ཁྲིན་ལུང་གིས་བོད་ཆས་གྱོན།

 

ཉེ་ལམ་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཁྲིན་ལུང་དང་། བོད་པའི་མཐོ་སྒང་ཨ་ཅག་ཚན་སྡེབ་ཀྱིས་མཉམ་འབྲེལ་ཐོག་པེ་ཅིན་གྱི་སྒྲ་ལེན་ཁང་ཞིག་ནས་༼ འཕུར་སྐྱོདདངབརྩེ་བའི་གཤོག་ཟུང་༽སོགས་བོད་ཀྱི་གླུ་གཞས་སྐོར་ཞིག་ཕབ་སྐྲུན་བྱས་ཡོད་པ་དང་། སྐབས་དེར་ཁྲིན་ལུང་གིས་བོད་ལ་གྱོན་ཏེ་གླུ་གཞས་བ་སྐྲུན་བྱས་ཡོད་འདུག རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་འགའི་རིང་གློག་བརྙན་འཁྲབ་སྟོན་པ་ཁྲིན་ལུང་གིས་མཐོ་སྒང་ཨ་ཅག་ཚན་སྡེབ་རོགས་སྐྱོར་གང་མང་བྱས་ཡོད་པ་མ་ཟད། ཁོས་རེ་བ་ནི་མཐོ་སྒང་གི་གླུ་མའི་ཁྱད་ཆོས་ལྷག་ཏུ་ཐོན་ཡོད་པའི་མཐོ་སྒང་ཨ་ཅག་ཚན་སྡེབ་རྒྱལ་སྤྱིའི་གླུ་གར་གྱི་སྟེགས་བུའི་སྟེང་ངོ་སྤྲོད་བྱ་རྒྱུ་དེ་རེད། ད་རེབ་ཁོས་མཐོ་སྒང་ཨ་ཅག་ཚན་སྡེབ་ལ་རྒྱབ་སྐྱོར་བྱས་ཏེ་སྒྲ་ཕབ་བྱས་པའི་གླུ་གཞས་དེ་གཉིས་ཀྱི་བརྗོད་དོན་གཙོ་བོ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ཡིན་ལ། ཁོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།   ཁོ་རང་མཐོ་སྒང་ཨ་ཅག་ཚན་སྡེབ་ཀྱི་ཕུལ་དུ་བྱུང་བའི་སྐད་ངག་གི་འགྱུར་ཁུགས་ལ་ཡིད་ཚིམས་ཡོད་ཟེར། ཞེས་དེ་རིང་སྔ་དྲོ་མཚོ་རླུང་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply