མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོད་ཟེར་ལ་བྱ་དགའ་ཐོབ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བུད་མེད་གསར་འགོད་ཐེབས་རྩ་ཁང་གིས། འདི་ལོའི་གསར་འགོད་ལས་རིགས་ཀྱི་ཆེ་བསྟོད་གཟེངས་རྟགས་དེ་བོད་རིགས་བུད་མེད་ཚེ་རིང་འོད་ཟེར་ཚུད་པའི་རྒྱལ་ཁབ་འདྲ་མིན་གྱི་བུད་མེད་གསུམ་ལ་སྤྲད་ཡོད་ཅིང། ཐེངས་འདིའི་མཛད་སྒོའི་སྟེང་གསར་འགོད་ལས་རིགས་པ་དང་འབྲེལ་ཡོད་ལས་བྱེད་མི་སྣ་བཅས་ཁྱོན་མི་ ༧༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག 

མཛད་སྒོའི་ཐོག་གཟེངས་རྟགས་ཚོགས་ཆུང་དེའི་ཚོགས་གཙོས་བརྗོད་དོན། རྒྱལ་སྤྱིའི་བུད་མེད་གསར་འགོད་ཐེབས་རྩ་ཁང་གི་ངོས་ནས། ལོ་ལྟར་འཛམ་གླིང་ཡུལ་གྲུ་ཁག་ཏུ་རང་གི་དཀའ་ངལ་དང་ཉེན་ཁར་མ་འཛེམས་པར་གནས་ཚུལ་འཚོལ་ཞིབ་དང་གསར་འགོད་གནང་མཁན་བུད་མེད་སྙིང་སྟོབས་ཅན་གསུམ་རེར་ཆེ་བསྟོད་གཟེངས་རྟགས་རེ་འབུལ་སྲོལ་ཡོད་པ་བཞིན། འདི་ལོའི་གཟེངས་རྟགས་དེ་རང་ལོ་ ༤༣ ཙམ་ཡིན་པའི་བོད་རིགས་བུད་མེད་ཚེ་རིང་འོད་ཟེར་ལགས་དང་། ཨ་ཧྥི་རི་ཁ་ཤར་མའི་རྒྱལ་ཁབ་ཀྱི་རང་ལོ་ ༥༣ སོན་པའི་གསར་འགོད་པ་ཝེ་ཁུ་ལགས། དེ་བཞིན། ཨ་མི་རི་ཁ་ལྷོ་མའི་རྒྱལ་ཁབ་ཀྱི་རང་ལོ་ ༣༩ ཡིན་པའི་ཁེའུ་ལོ་ཊི་ཡ་བཅས་ལ་ཕུལ་བ་ཡིན་ཞེས་དང་། བུད་མེད་འདི་དག་གིས་སོ་སོའི་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་འཛིན་བཟུང་བཙོན་འཇུག་བྱས་པར་མ་ཟད། ཁོང་ཚོར་ཚེ་སྲོག་གི་ཉེན་ཁ་ཡང་ཡོད། ཅེས་བརྗོད་ཡོད།

རྒྱ་གཞུང་གིས་འོད་ཟེར་ལ་ཕྱིར་བསྐྱོད་ལག་ཁྱེར་མ་སྤྲད་པའིོ་སྟབས་ཀྱིས་ཁོ་མོ་ཐེངས་འདིའི་མཛད་སྒོར་བཅར་ཐུབ་མེད་ནའང་།  འོད་ཟེར་གྱིས་ཐེངས་འདིའི་མཛད་སྒོའི་ཐོག་ཕུལ་བའི་ཁོང་གི་བརྙན་ཕབ་དུམ་བུ་དེའི་ནང་། བོད་ནང་དུ་ད་ལྟའང་མི་ཆོས་དང་འགལ་བའི་གནས་ཚུལ་རིགས་འདྲ་མིན་འབྱུང་བཞིན་ཡོད་པར་མ་ཟད། རྒྱ་གཞུང་གིས་ཉེས་མེད་གཉོམ་ཆུང་གི་བོད་མི་ཚོ་དྲང་བདེན་མིན་པའི་ཐོག་ནས་མུ་མཐུད་འཛིན་བཟུང་བཙོན་འཇུག་བྱེད་ཀྱིན་ཡོད་ཅེས་དང་།  གུས་མོས་རང་ཉིད་ཀྱི་ནུས་པར་བརྟེན་ནས་གནས་ཚུལ་འདོན་སྤེལ་གྱི་ལས་ཀ་མཇུག་སྐྱོང་གི་ཡིན་ཞེས་བརྗོད་ཡོད་པ་རེད།  

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 10

  1. ཁང་མུན་གྲོལ། says:
    ལོ་ 16 སྔོན།

    བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གཟེངས་རྟགས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ། ཁྱོད་ཀྱི་ལྷག་བསམ་རྒྱལ་ལོ། ཁྱོད་ཀྱི་སྙིང་སྟོབས་རྒྱལ་ལོ། ཁྱོད་ཀྱི་ཕུག་བསམ་རྒྱལ་ལོ། །

    Reply
  2. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 16 སྔོན།

    ཚེ་རིང་འོད་ཟེར་ལ་བཀྲ་ཤིས་བདེ་ལེགས།
    ཁྱེད་ནི་བོད་ཀྱི་བུ་མེད་འཛངས་མ་དངོས་ཏེ་དུས་ནམ་ཡང་ཁྱེད་ལ་བཀྲ་ཤིས་སྨོན་ཚིགས་ཡོད།
    བྱ་བ་ལམ་འགྲོ་ཡང་བར་སྨོན
    འཛངས་མིང་སྐམ་པོ་ཁྱེར་བའི་རྡ་རམ་ས་ལའི་བུད་མེད་དག་ནི་

    Reply
  3. རླུང་རྟ་རྒྱལ། says:
    ལོ་ 16 སྔོན།

    འོད་ཟེར་ནི་བོད་ཀྱི་མཛངས་མའི་མཛངས་མའི་གྲས་ཤིག་རེད།ཡིན་ནའང་བློ་ཡིད་དཔོག་དཀའ་བ་ཞིག་ནི་ཁོ་མོ་རང་རྒྱ་ནག་གི་རྒྱལ་སར་བསྡད་ཡོད་ཀྱང་ད་ལྟའི་བར་དྲ་ཐོག་ཏུ་བོད་དོན་སྐོར་གྱི་གནས་ཚུལ་མཐའ་དག་ལ་བལྟ་ཐུབ་པས་མ་ཟད།བོད་ཕྱི་ལ་གནས་ཚུལ་མང་པོ་འདོན་སྤྲོད་བྱེད་ཐུབ་པ་འདུག རྒྱ་ནག་གཞུང་གིས་མོ་ལ་ཚོད་འཛིན་མི་བྱེད་པའམ་བྱེད་དཀའ་བ་གཏན་ནས་དཔེ་མི་སྲིད།མོ་རང་རྒྱ་ནག་གི་ཆབ་སྲིད་ཉེས་ཅན་དུ་གྱུར་ནས་མིང་གྲགས་མ་རྒྱས་པའི་སྣྔོན་ལ་མོ་ནི་སྤྱིར་བཏང་གི་གསར་འགོད་པ་ཞིག་རེད།མོའི་བྲིས་པའི་བོད་ལྗོངས་ཟིན་བྲིས་ཞེས་པའང་བོད་ཀྱི་རང་དབང་དྲིལ་སྒྲོག་བྱས་པ་ཙམ་ལས་སྒྱུ་རྟྩལ་དང་རྟྩོལ་རྟྩལ་གཉིས་ཀའི་ཐད་ནས་བྲོ་བ་ཅི་ཡང་མི་འདུག ངས་བསམ་ན་མོ་ནི་ཨ་རིའི་Paris Hiltonལྟ་བུ་ཞིག་རེད།

    Reply
  4. JIGME says:
    ལོ་ 16 སྔོན།

    འོད་ཟེར་ལགས་སུ་ཐུགས་རྗེ་ཆེ་ཚད་མེད་དང་་ བཀྲིས་བདེ་ལེགས་གྲངས་མེད་ཞུ།

    Reply
  5. དཀར་མཚོ་སྐྱིད། says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་བུད་མེད་གསར་འགོད་ཐེབས་རྩ་ཁང་གི་ལོ་འཁོར་ཆེས་བསྟོད་གཟེངས་རྟགས་ཐོབ་པའི་བུད་མེད་གསུམ་གྱི་གྲས་སུ་བོད་རིགས་བུད་མེད་མཁྱེན་ལྡན་མ་ཚེ་རིང་འོད་ཟེར་ལགས་ཚུད་པ་འདི་ལ་རང་ཉིད་བོད་རིགས་བུད་མེད་ཅིག་ཡིན་པའི་ཆ་ནས་རྗེས་སུ་ཡི་རང་བྱ་ཞིང་བསྟོད་བསྔགས་ཀྱི་འཚམས་འདྲི་ཞུ་རྒྱུ་དང་། འདིས་བོད་ཕྱི་ནང་གི་བུད་མེད་རྣམས་ཀྱིས་མི་རིགས་ཀྱི་ལས་དོན་ལ་ཧུར་བརྩོན་གནང་བའི་གྲུབ་འབྲས་ཀྱི་དཔེ་མཚོན་དུ་གྱུར་པར་མ་ཟད། མ་འོངས་པར་དེ་ལས་ལྷག་པར་ལས་དོན་བསྒྲུབ་དགོས་པར་སྐུལ་མ་བཏང་བ་ཞིག་ཡིན། ཡིན་ནའང་མཁྱེན་ལྡན་མ་ཚེ་རིང་འོད་ཟེར་ལགས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་དངོས་སུ་ཞུགས་པར་རྒྱ་ནག་གཞུང་གིས་བཀག་འགོག་བྱས་པ་དེར་རང་ཉིད་བློ་ཕམ་པོ་བྱུང་སོང་། །

    Reply
  6. tashi says:
    ལོ་ 16 སྔོན།

    སྤྱིར་བོད་དང་། སྒོས་བོད་པའི་བེུད་ཚོ་འཛམ་གླིང་ཐོག་མཐའ་བར་གསུམ་ནང་གཟེངས་སུ་ཐོན་པར་ཁྱེད་ཉིད་ལ་སེམས་ཁམས་རུས་པའི་གཏིང་ནས་མཚམས་འདྲི་
    བཀྲ་ ཤིས་བདེ་ལེགས་གྲངས་མེད་ཞུ།

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ངས་ཀྱང་མཛངས་མ་ཚེ་རིང་འོད་ཟེར་ལགས་གཙོ་པས་བྱ་དགའ་བཞེས་མཁན་གསུམ་གར་རྟེན་འབྲེལ་དང་། ལྷག་པར་ཚེ་རིང་འོད་ཟེར་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་བོད་མི་མངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད།

    Reply
  8. རྐང་གསུམ། says:
    ལོ་ 16 སྔོན།

    ཚེ་རིང་འོད་ཟེར་ལ་བཀྲ་ཤིས་བདེ་ལགས་ཡོད།

    Reply
  9. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    མཛངས་ཆོས་ཀྱི་དཔལ་ཡོན་འབར་བའི་ཁ་བ་ཅན་གྱི་བུ་མོ་ཚེ་རིང་འོད་ཟེར་ལགས་སུ།
    ཆེས་བསྔགས་བརྗོད་ཀྱིས་རྒྱན་པའི་གཟེངས་བསྟོད་བྱ་དགའ་ཐོབ་དེར་ཕྲན་གྱིས་སྙིང་ཐག་པ་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། བོད་ཀྱི་ན་གཞོན་བུ་མོ་ཚོས་དུས་རབས་ཀྱི་རྗེས་ཟིན་པའི་བུད་མེད་འདིའི་རིགས་སུ་དམིགས་དཔེ་ལྟ་རོགས། བོད་ཀྱི་ཁ་རྒྱུན་དུ་་་་་་བྱ་ཆུ་འཐུང་ཁ་མིག་ཡར་བལྟ། །བོང་བུ་ཆུ་འཐུང་ཁ་མིག་ཐུར་བལྟ། །ཞེས་པ་ཞིག་སྔ་ས་ནས་བཤད་མྱོང་བ་རེད།

    Reply
  10. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    མཛངས་མ་ཚེ་རིང་འོད་ཟེར་ལགས་གཙོ་གྱུར་བའི་བྱ་དགའ་བཞེས་མཁན་བུ་མོ་གསུམ་གར་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese