དབྱིན་ཡུལ་དུ་དམར་གསོད།

ཁ་སང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་ཉིན་གུང་དབྱིན་ཡུལ་ལྷོ་ནུབ་ཀྱི་ཁམ་བྷི་རི་ཡར་ Cumbria རང་ལོ་ ༥༢ ཅན་གྱི་ཁ་ལོ་བ་བྷིར་ཌི་ Bird ཟེར་བ་ཞིག་གིས། ཐུང་མདའ་བེད་སྤྱོད་ཀྱིས་དུས་གཅིག་ལ་མི་ ༡༢ དམར་གསོད་དང་མི་ ༢༥ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག འདིས་ཐད་ས་གནས་ཉེན་རྟོག་པས་བརྗོད་དོན། གླ་བྱེད་རླངས་འཁོར་ཁ་ལོ་བ་ཞིག་གིས་རང་གི་ལས་རོགས་བསད་རྗེས། མཚོ་འགྲམ་དུ་རླངས་འཁོར་སྐོར་ཡོང་སྟེ་ཚམ་ཚོམ་མེད་པར་མི་ཚོཊ་ཁྲོད་མེ་མདས་བརྒྱབ་ཡོད་ལ། རྗེས་སུ་ཁོ་རང་ཉེ་འགྲམ་གྱི་ཤིང་ནགས་སུ་སོང་སྟེ་རང་ཤི་བརྒྱབ་ཡོད་ཚུལ་བརྗོད་ཡོད།  ཉེན་རྟོག་པས་ཁོང་གི་བེམ་པོའི་སྟེང་ཐུང་མདའ་གཉིས་རྙེད་དེ་དོན་དངོས་ར་འཕྲོད་བྱུང་ཡོད་ནའང་། དོན་རྐྱེན་དེ་ནི་དམིོགས་ཡུལ་ཡོད་པ་ཞིག་གམ་གློ་བུར་བ་ཞིག་ཡིན་མིན་ཐད། ད་ལྟ་ཚོད་དཔག་ཐུབ་ཀྱི་མི་འདུག་ཅེས་ཉེན་རྟོག་པས་བརྗོདཡོད་འདུག འདི་ནི་འདས་པའི་ལོ་ ༢༣ ནང་དབྱིན་ཡུལ་དུ་བྱུང་བའི་མེ་མདའི་དམར་གསོད་དོན་རྐྱེན་ཆེ་ཤོས་དེ་ཆགས་ཡོད་འདུག ཕྱི་ལོ་ ༡༩༨༧ ལོར་ཡང་མེ་མདའ་ཐོག་མཁན་ཞིག་གིས་ཡུལ་དེའི་ལྷོ་ཤར་བྷག་ཤི་རིར་ Berkshire ཁུལ་དུ་མི་ ༡༦ དམར་གསོད་བྱས་སྟབས། དེ་ནས་བཟུང་དབྱིན་གཞུང་གིས་མེ་མདའི་ཐོག་སྔར་ལས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།           གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

11 thoughts on “དབྱིན་ཡུལ་དུ་དམར་གསོད།

  1. ཤེལ་དཀར་བློ་བཟང་།

    འདི་དངོས་གནས་བསམ་བློ་ཡག་པོ་བཏང་ན་སེམས་མ་དུལ་བའི་དབང་གིས་བྱུང་བ་གསལ་པོ་རེད། དེ་ལ་བལྟོས་ན་ནང་པ་སྤྱི་དང་ལྷག་པར་ང་ཚོ་བོད་པ་སྤོབ་པ་སྐྱེ་འོས་པ་ཞིག་རེད། ང་ཚོ་རང་ཡུལ་དགྲ་ལག་ཏུ་ཤོར་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་ཡང་། རང་ཤི་རྒྱག་རྒྱུའི་མཚོན་པའི་བསམ་བརྗོད་ལས་འདས་པའི་བྱ་ངན་མང་དག་ཅིག་ལ་ཁྱད་གསོད་ཀྱིས་སེམས་ནང་འ་ཆད་འུ་ཐུག་གི་རྣམ་པ་ལས་རྒྱལ་ནས། མ་འོངས་རང་དབང་སླར་གསོའི་དོན་གང་ཐུབ་བརྩོན་བཞིན་གནས་འདུག།

    སྤྱོད་འཇུག་ལས།
    སྡུག་བསྔལ་དོར་འདོད་སེམས་ཡོད་ཀྱང་།
    སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས།
    བདེ་པ་འདོད་ཀྱང་གཏི་མུག་པས།
    རང་གི་དགེ་བ་དགྲ་ལྟར་འཇོམས།

  2. གཅན་བཟོད་རྒྱམ།

    ནམ་མཁའ་བསྟན་འཛིན་གྱིས་གསུངས་པ་འདི་གླེང་རིན་ཆེན་པོ་འདུག རྒྱ་ནག་གིས་མི་ལེགས་པའི་གནས་ཚུལ་ཚང་མ་འགེབས་སྲུང་ནན་མོ་བྱེད་ཀྱི་རེད།

  3. ནམ་མཁའ་བསྟན་འཛིན།

    ཁ་སང་རྒྱ་ནག་གི་ཧོའུ་ནན་ཞིང་ཆེན་དུ་སྐྱེས་པ་ལོ་༤༦ཞིག་ཞོགས་པའི་ཆུ་ཚོད་བཅུ་ཡས་མས་སུ་རྫོང་གི་ཁྲིམས་ཁང་དུ་སོང་ནས་གློ་བུར་དུ་མེ་མདའ་རྒྱབ་ཏེ་ཁྲིམས་དཔོན་གསུམ་བསད་པ་དང་། གཞན་ཁྲིམས་དཔོན་འགར་རྨས་སྐྱོན་བཏང་རྗེས་མེ་མདའ་གཞན་ཞིག་བླངས་ཏེ་རང་སྲོག་བཅད་འདུག འདི་གླེང་རིན་མེད་པ་ཞིག་རེད་དམ།