མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་འཛམ་གླིང་གི་མཚོ་ཐོག་ཟམ་པ་རིང་ཤོས་སྒོ་འབྱེད་བྱས།

བོད་ཀྱི་དུས་བབ།
༢༠༡༨/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཧོང་ཀོང་དང་ཨོ་མིན་གཉིས་མེས་རྒྱལ་ལ་མཐུད་པའི་ཆེད་དུ་སྤྱི་ལེ་ ༥༥ ཡོད་པའི་འཛམ་གླིང་གི་མཚོ་ཐོག་ཟམ་པ་རིང་ཤོས་སྒོ་འབྱེད་བྱས་ཡོད་ཟེར།
དེ་རིང་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་འཆར་གཞི་ལྟར་ཧོང་ཀོང་དང་ཨོ་མིན་(Macau)གཉིས་རྒྱ་ནག་སྐམ་ས་ཆེན་མོར་་མཐུད་ཆེད། སྤྱི་ལེ་ ༥༥ ལྷག་ཡོད་པའི་འཛམ་གླིང་གི་མཚོ་ཐོག་ཟམ་པ་རིང་ཤོས་ཧོང་ཀོང་ཀྲུ་ཧའེ་ཨོ་མིན་ཟམ་ཆེན་(Hong Kong-Zhuhai-Macau Bridge)ཞེས་པ་སྒོ་འབྱེད་བྱས་ཡོད་པ་དང་། མི་མང་པོས་ཟམ་ཆེན་དེ་ཧོང་ཀོང་རྒྱ་ནག་སྐམ་ས་ཆེན་མོར་ཟླ་སྒྲིལ་གཏོང་བའི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

རྒྱ་ནག་གི་ས་གནས་དཔལ་འབྱོར་ཟླ་སྒྲིལ་འགན་འཛིན་ཧཱན་གྱིས་མཚོ་ཐོག་ཟམ་ཆེན་དེས་ཧོང་ཀོང་དང་ཨོ་མིན་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་ཐུབ་པ་ཙམ་མ་ཟད། ཧོང་ཀོང་དང་ཨོ་མིན་གཉིས་རྒྱ་ནག་སྐམ་ས་ཆེན་མོར་ཟླ་སྒྲིལ་གཏོང་བར་མཐུན་རྐྱེན་བསྐྲུན་ཐུབ་ཡོད་སྐོར་བརྗོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། མཚོ་ཐོག་ཟམ་ཆེན་དེ་འཛུགས་བསྐྲུན་སྐབས་ཁྱོན་ལས་མི་ ༡༨ ལྷག་རྐྱེན་ལམ་དུ་ཤོར་ཡོད་པ་དང་། ལས་མི་ ༦༠༠ ལས་མང་བར་རྨས་སྐྱོན་ཕོག་ཡོད་སྟབས། ཟམ་ཆེན་དེར་རྔུལ་ཁྲག་གི་ལས་གཞི་དང་གླང་ཆེན་དཀར་པོ་ཞེས་པའི་མིང་བཏགས་ཡོད་པ་དང་། རྒྱལ་སྤྱིའི་གཅན་གཟན་ཐེབས་རྩ་ཚོགས་པ་(World Wildlife Fund)དང་། ཧོང་ཀོང་ཌོལ་ཧྥིན་སྲུང་སྐྱོབ་ཚོགས་པ་(Hong Kong Dolphin Conservation Society)ཚུད་པའི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་མང་པོས་ཟམ་ཆེན་འཛུགས་བསྐྲུན་གྱིས་མཚོའི་རང་བྱུང་ཁོར་ཡུག་ལ་དོ་ཕོག་འགྲོ་ཡི་ཡོད་པ་དང་། སྟོངས་ཉེན་ཆེ་བའི་རྒྱ་ནག་ཌོལ་ཕིན་དཀར་པོ་དང་ཉ་རིགས་འཕེལ་ཁ་ལ་གནོད་འཚེ་ཤུགས་ཆེན་ཐེབས་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

གཞན་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༦ ཉིན་སི་ཨན་ཨན་(CNN)གྱིས་སྤེལ་བའི་གནས་ཚུལ་ནང་། ཧོང་ཀོང་གི་ཆེས་མཐོའི་རང་སྐྱོང་ལ་རྒྱབ་སྐྱོར་བྱེད་མཁན་ཁྲིམས་བཟོ་བ་ཁ་ལོ་ཌི་ཡ་མཱོ་(Claudia Mo)ལགས་ཀྱིས། ཟམ་ཆེན་དེ་བེད་སྤྱོད་མེད་པ་ཞིག་ཡིན་པ་དང་། ང་ཚོར་རྒྱ་ནག་སྐམ་ས་ཆེན་མོ་དང་མཐུད་ཆེད་གནམ་གྲུ་དང་གཞུང་ལམ། མཚོ་ལམ་ཡོད་པས་ལས་འཆར་དེ་དགོས་མེད་ཀྱི་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་དུ་དམངས་གཙོའི་ཡར་ལངས་བྱུང་བ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་མོས་ཧོང་ཀོང་གི་ནང་སྲིད་དང་དཔལ་འབྱོར་སོགས་ལ་ཐེ་བྱུས་དང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་སྟབས། མི་མང་པོས་ཟམ་ཆེན་དེ་ཡང་ལས་གཞི་དེའི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

ཧོང་ཀོང་ཀྲུ་ཧའེ་ཨོ་མིན་ཟམ་ཆེན་(Hong Kong-Zhuhai-Macau Bridge)ཟེར་བ་དེ་ཕྱི་ལོ་ ༢༠༠༩ ལོར་ཁྱོན་ཨ་སྒོར་ཐེར་འབུམ་ ༧།༥༦ ལྷག་གི་འགྲོ་གྲོན་འོག་འཛུགས་བསྐྲུན་མགོ་འཛུགས་ཀྱིས་ཐོག་མའི་འཆར་གཞི་ལས་ལོ་གཉིས་ཙམ་རྗེས་ལུས་ཐེབས་ཡོད་པ་དང་། བཟོ་བསྐྲུན་ཁྱད་ནུས་ཐད་ཚད་རིམ་ ༨  ས་འགུལ་དང་མཚོ་རླུང་དྲག་པོ། དེ་བཞིན་འཁོར་རིགས་ཆེན་པོའི་བརྡབ་གསིག་ལས་གཡོལ་ཐུབ་ཀྱི་ཡོད་པ་དང་། ཟམ་ཆེན་དེ་འཛམ་གླིང་གི་མཚོ་ཐོག་ཟམ་ཆེན་རིང་ཤོས་དང་། སྤྱིར་བཏང་ཟམ་ཆེན་རིང་ཤོས་ཨང་ ༦ པ་དེ་ཡིན་པ་དང་། འཛམ་གླིང་གི་སྐད་གྲགས་ཡོད་པའི་ཟམ་ཆེན་རིང་ཤོས་ཏན་ཡང་ཁུན་ཧྲན་ཟམ་ཆེན་(Danyang-Kunshan Grand Bridge)ཚུད་པའི་རྒྱ་ནག་གི་ཟམ་ཆེན་དྲུག་འཛམ་གླིང་གི་ཟམ་ཆེན་རིང་ཤོས་བཅུའི་ནང་སླེབས་ཀྱི་ཡོད་འདུག

པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese