མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་བཙོན་གྱི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

ལྷ་སའི་གཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་དང་ཁོའི་ཕུ་བོ་རྡོ་རྗེ་ཚེ་བརྟན་གཉིས་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་རྒྱ་གཞུང་གིས་ཁྲིམས་ཐག་བཅད་འདུག

༢༠༠༨ ལོའི་ཞི་རྒོལ་ཆེན་མོ་བྱུང་ནས་ཟླ་འགའི་རྗེས་སུ། རྒྱ་གཞུང་གིས་ཆབ་སྲིད་གནད་དོན་གྱི་དོགས་གཞིའི་འོག་ཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་འཛིན་བཟུང་བྱས་ཏེ་ཟླ་བརྒྱད་ཙམ་གྱི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེ་རྗེས་ཁོའི་ཕུ་བོ་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་བྱས་ཡོད། ཁོ་གཉིས་ལ་དུས་ཡུན་ལོ་གཉིས་རིང་འཛིན་བཟུང་བཀག་བསྐྱིལ་བྱས་རྗེས།  ད་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༢༦ ཉིན་ཁོང་གཉིས་ལ་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བལ་ཡུལ་དུ་གནས་སྡོད་པདྨ་བཀྲ་ཤིས་ཀྱིས་ཕྱི་ཚེས་ ༤ ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་དེའི་སྐོར་གྱི་གནས་ཚུལ་བརྗོད་དོན།  ད་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༢༤ ནས་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ཏེ་ཕྱི་ཚེས་ ༢༦ ཉིན་རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པར་མ་ཟད། ཁོའི་སྒེར་གྱི་རྒྱུ་ནོར་རྒྱ་སྒོར་དུང་ཕྱུར་ ༤༣ རྒྱ་གཞུང་གིས་གཞུང་ལེན་བྱས་ཡོད་པ་དང་། ཁོའི་ཕུ་བོ་རྡོ་རྗེ་ཚེ་རིང་ལའང་ལོ་དྲུག་གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

གཞན་ཡང་། པདྨ་མ་འཕྲིན་ལས་ཀྱིས་བརྗོད་པ་ལྟར་ན། བོད་མི་རེ་འགས་བཤད་ན། རྡོ་རྗེ་བཀྲ་ཤིས་ཀྱིས་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིའི་ཆབ་སྲིད་སྒྲིག་འཛུགས་ཁག་ལ་མ་དངུལ་ཕོན་ཆེན་པོའི་རྒྱབ་སྐྱོར་གནང་ཡོད་པ་རེད། དེར་བརྟེན་ཁོའི་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༤༣ རྒྱ་གཞུང་གིས་གཞུང་ལེན་བྱས་པ་རེད་ཟེར། ཡང་བོད་མི་འགའ་རེ་ཡིས་བཤད་ན། རྡོ་རྗེ་བཀྲ་ཤིས་ཀྱིས་ལྷ་ས་དང་གཞིས་རྩེ་རུ་འགྲོན་ཁང་བདག་གཉེར་བྱས་ཡོད་པ་དང་། དེ་དག་ཁྲིམས་མཐུན་མིན་པའི་རྐྱེན་གྱིས་ཡིན་ཚུལ་ཀྱང་བརྗོད་ཀྱིན་འདུག་ཟེར།

ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་གཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ནི་ཨ་མདོ་བླ་བྲང་ནས་ཡིན་པ་དང་། ཁོའི་བཟའ་ཟླ་ནི་ལྷ་ས་ནས་ཡིན་འདུག  ཁྲིམས་ར་འཚོགས་སྐབས་ཁོ་གཉིས་ཀྱི་ཁྱིམ་མི་དང་གཉེན་འབྲེལ་གྲོགས་པོ་དག་ཁྲིམས་རར་བཅར་དུ་མ་བཅུག་པར་གསང་བའི་སྒོ་ནས་ཁྲིམས་ཐག་བཅད་ཡོད་རྐྱེན།  དོན་གྱིས་ཁོང་གཉིས་ལ་ཉེས་ཁྲིམས་ཅི་ཞིག་བཀལ་མེད་ཤེས་རྟོགས་བྱུང་མེད་པ་རེད།  བོད་མི་ཕལ་མོ་ཆེས་བརྗོད་པ་ལྟར་ན། ཁོང་གཉིས་ཀྱིས་ཁྲིམས་འགལ་གྱི་ཚོང་ལས་གཉེར་བས་མ་ཡིན་པར།  ཆབ་སྲིད་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་པ་ཡིན་ལུགས་བརྗོད་ཀྱིན་ཡོད་འདུག

ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༦ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 6

  1. སྟག་སྨྱོན། says:
    ལོ་ 16 སྔོན།

    ང་ཚོས་བོད་མི་ཁོང་ལ་ནག་ཉེས་ག་རེ་ཡོད་མེད་ཤེས་འདོད་ཡོད་ཅེས་རྒྱ་ནག་ལ་གནོན་ཤུགས་སྤྲད་ཐབས་ཡོད་པ་མ་རེད་དམ།

    Reply
  2. སྟག་སྨྱོན། says:
    ལོ་ 16 སྔོན།

    རྒྱ་ནག་གིས་གསང་བ་བྱེད་དོན་ངེས་པར་དུ་བརྩད་གཅོད་བྱེད་དགོས་པ་ཞིག་རེད། ཚོང་པ་ཕྱུག་པོ་དེ་འདྲ་ཞིག་ལ་ནག་ཁུང་ནང་ནས་ཚེ་བཙོན་བྱས། རྒྱ་སྒོར་དུང་ཕྱིར་མང་པོ་གཞུང་གིས་འཕྲོག་དོན་རྒྱལ་སྤྱིས་ཐོག་ནས་བརྩད་གཅོད་བྱེད་རིན་ཡོད་པའི་གསར་འགྱུར་ཞིག་རེད། གཙོ་བོ་ཚོང་དཔོན་དེ་ག་རེ་བྱས་ནས་ཁྲིམས་འགལ་ཆགས་པ་དང་། རྒྱ་ནག་གིས་ག་རེ་བྱས་ནས་ཁོ་བ་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་པ་ཡིན་མིན་ཤེས་དགོས། ངེས་པར་དུ་ཆབ་སྲིད་ལ་འབྲེལ་ཡོད་མེད་མི་ཤེས་ཏེ། གནས་ཚུལ་དེ་ཕྱི་གསལ་གནང་གསལ་མི་བྱེད་པ་ལ་ལྟོས་ན་རྒྱ་ནག་གཞུང་ལ་ཉེས་པ་དང་གནོང་ཞིག་ཡོད་པའི་རྟགས་རེད། སྤྱིར་རྒྱ་གཞུང་བོད་མིའི་ཐོག་ལ་གཏིང་ནག་པོ་ཡོད་པ་རེད།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྤྱང་དར་མ་ལུག་གི་ཤ་ལ་ངོམས།
    རྒྱ་གོང་ཁྲན་བོད་མིའི་རྒྱུ་ལ་ངོམས།
    ཤ་རྒྱས་པའི་ལུག་དང་ཕྱུག་པའི་བོད།
    རྒྱ་སྤྱང་ཀི་གཉིས་ལ་དོགས་ཟོན་མཛོད།

    བོད་རེ་བའི་མ་འཕུང་ནོར་གྱིས་འཕུང།
    ནོར་རིན་ཆེན་གཏེར་ཁ་འདི་ཡིས་འཕུང་།
    རྩྭ་སྨན་རིགས་རིན་ཆེན་འདི་ཡིས་འཕུང་།
    དེང་ད་ལྟ་བར་དུ་དངུལ་གྱིས་འཕུང་།

    ཉ་གསེར་མིག་ལྕགས་ཁྱུའི་བཟུང་བ་ཡང་།
    ཟས་ཞིམ་པོ་འདི་ཡིས་འཕུང་ལེ་རེད།
    བོད་མི་རིགས་རྒྱ་འོག་འགྲོ་དོན་ཡང་།
    ནོར་རིན་ཆེན་འདི་ཡིས་འཕུང་ལེ་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་མི་ནོར་ཡོད་ཚོ་ལ་ནག་ཉེས་འགེལ་སྟངས་གསར་པ་ཞིག་མ་རེད་པེ།

    Reply
  5. མཐུ་སྟོབས། says:
    ལོ་ 16 སྔོན།

    ད་ང་ཚོའི་དཔའ་བོ་དཔའ་མོ་ཚོར་དེ་འདྲའི་ཁྲིམས་མེད་ལུགས་མེད་ཀྱི་ཉེས་པ་བཀལ་གྱི་འདུག ཁོང་དུས་ཚོད་རིང་པོ་དེ་འདྲ་ཞིག་ཉར་རྗེས་ད་ལྟ་ཉེས་ཆད་བཏང་བ་དེ་ནི་ཧ་ལས་དགོས་པ་ཞིག་འདུག རྒྱ་མི་དམར་པོ་དེ་ལ་ངོ་ཚ་རྩ་བ་ནས་མི་འདུག གང་ལྟར་དཔང་རྟགས་གང་ཡང་མེད་པར་བོད་མི་ཚོར་དེ་འདྲའི་བཙོན་བཅུག་གི་ལོ་ཚད་མཐོ་པོ་གཏོང་གི་འདུག ད་ལོ་ཚད་བཏང་ཟིན་པ་རེད། བོད་རང་སྐྱོང་ལྗོངས་ཟེར་མཁན་དེའི་ཁོངས་སུ་ཁྲིམས་གཅོད་བྱས་ཚར་ན་ཕལ་ཆེར་ཁྲིམས་གཏུགས་བྱེད་ས་ཡོད་ས་མ་རེད། དེ་ལས་ད་ཁོང་ལ་ལྟ་རྟོག་བྱ་མཁན་ཡག་པོ་ཞིག་དགོས་ཀྱི་རེད། བཟའ་ཟླ་བུ་ཕྲུུག་དང་སྤུན་མཆེད་ཁ་ཞེ་གཉིས་མེད། དགའ་ཉེ་ངོ་ཤེས་སེམས་བཟང་ཅན་ཚོས་ཁོང་ལ་བལྟ་རྟོག་ཡག་པོ་གནང་ཐུབ་པ་བྱ་རྒྱུ་འདི་གལ་ཆེན་པོ་རེད། དེ་མ་གཏོགས་གནས་སྐབས་ཕལ་ཆེར་གང་ཡང་བྱ་རྒྱུ་མེད་པ་ལྟ་བུ་རེད། ཁྱེད་དང་ཁྱེད་ནང་བཞིན་གྱི་བོད་མི་དཀའ་སྡུག་མྱངས་མཁན་ཚོར་ང་ཚོས་དུས་རྟག་ཏུ་དཀའ་སྡུག་ལས་གང་མགྱོགས་གྲོལ་བའི་སྨོན་ལམ་འདེབས་རྒྱུ་ཡིན།

    Reply
  6. ཕུན་ཚོགས ། says:
    ལོ་ 16 སྔོན།

    གནས་ཚུལ་དེ་ངས་སྔོན་མ་ནས་གོ་ཡང་།ས་འདིར་གྲགས་འགུམ་ཅང་མི་འདུག་ལ་་་དེ་ཡང་ཆབ་སྲིད་ཀྱི་དགོས་མཁོའི་དནང་གིས་ཀྱང་ཡིན་སྲིད་སྙམ་ནས་ཅང་བཤད་མེད།

    ངོ་མ་བློ་ཕམ་པ་རང་རེད།ང་རང་ལྷ་སར་སྡོད་དུས་ཁོང་ལ་རླུང་རྟ་རྒྱུག་བཞིན་པའི་སྒང་རེད་ལ་ལྷ་སའི་ཚང་པ་ཚོའི་ཁྲོད་ནས་མ་རྩ་ཆེ་ཤོས་ཀྱི་གྲས་ཡིན་ཚུལ་སོགས་ཚོགས་ཤོག་དང་བརྙན་འཕྲིན་ལས་མཐོང་མྱོང་།ད་ཡིན་ན་ཚར་སོང་།མི་ཟེར་བ་འདི་འདྲ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese