བོད་པའི་འབྲོག་པ་ཚོ་ལ་དྭགས་སུ་དེད་ཡོང་གི་འདུག་ཟེར།

རྒྱ་ནག་གིས་བོད་རིགས་འབྲོག་པ་ཚོ་རྒྱ་གར་གྱི་ལ་དྭགས་ས་ཁུལ་ལ་དེད་ཡོང་གི་འདུག་ཅེས་རྒྱ་གར་གྱི་སྲིད་དོན་ཚོགས་པའི་ལྟ་སྐོར་ཚོགས་ཆུང་ཞིག་གིས་སྙན་ཐོ་བཏོན་འདུག

ཕྱི་ཚེས་ ༤ ཉིན་ PTI རྒྱ་གར་གྱི་ཡིད་ཆེས་གསར་འགྱུར་གྱིས་གནས་ཚུལ་སྤེལ་དོན། རྒྱ་གར་གྱི་བྷེ་ཇེ་པེ་ཚོགས་པའི་ལྟ་སྐོར་ཚོགས་པ་ཞིག་གིས་གོང་ཚེས་ཉིན་ལ་དྭགས་ཀྱི་ལྷོ་ཤར་མཐའ་མཚམས་སུ་ལྟ་སྐོར་བྱས་ཡོད་པ་དང་། སྐབས་དེར་ཁོང་ཚོས་རྒྱ་ནག་གཞུང་གིས་ལ་དྭགས་ས་ཁུལ་ཧམ་འཛིན་བྱ་ཆེད་དུ། བོད་ཀྱི་འབྲོག་པ་ཚོ་ཚུར་ལ་དྭགས་ཀྱི་ཕྱོགས་སུ་ཕྱུགས་འཚོ་བར་འདེད་ཀྱིན་ཡོད་པ་དང་། འདི་ནི་རྒྱ་ནག་གིས་ས་ཆ་མཐོ་མཇལ་གྱི་སྒོ་ནས་ཟ་སྟངས་ཀྱི་བྱུས་རེད་ཅེས་བརྗོད་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་ས་ཆ་དེ་དག་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་སུ་བསྒྱུར་ཏེ་རྒྱ་ནག་གི་ཧམ་ཟ་འགོག་དགོས་པར་འབོད་སྐུལ་ཞུས་འདུག

ང་ཚོ་ས་ཆ་འདིར་རྒྱ་ནག་གི་སུམ་འཛུལ་གྱི་གནས་སྟངས་གང་འདྲ་ཡིན་མིན་ལ་རྟོག་ཞིབ་བྱེད་པར་ཡོང་བ་ཡིན། འོན་ཀྱང་ང་ཚོས་ཤེས་རྟོགས་བྱུང་བ་ནི་ཧང་སངས་པའི་གནས་ཚུལ་ཞིག་རེད་ཅེས་མི་སྣ་ལྔ་ཡིས་གྲུབ་པའི་ཚོགས་ཆུང་དེའི་མགྲིན་ཚབ་པ་ རཱ་ཇེ་ཧྥུ་ པུ་ར་ཊབ་ རུ་ཌེ་ ཡིས་བཤད་ཡོད་པ་རེད། ཁོང་ཚོས་གླེ་རྒྱལ་ས་ནས་ཀི་ལོ་མི་ཊར་ ༣༠༠ སར་ཡོད་པའི་ལ་དྭགས་ཀྱི་མཐའ་མཚམས་ས་ཁུལ་བདེ་མཆོག་དང་ངོ་མ་ཞེས་པ་གཉིས་སུ་ལྟ་སྐོར་བྱས་ཡོད་པ་རེད།

འདི་ནི་རྒྱལ་ཁབ་རིམ་པའི་ལྟ་སྐོར་ཚོགས་ཆུང་ཞིག་གིས་མཐའ་མཚམས་ས་ཁུལ་དེར་ལྟ་སྐོར་བྱས་པ་ཐོག་མ་དེ་ཆགས་ཡོད་པ་དང་། ཚོགས་ཆུང་དེའི་ནང་དུ་ཨུ་ཊུ་ར་ཁན་ཌུ་མངའ་སྡེའི་བློན་ཆེན་ཟུར་པ་ བྷ་གྷ་ཌུ་ སིན་ ཀོ་ཞི་ཡ་རི་དང་། ཇམ་མུ་ཀ་ཤི་སྨིར་མངའ་སྡེའི་བློན་ཆེན་ཟུར་པ་ ནིར་མོལ་ སིན་ བཅས་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

8 thoughts on “བོད་པའི་འབྲོག་པ་ཚོ་ལ་དྭགས་སུ་དེད་ཡོང་གི་འདུག་ཟེར།

  1. ཀ་ཅ་ ཀ་ཅ་ ཚོས་པ་ཀའི་གནས་ཚུལ་ཕྱིར་བསྒྲགས་བྱེད་དེ་ནི་སྤྱན་རས་གཟིགས་ལ་མ་ཎིའི་ལུང་བསྟན་རང་རེད ་་་་

  2. རྒྱ་གར་གྱིས་རྒྱ་ནག་བཟའ་མི་ཐུབ་ལ་རྒྱ་ནག་གིས་རྒྱ་གར་དེ་བས་བཟའ་མི་ཐུབ། འོན་ཀྱང་ཧེ་མ་ལ་ཡའི་རི་རྒྱུད་ཀྱི་རྒྱ་མ་བོད་འདི་དག
    ཨོའོ་་་ ལ་དྭགས་ལ་དགོས་པ་དེ་འདྲ་རང་རེད། ད་དུང་མོན་དང་བལ་ཡུལ་སོགས་ལའང་དེ་འདྲ་དགོས་ཀྱི་འདུག། ཁོང་ཚོས་ང་ཚོའི་བོད་ཀྱི་བཀའ་དྲིན་ལ་ཇ་ལན་ཆུ་འཇལ་གྱི་བྱེད་སྟངས་ཏེ། ༼ བོད་མི་༽ ཞེས་པའི་ཚབ་ཏུ་གཞན་སུ་དང་མི་འདྲ་བར། ༼ ཀ་ཅ་༽ ཞེས་འཕྱ་ཚིགས་ཀྱི་དྲག་ཆར་ག་ཚོད་ཅིག་འབེབ་ཀྱིན་འདུག་་་་་
    ཧ་་་ཧ་་ཧ་་་ དྲན་སྐུལ་ཙམ་ཡིན་དཱ་་་ལོ་་་་།