མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་གོང་མའི་ནང་ཐའེ་ཝན་ལ་བཟུང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ།

བོད་ཀྱི་དུས་བབ།
༢༠༡༩/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༩ ལོའི་ཐའེ་པེར་བཟུང་བའི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་མ་ནས་སྤྱི་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་མ་འོངས་ཉིན་བཅུའི་ནང་ཚུན་དུ་སྲིད་འཛིན་ཊོམ་ཕུ་མཆོག་ནས་མཚན་རྟགས་བསྐྱོན་དགོས་ཀྱི་ཡོད་འདུགཁ་སང་ཕྱི་ཚེས་ ༣༠ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ནང་ཐའེ་ཝན་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་ཁག་མུ་མཐུད་གནས་ཐབས་ཆེད་བཏོན་པའི་ཕྱི་ལོ་ ༢༠༡༩ ལོའི་ཐའེ་པེར་བཟུང་བའི་ཁྲིམས་ཁྲིམས་འཆར་དེ་སྤྱི་མོས་གཏན་འབེབ་གནང་ཡོད་པ་མ་ཟད། འཐུས་མི་འགའ་རེས་ཨ་རིའི་གཞུང་ནས་ཐའེ་ཝན་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་དགོངས་ཚུལ་ཡང་གསུངས་ཡོད་འདུག

མ་འོངས་ཉིན་བཅུའི་ཚུན་དུ་སྲིད་འཛིན་ཊོམ་ཕུ་མཆོག་ནས་དེ་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྐྱོན་རྗེས། ཐའེ་ཝན་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་རིགས་སྤེལ་མཁན་གྱི་རྒྱལ་ཁབ་ཚོར་ཨ་རིའི་གཞུང་ནས་དཔལ་འབྱོར་དང་བདེ་སྲུང་། ཕྱི་འབྲེལ་བཅས་ཉུང་འཕྲིའི་ཉེས་གཅོད་རྒྱུ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་ཐའེ་ཝན་མཉམ་ཞུགས་བྱེད་པར་རོགས་རམ་དང་། རྒྱལ་སྤྱིའི་སྡིངས་ཆའི་ཐོག་པེ་ཅིན་གཞུང་དང་མཉམ་ཐའེ་ཝན་ཞུགས་རྒྱུར་ཨ་རིའི་གཞུང་ནས་རྒྱབ་སྐྱོར་སོགས་བྱེད་དགོས་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་གཞི་དེ་དང་འབྲེལ་ནས་འཐུས་མི་ (Steve Chabot) ལགས་ཀྱིས། ཐའེ་ཝན་ནི་ཞི་བདེ་རྒྱ་མཚོའི་མནའ་འབྲེལ་གནད་འགག་ཅན་ཞིག་ཡིན་པ་དང་། འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་མིག་དཔེར་འོས་པ་ཞིག་ཡིན་པ་མ་ཟད། དཔལ་འབྱོར་དང་ཕྱི་སྲིད། དམག་དོན་དང་ཆབ་སྲིད་སོགས་ཀྱི་ཐད་ནས་ཐའེ་ཝན་ནི་རང་བདག་ཅན་ཞིག་ཡིན་པས་ཐའེ་ཝན་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་གསལ་པོ་ཡིན་སྐོར་དང་། ཨ་རིའི་གཞུང་ངོས་ནས་ཐའེ་ཝན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་དུས་ལ་བསླེབས་ཡོད་སྐོར་སོགས་གསུངས་ཡོད་འདུག

དེ་བཞིན་རྒྱ་ནག་སྐམ་སའི་ཐའེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཞོ་ཀང་ (Ma Xiaoguang) གིས། ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། ཐའེ་ཝན་གྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཡིན་པས། ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་གཞི་དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་དང་འགལ་ཡོད་པ་དང་། ཨ་རིའི་གཞུང་ནས་ཐའེ་ཝན་གྱི་གནད་དོན་ལ་གོ་རྟོགས་ཟབ་མོ་རྙེད་དེ། ཨ་རྒྱ་གཉིས་ཀྱི་ཐའེ་ཝན་མཚོ་འགག་གི་མཛའ་འབྲེལ་དང་ཞི་བདེ། བརྟན་བརླིང་བཅས་ལ་དོ་ཕོག་མི་ཡོང་ཆེད་འབྲེལ་མེད་ཀྱི་ཁྲིམས་གཞི་ངན་པ་རྣམས་མཚམས་འཇོག་དང་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཨ་རིར་བཅའ་སྡོད་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་གཞུང་འབྲེལ་སྤྱི་ཚོགས་དྲ་ལམ་ངོ་དེབ་ཐོག ཐའེ་ཝན་གྱིས་མུ་མཐུད་ཨ་རིར་མཉམ་འབྲེལ་གཏིང་ཟབ་བཟུང་སྟེ། མཐུན་ཕྱོགས་རྒྱལ་ཁབ་ཁག་མཉམ་དུ་ཧིན་རྡུ་རྒྱ་མཚོའི་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་། བདེ་སྡུག་སེལ་ཆེད་ཞབས་འདེགས་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

ད་ལྟ་རྒྱལ་སྤྱིའི་ཐོག་ཐའེ་ཝན་གླིང་ཕྲན་དང་ཕྱི་འབྲེལ་ཡོད་མཁན་རྒྱལ་ཁབ་ ༡༥ ལས་ལྷག་མེད་པ་དང་།  རྒྱལ་ཁབ་དེ་དག་མང་ཆེ་ཤོས་གླིང་ཕྲན་རྒྱལ་ཁབ་ཡར་རྒྱས་དེ་ཙམ་ཕྱིན་མེད་པ་ཁག་ཅིག་ཡིན་སྟབས། རྒྱ་ནག་གིས་དཔལ་འབྱོར་གྱི་རོགས་དངུལ་སྤྲོད་པར་ཁ་གཡར་ཏེ་ཐའེ་ཝན་ལ་ཕྱི་འབྲེལ་གཅོད་ཐབས་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ལྕམ་ཚའེ་ཡེན་ཝིན་མཆོག་གིས་སྲིད་འཛིན་གྱི་ལས་ཁུར་ཞུས་པ་ནས་བཟུང་། བྷར་ཀི་ན་ཧྥ་སོ་ (Burkina Faso) དང་ཌོ་མི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ (Dominican Republic) ། ཤོ་ཐོམ་དང་པེ་རིན་སི་ཕི་ (Sao Tome and Principe)། པ་ན་མ་ (Panama) ། ཨེལ་སལ་ཝོ་ཌོར་ (El Salvador)། སོ་ལོ་མོན་ (Solomon Islands) བཅས་གླིང་ཕྲན་རྒྱལ་ཁབ་ ༧ གྱིས་རིམ་པ་བཞིན་ཐའེ་ཝན་ལ་ཕྱི་འབྲེལ་བཅད་དེ་རྒྱ་ནག་ལ་ཁ་ཕྱོགས་བསྒྱུར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 3

  1. Wangchuk says:
    ལོ་ 7 སྔོན།

    Good

    Reply
  2. ངག་དབང་བྱང་ཆུབ། says:
    ལོ་ 7 སྔོན།

    དེང་དུས་ཨ་རིའི་སྲིད་འཛིན་ཋརམ་མཆོག་ནས་ཨ་རིའི་རང་དབང་མང་གཙོའི་གཞུང་གི་མཛད་ཕྱོགས་རྣམས་ཕྱག་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡོད།
    མི་ལོ་ ༢༠ གོང་ཐེ་ཝན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཞབས་སྟེག་ཡོད་བཞིན་དུ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཀི་སིང་འཇར་དང་།
    སྲིད་འཛིན་ནེག་སེན་མཆོག་རྣམས་གཉིས་ནས་མི་འབོར་དཔལ་འབྱོར་གནས་སྟང་ལ་དགོང་བཞེས་ཀྱི། ཐེ་ཝེན་གི་ཞབས་སྟེག་དེ་རྒྱ་ནག་གུང་ཕྲན་མགོ་གཙོ་མའོ་ཚེ་ཐུང་ལ་གནང་ནས་རྒྱ་ནག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རེ་གནང་ཡང་། རྒྱ་ནག་དམར་ཤོགས་ཚོགས་པས་དང་པོ་མགོ་རྒྱུ་ས་ཞིག་བཙལ།
    དེ་རགས་སོང་ན་དཔུང་པ་རྒྱུས་ཏེ་མཐར་ཡོངས་རྫོགས་ཧམ་ཟ་བྱ་ནག་དམར་པོའི་ལམ་ལུགས་དེ་རང་ཡིན་པ་མཁྱེན་རྟོགས་གསལ་པོ་བྱུང་སྟེ་ད་ཆ་མངས་གཙོའི་ཕྱགས་གནང་བཞེད་དག་ཕྱག་ལེན་དོན་ཁྱོལ་ཡོང་བའི་འབོད་བསྐུལ་ཞུ་བ་དང་ཆབ་ཅིག་མཛད་བཟང་ལྷུན་འགྲུབ་ཡོང་སྨོན་ལམ་སྙིང་ནས་ཞུ།།

    Reply
  3. ཤར་མདའ། says:
    ལོ་ 7 སྔོན།

    རླབས་ཆེན་གྱི་གྲོས་ཆོད་ཞིག་ལ་དངོས་འཛིན་དགོས་པ་རེད། བོད་ལ་འདི་ལྟ་བུ་ཞིག་ཡོང་ཐབས་བྱེད་དགོས་པ་གལ་ཆེན་རེད། འོན་ཀྱང་བོད་ཀྱི་ནང་ནང་འཁྲུག་ལ་མགོ་འཁོར་ནས་འདི་ལྟ་བུ་ལ་ལྟ་མཁན་མེད་པ་འདྲ་བོ་རེད། མགོ་སྐོར་གཏོང་སྟངས་ཀྱི་ཁྲིམས་ལུགས་ཤིག་སྦྱང་ནས་ཡོད་པ་འདྲ། འདི་ལྟ་བུའི་རླབས་ཆེན་གྱི་རྒྱབ་སྐོར་ཚོལ་སྟངས་ཤེས་ཀྱི་མེད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese