སྲིད་འཛིན་བར་གྱི་འཐབ་རྩོད།

ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་རྙིང་བར་རྩོད་རྙོག་བྱུང་སྟེ། ནང་ཁུལ་ཟིང་འཁྲུག་འབྱུང་ཉེན་ཡོད་འདུག

་་་

ཨི་རག་གི་སྲིད་བློན་གསར་པ།

ཁ་སང་ཨི་རག་ཁྲིམས་བཟོ་ལྷན་ཚོགས་ཀྱིས་སྐུ་ཞབས་ནུརེ་ཨལ་མཱ་ལེ་ཀེ་ལགས་སྲིད་བློན་དུ་མཐའ་མའི་ཐག་གཅོད་བྱུང་ཡོད་འདུག་

་་་

ས་པཎ་རྗེས་སུ་དྲན་པ།

ས་སྐྱ་མ་དགོན་བཤད་གྲྭ་རུ་ས་པཎ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་སྟེ་ལོ་ངོ་ ༧༦༠ འཁོར་བའི་དུས་དྲན་ཞིག་སྲུང་གཙི་བྱས་འདུག 

་་་

རྒྱ་བལ་དམག་མིའི་མཛའ་འབྲེལ།

རྒྱ་གར་སྤྱི་ཁྱབ་དམག་དཔོན་ཆེན་མོ་བེ་ཇཱཡེ་ཀོ་མར་བལ་ཡུལ་ནང་བསྐྱོད་དེ། བལ་ཡུལ་དམག་དཔོན་དང་མཐའ་མཚམས་སྲུང་སྐྱོབ་སྐོར་ལ་གྲོས་མོལ་བྱེད་ཀྱིན་ཡོད། 

་་་

ཨ་རྒྱ་གཉིས་བར་གྱི་ཐེ་ཝན།

ལོ་སྔ་ཕྱིར་ཨ་རི་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་འགྲོ་འོང་དེས་ཐེ་ཝན་ལ་བློ་འཚབ་གསར་པ་ཞིག་བསླངས་ཡོད་འདུག

་་་

མཚོ་གྲུ་བརྡབ་སྐྱོན།

བྲོས་བྱོལ་བའི་མཚོ་གྲུ་ཞིག་ཨོ་སི་ཊི་ལི་ཡའི་མཚོ་གླིང་ནས་བརྡབ་སྐྱོན་བྱུང་སྟེ་ད་བར་མི་ ༣༠ ལྷག་གི་ཚེ་སྲོག་ཤོར་ཡོད།

་་་

བོད་མི་ཞིག་རྐྱེན་འདས།

ཁ་སང་བལ་ཡུལ་གྱི་གནམ་གྲུ་ཞིག་བརྡབས་ཏེ་མི་ ༢༠ རྐྱེན་འདས་སུ་ཕྱིན་པའི་ཁྲོད་བོད་མི་སྐལ་བཟང་ཆོས་གྲགས་ཟེར་བ་ཞིག་ཡོད་འདུག

་་་

༧གོང་ས་མཆོག་ལ་གཟེངས་རྟཊ།

ཨ་རིའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་བྱམས་བརྩེ་དང་ཞི་བདེའི་ཚོགས་པའིའདི་ལོའི་བྱམས་བརྩེ་དང་ཞི་བདེའི་གཟེངས་རྟགས་དེ་༸གོང་ས་མཆོག་ལ་ཕུལ་ཡོད་འདུག

་་་