ལབ་རྒྱུ་གླེང་རྒྱུ་ཆུང་བ་དང་ལས་འགུལ་ནུས་པ་ཆེན་པོ་ཞིག

སེར་སྦྲེངས་ སྙན་སྐུལ་ཞི་བའི་གོམ་བགྲོད་འདིས་ལས་འགུལ་ནང་ཞུགས་མཁན་དང་། ལས་འགུལ་གོ་སྒྲིག་ཞུ་མཁན་གཞན་མང་པོ་ཞིག་གི་མིག་དབང་ཕྱེས་སོང་།

་་་

གསར་བརྗེ་ལས་འགུལ།

ཐེངས་འདིའི་མེ་ཏོག་བ་སྤྲུའི་གསར་བརྗེ་ཡི་ལས་འགུལ་སྤེལ་སའི་ཁྱབ་ཁོངས་སུ་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཡུ་གུར་གྱི་རྒྱལ་ས་ཝོ་རོ་མུའུ་ཆི། སོག་པོའི་གྲོང་ཁྱེར་ཆེ་ཁག་དག་ཀྱང་ཚུད་ཡོད་རབས་བཤད་ཅིང་། དེ་ནི་ཞི་བ་ནས་དྲག་པོ་དང་། རང་དབང་ནས་རང་བཙན་ལ་འགྱུར་རྒྱུའི་སྔ་ལྟས་ཤིག་ཡིན་ཡང་སྲིད།
་་་

འཐབ་རྩོད་ཀྱི་ངོ་བོ་འཚོལ་བ།

 ལྷོ་སུའུ་ཌན་ལ་རང་བཙན་ཐོབ་སོང་། ཨི་ཇིབ་ལ་རང་དབང་ཐོབ་ཐལ། བོད་རྒྱ་ཆེའི་མི་མང་སྔར་བཞིན་གཞན་དབང་འོག་ལྷག་ཡོད།
་་་

བརྡ་ཆད་འགའི་རྒྱབ་མདུན།

 ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་དང་ལྷན་དུ་བརྡ་ཆད་གསར་པ་ཁ་ཤས་བྱུང་ཡོད། དེ་ནི་རྒན་པ་དང་ན་གཞོན་པ། ཤེས་ཡོན་དང་ཉམས་མྱོང་། སྐུ་དྲག་དང་ཞིང་པ་ཟེར་བ་འདི་དག་རེད། ཚིག་འདི་དག་གི་མདུན་ནས་ཉན་ན་མཚར་གྱི་སྣང་བ་བན་བུན་ཞིག་ལས་སྟེར་མི་སྲིད་ཀྱང་། ཚིག་འབྲུའི་རྒྱབ་ལ་ཞིབ་ཏུ་བལྟས་ན་ཧ་ཅང་འཇིགས་སུ་རུང་བ་ཞིག་དང་གདུག་རྩུབ་ཅན་ཞིག་ཡིན་ངེས།
་་་

དཀར་འདོན་བདེན་དཔང་།

རྒྱ་གར་ཉེན་རྟོག་པས་ཀརྨ་བླ་བྲང་དུ་ཧིན་སྒོར་འབུམ་བརྒྱ་ཤོག་ཅིག་ཡོད་པ་དང་། རྒྱལ་ཁབ་འདྲ་མིན་གྱི་དངུལ་ལོ་ཡོད་པར་དོགས་འཆར་འདྲ་མིན་བྱེད་པ་དེ་ནི། བོད་པའི་བླ་སྤྲུལ་སྒྲིག་འཛུགས་ཀྱི་འགྲོ་སྟངས་མ་ཤེས་པ་དང་། མཆོད་ཡོན་བླ་སློབ་ཀྱི་ལམ་སྲོལ་ལ་རྒྱུས་མངའ་མེད་པས་ཡིན་སྲིད་ཀྱང་། དོན་རྐྱེན་འདི་བརྒྱུད་དེ་བོད་མི་ཚོར་ཉེན་བརྡ་ཞིག་དང་མཉམ་དུ་གསལ་འདེབས་ཤིག་ཀྱང་བྱས་ཡོད།
་་་

རེ་བ་ཆེ་མ་དྲགས།

ཤོག་དཀར་གྱི་ཐོག་ཏུ་ཡིག་ནག་བྲིས་ཤིང་། ཐམ་ག་དང་མཚན་རྟགས་ཀྱིས་མནན་ཏེ་ཕྱོགས་གཉིས་བར་ཆིངས་ཡིག་གི་ངོ་བོར་གྲུབ་འགྲོ་རྒྱུ་གང་ཡང་མེད་པ་མ་ཟད། བོད་དང་ཡུ་གུར། སོག་པོ། ཆོས་འཁོར་རྩ་རླུང་གི་གནད་དོན་སོགས་ནི་ཐེངས་འདིའི་ཨ་རྒྱའི་བར་གྱི་གྲོས་གཞི་མིན་སྟབས། འདིའི་ཐད་རེ་བ་རྒྱག་མཁན་ཚོར་བློ་ཕམ་འབྱུང་སྲིད་པ་རེད།

་་་

འཐུས་ཤོར་བའི་ངོ་གདོང་།

བཙན་བྱོལ་བོད་གཞུང་གིས་ཁོང་ཚོར་ཁེ་ན་ཌའི་གཞུང་གིས་ཚུར་འབྲེལ་བ་བྱས་མ་སོང་སྟབས། དོན་དག་དེ་གཞུང་འབྲེལ་ཆགས་མེད་ཟེར། ངོ་མ་ཧང་སང་དགོས་པའི་སྐད་ཆ་རེད།
་་་

མེས་རྒྱལ་དུ་ལོག་ཕེབས་ཤོག

རྒྱ་ནག་གིས་འབྱུང་འགྱུར་གྱི་ལོ་ལྔ་ནས་བཅུའི་ནང་ཚུན་ལ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཚང་མ་ཕྱིར་རང་རྒྱལ་དུ་ལེན་ཐུབ་པ་བྱ་རྒྱུ་ཡིན་ལ། ཁོང་ཚོའི་ཆེད་དུ་རྒན་པ་ཚོར་རྒས་གསོ་ཁང་དང་གཞོན་པ་ཚོར་སློབ་གྲྭ དར་མ་ཚོར་ལས་ཀ དེ་མིན་ཚང་མར་ཟླ་ཕོགས་སྤྲད་དེ་རང་དོན་རང་གཅེས་དང་། རང་མིར་རང་བདག་བྱས་ཏེ། རྒྱལ་སྤྱིའི་མི་མང་ཀྲུང་གོ་ལ་དགའ་བ་དང་། རྒྱལ་ཡོངས་མི་མང་གུང་ཁྲིན་ཏང་ལ་དགའ་བ་བྱ་རྒྱུ་ཡིན་ཟེར།
་་་