མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་པོའི་གཞུང་ལ་འོས་ཐོབ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༧ ཉིན་གྱི་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན། ལོ་ ༢༠ རྗེས་ཀྱི་འོས་བསྡུ་དེ་འབར་མ་དྲག་པོའི་གཞུང་གི་ཕྱོགས་གཏོགས་ཚོགས་པ་ཆེ་ཤོས་འབར་མའི་ཆིག་སྒྲིལ་མཐུན་ཚོགས་ (USDP)ལ་རྒྱལ་ཁ་ཐོབ་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུའུ་ཀཱེ་ཀློད་གྲོལ་ལ་འཚམ་འདྲི་དང་འབར་མ་དྲག་པོའི་གཞུང་ལ་ཨང་སན་སུའུ་ཀཱེ་ཡི་རེ་འདོད་ལྟར། འབར་མའི་དམངས་གཙོའི་སྐོར་ལ་བཀའ་ལོམ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་ལ། ཉེ་ཆར་ཕྱི་ཚེས་ ༧ ཉིན་གྱི་འོས་བསྡུའི་སྐབས། དྲང་བདེན་དང་རང་དབང་ཡོང་མེད་པའི་སྐྱོན་བརྗོད་ཀྱང་བྱས་ཡོད། ཨང་སན་སུའུ་ཀཱེ་བཙོན་གྲོལ་ཐོབ་རྗེས་ཁོ་མོས་ད་ལྟའི་དྲག་པོའི་གཞུང་གི་མགོ་ཁྲིད་དམག་དཔོན་ཐན་ཤཱི་ཝེ་དང་ཐུག་འཕྲད་ཀྱིས་འབར་མའི་རྒྱལ་དམངས་འཆམ་མཐུན་ཕྱོགས་སུ་མཉམ་ལས་བྱ་འདོད་ཡོད་པའི་དགོངས་ཚུལ་བཏོན་ཡོད་འདུག

 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་དང་ཨ་རིའི་སྐུ་ཚབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ ༩༦ ཙམ་གྱིས་འབར་མའི་གཞུང་གིས་མང་ཚོགས་ཀྱི་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐོག འཆར་གཞི་ལྡན་པའི་ཐོག་ནས་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་དེར་ནུས་ཤུགས་ཆེན་པོས་སྐྱོན་བརྗོད་དང་གནོན་ཤུགས་སྤྲོད་རྒྱུའི་གྲོས་གཞི་ཞིག་བཏོན་ཡོད་པར། རྒྱ་ནག་དང་ར་ཤི་ཡ་གཙོས་རྒྱལ་ཁབ་ ༢༨ ཀྱིས་དེ་ལ་ངོ་རྒོལ་བྱས་ཡོད་ལ། རྒྱ་ནག་གི་སྐུ་ཚབ་ཀྱིས་ཐེངས་འདིའི་གྲོས་གཞི་ལམ་ལྷུང་ཡོང་གི་མ་རེད་ལ། ཐད་ཀར་མཛུབ་མོ་ཀེར་ཏེ་སྐྱོན་འཛུགས་བྱེད་པ་དེས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་པ་མ་རེད། ཅེས་ཟུར་ཟ་ཡང་བྱས་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ནང་གི་འབར་མའི་སྐུ་ཚབ་ཐན་ཤཱི་ཝེ་ཡིས་གྲོས་གཞི་དེ་ངོས་ལེན་བྱས་མེད་པ་མ་ཟད། གྲོས་གཞི་དེ་ནི་ཁྲིམས་མཐུན་མིན་ཚུལ་ཡང་བརྗོད་ཡོད།

ཨང་སན་སུའུ་ཀཱེ་ཀློད་གྲོལ་ཐོབ་རྗེས་ཁོང་གི་རྗེས་འབྲང་པ་ཚོར། ངས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འབར་མའི་རང་དབང་འཕེལ་རྒྱས་ཐད་གླེང་སློང་བྱ་འདོད་ཡོད་ལ། ཁྱེད་རང་ཚོས་ཀྱང་འབར་མའི་ནང་འགྱུར་བ་ཞིག་ཡོང་རྒྱུར་རེ་བ་བཅངས་ཡོད་པ་དེར་ནམ་ཡང་སེམས་ཤུགས་མ་ཆག་པར་མུ་མཐུད་ཤུགས་རྒྱག་རོགས། ཞེས་སྐུལ་འདེད་གནང་ཡོད། ཁ་སང་ཕྱི་ཚེས་ ༡༨ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་གྱིས་ཨང་སན་སུའུ་ཀཱེ་ལ། ཁྱེད་རང་འཛམ་གླིང་སྟེང་གི་མི་ས་ཡ་མང་པོའི་བློ་སྟོབས་དང་སེམས་ཤུགས་ཀྱི་འབྱུང་ཁུངས་ཡིན། ཞེས་འཚམ་འདྲི་ཞུས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡
US
Mobile App

ཨ་རིས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༡༡/༢༡
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཨ་སམ་གྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་།

༢༠༢༥/༡༡/༢༡
His Holiness the Dalai Lama and Bihar Chief Minister Nitish Kumar in Bodhgaya, Bihar, India on December 21, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

བྷི་ཧར་མངའ་སྡེའི་སྤྱིི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ། 

༢༠༢༥/༡༡/༢༠
Jamyang Tenzin
Mobile App

མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་ནམ་ཡང་མ་བརྗེད་ཅེས་འབོད་སྐུལ་ཞུས་སོང་།

༢༠༢༥/༡༡/༢༠
New studies stated to indicate likelihood of major new earthquakes in the Himalayas
Mobile App

ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་ཤུགས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

༢༠༢༥/༡༡/༢༠

མཆན། 2

  1. གངས་སྐྱེས། says:
    ལོ་ 15 སྔོན།

    ང་རང་ཉིད་ཀྱིས་ཀྱང་འཛམ་གླིང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་ལྕམ་ཨང་སན་སོ་ཀི་མཆོག་གློད་གྲོལ་ཐོབ་པ་ལ་མཚམས་འདྲི་དང་། གཞན་ཡང་འབར་མའི་དམངས་གཙོ་ཚོགས་པ་ལ་ཐེངས་འདིའི་འོས་བསྡུའི་རྒྱལ་ཁ་མ་ཐོབ་དེ་འཛམ་གླིང་གི་དམངས་གཙོ་ལ་དགའ་བའི་མི་མང་ཁྲི་ཕྲག་མང་པོས་གདུང་སེམས་ཉམས་བསྐྱེད་དང་སེམས་ཤུགས་ཆག་མི་རུང་བའི་སྐུལ་འདེད་བྱེད་ཀྱིན་ཡོད། དེ་བཞིན་འབར་མའི་མི་མང་གིས་ཀྱང་བློ་གྲོས་ཀྱི་ནུས་པ་ལ་བརྟེན་ནས་རང་མི་རིགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས་སྙམ།

    Reply
  2. རིགས་བཟང says:
    ལོ་ 15 སྔོན།

    ཨ་ཁཁཁཁཁཁཁ། ཡང་ལྕམ་ཨང་སན་སུའུ་ཀྭེའེ་དང་མོའི་ཕྱོགས་གཏོགས་ཚོས་་སྡུག་མྱོང་རྒྱུ་རེད། ཨོཾ་མཎི་པདྨེ་ཧྲུྂཿ། ཨོཾ་མཎི་པདྨེ་ཧྲུྂཿ། ཨོཾ་མཎི་པདྨེ་ཧྲུྂཿ། ཨོཾ་མཎི་པདྨེ་ཧྲུྂཿ། ཨོཾ་མཎི་པདྨེ་ཧྲུྂཿ། ཨོཾ་མཎི་པདྨེ་ཧྲུྂཿ། ཨོཾ་མཎི་པདྨེ་ཧྲུྂཿ། ཨོཾ་མཎི་པདྨེ་ཧྲུྂཿ། ཨོཾ་མཎི་པདྨེ་ཧྲུྂཿ། ལས་རྒྱུ་འབྲས་ཚང་མ་དྲག་པོའི་གཞུང་དག་ལ་་ཞེད་ནས་བྲོས་ཚར་བྱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese