གྲུབ་འཛིན་བཟུང་གིས་ཁྲིད་ཟིན་པ་དང༌། ཁོང་ནི་ཕྱི་ཚེས་ ༧ ཉིན་ལྷ་སའི་ལས་འགུལ་ནང་ཞུགས་མཁན་ཞིག་ཡིན་པ་དང་ལྷ་ས་ནས་ཕྱི་ལོག་ཏུ་འབྲོ་རྩིས་བྱེད་བཞིན་པའི་སྐབས་གློ་བུར་དུ་འཛིན་བཟུང་བྱས་འདུག ན་ནིང་ཡང་ཁོང་འཛིན་བཟུང་བྱས་ནས་གང་འཚམ་བཀག་ཉར་བྱས་ཡོད་པ་རེད། ད་དུང་ལྷ་ས་ནས་ནག་ཆུ་དང་ཆབ་མདོ་སོགས་སུ་འགྲོ་སའི་འགག་སྒོ་རྣམས་བཀག་སྟེ་ཤིན་ཏུ་དམ་དྲག་བྱེད་བཞིན་པ་སོགས་ལྷ་སའི་ཉེ་འཁོར་ཛ་དྲག་གི་གནས་སུ་ལྷུང་ཡོད་འདུག་པ་དང༌། ཁ་སྔོན་གྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་གྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་བོད་མི་རྣམས་ཕུ་བྲོས་མདོ་བྲོས་བྱེད་བཞིན་ཡོད་འདུག་པ་དང་། ལས་འགུལ་ནང་ཞུགས་མཁན་ཚང་མ་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་བཞིན་ཡོད་འདུག་ཅེས་ཁུངས་ལྡན་མི་སྣ་ནས་ཁོང་ལ་བརྗོད་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

9 thoughts on “ལྷ་སའི་དམ་དྲག

  1. ཨ་རིག་གླེན་རྒན།

    གྲོགས་གཞན་མིང་དགའ་ལབ་ན་ཅི་འདྲ་རེད། དེ་ཡང་མི་འཐད་ན་ཅུང་སྒུག་དང་ངས་མོ་གཅིག་འདེབས་ཆོག ཕལ་ཆེར་ཁྱོད་རི་སུའི་མི་ཞིག་མིན་འདྲ། ཨ་གསར་མིན་ན་ཅོལ་ཆུང་ཞིག་ཡིན་ནམ། གང་ལྟར་མི་རྩ་མེད་གཅིག་ཡིན་པ་ཐག་ཆོད།