མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་བུ་གཉིས་ཀྱི་ལོ་གཅིག་གི་ལས་འགུལ་མཇུག་སྒྲིལ།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཉི་མའི་ཉིན་ཨོ་སི་ཊོ་ལི་ཡར་གནས་སྡོད་ཕུན་ཚོཊ་མདའ་ལྷ་ཕ་བུ་གཉིས་ཀྱིས་ལོ་གཅིག་རིང་སྤེལ་བའི་དཔའ་བོའི་ཞལ་ཆེམས་བརྒྱུད་བསྒྲགས་ཀྱི་ལས་འགུལ་མཇུག་སྒྲིལ་ཡོད་འདུག

ཨོ་སི་ཊོ་ལི་ཡའི་མཁར་རྫོང་གསར་བ་ (Australia Newcastle) གནས་སྡོད་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་མདའ་ལྷ་ལགས་དང་ཁོང་གི་བུ་བསྟན་འཛིན་གངས་ལྷ་གཉིས་ཀྱིས། སྔར་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ནས་བཟུང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་དང་ས་གནས་ཁག་ ༣༦ ནང་། བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་ ༡༡༠༠༠ ལྷག་འགྲེམས་སྤེལ་གནང་སྟེ། ཁ་སང་ཕྱི་ཚེས་ ༡༩ ཉིན་ཕ་བུ་གཉིས་ཀྱི་ལོ་གཅིག་རིང་སྤེལ་བའི་དཔའ་བོའི་ཞལ་ཆེམས་བརྒྱུད་བསྒྲགས་ཀྱིས་ལས་འགུལ་རེ་ཞིག་མཇུག་སྒྲིལ་ཡོད་འདུག

མདའ་ལྷ་ཕ་བུ་གཉིས་ཀྱི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ། ས་གནས་མི་མང་ལ་བོད་ནང་གི་རང་ལུས་མེར་བསྲེཊ་གཙོས་པའི་ཛ་དྲག་གི་གནས་སྟངས་དྲིལ་བསྒྲགས་དང་། བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ་ཆེད་ཡིན་འདུག་ལ། འདས་པའི་ལོ་གཅིག་རིང་ཁོང་ཕ་བུ་གཉིས་ཀྱིས་བདུན་ཕྲག་རེའི་ཉིན་གཅིག་རེར་ཆད་མེད་ཐོག ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་གྱི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། བོད་མིའི་རང་ལུས་མེར་བསྲེཊ་ཀྱི་རྒྱུ་རྐྱེན་དང་ཞལ་ཆེམས། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོར་ཉེས་འཛུགས་འདྲ་མིན་འོག་གང་བྱུང་འཛིན་བཟུང་དང་སྲོག་ཁྲིམས་གཅོད་བཞིན་པའི་གནས་ཚུལ་སོགས་དབྱིན་ཡིག་དང་རྒྱ་ཡིག་གི་ལམ་ནས་འགྲེམས་སྤེལ། བོད་མིའི་སྒྲིག་འཛུགས་དང་སྐུ་སྒེར་གྱི་དྲ་རྒྱ་གཙོས་བོད་དོན་དང་འབྲེལ་བའི་དབྱིན་ཡིག་གི་དྲ་གནས་ཁག བོད་རིགས་ཚོགས་པ་ཁག་གི་ཁ་བྱང་བཅས་མི་མང་ནང་འགྲེམས་སྤེལ་བཅས་བྱས་ཡོད་འདུག

ཁ་སང་གསར་འགོད་པས་ཁ་པར་བརྒྱུད་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་མདའ་ལྷག་ལགས་སུ་འདས་པའི་ལོ་གཅིག་གི་ལས་འགུལ་སྐབས་དཀའ་ངལ་ངལ་གཙོ་བོ་ག་རེ་འཕྲད་ཡོད་མེད་དང་། ལས་འགུལ་ལ་གྲུབ་འབྲས་གང་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་གིས། “ དཀའ་ངལ་གྱི་ཐད་ནས་ངའི་བུ་བསྟན་འཛིན་གངས་ལྷ་ལོ་ཆུང་ཆུང་ཡིན་པ་དང་། བདུན་ཕྲག་རེའི་ནང་གྲོང་ཁྱེར་དང་ས་གནས་ཁག་འདྲ་མིན་སོང་སྟེ་ཡིག་ཆ་འགྲེམས་སྤེལ་བྱས་སྟབས། ཁོའི་སློབ་སྦྱོང་ཐོག་བར་ཆད་ཏོག་ཙམ་བྱུང་འདུག དེ་མིན་དམིགས་བསལ་དཀའ་ངལ་གང་ཡང་འཕྲད་མ་སོང་། གྲུབ་འབྲས་ཀྱི་ཐད་ནས་ཀྱང་མི་གཉིས་ཀྱི་ལས་འགུལ་ལ་དམིགས་བསལ་གྲུབ་འབྲས་ཆེན་པོ་ཐོན་ཐུབ་རྒྱུ་ཁག་པོ་ཡིན་ནའང་། ངེད་གཉིས་ཀྱིས་ལས་འགུལ་རིམ་པ་སྤེལ་སྐབས་མི་མང་ཁྲོད་བོད་དོན་དོ་སྣང་བྱེད་མཁན་མང་དུ་འགྲོ་གི་འདུག་ལ། ལས་འགུལ་འདི་ལ་བརྟེན་ནས་ཕྱི་གླིང་བའི་ཁྲོད་ཁ་པར་དང་གློག་འཕྲིན་བརྒྱུད་དེ་ངེད་གཉིས་ཀྱི་ལས་འགུལ་གྱིས་ཕན་ཐོགས་བྱུང་སོང་ཟེར་མཁན་དང་། མ་འོངས་པར་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་ཁས་ལེན་བྱེད་མཁན་གང་ལ་གང་འཚམ་བྱུང་སོང་། དེ་དག་ངེད་གཉིས་ཀྱི་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ” ཅེས་བརྗོད་བྱུང་།

ཐེངས་འདིའི་ལས་འགུལ་བརྒྱུད་ཁོང་ལ་ངོས་ཟིན་གང་འདྲ་བྱུང་ཡོད་མེད་དང་། མ་འོངས་པར་ལས་འགུལ་སྤེལ་འཆར་ཡོད་མེད་དྲིས་པར་ཁོང་གིས། “ གཙོ་བོ་ང་ཚོས་ལས་འགུལ་གྱི་ཆེ་ཆུང་ལ་མ་ལྟོས་པར་གོམ་པ་བརྒྱབ་པ་ཡིན་ན། འཛམ་གླིང་མི་མང་གིས་དོ་སྣང་དང་ཧ་གོ་ཐུབ་པ་ཞིག་བྱུང་གི་ཡོད་པ་དང་། རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་བསྒྲུབ་ཐུབ་པ་དང་སྒྲུབ་དགོས་པའི་འགན་སྟེ། བོད་ནང་གི་བོད་མིའི་བདེ་སྡུག་རྒྱལ་སྤྱིར་གླེང་ཐུབ་ཀྱི་འདུག་བསམ་པའི་ངོས་ཟིན་ཐོབ་སོང་། གང་ལྟར། ངེད་ཕ་བུ་གཉིས་ཀྱི་ལོ་གཅིག་གི་ལས་འགུལ་དེ་ཐོག་མའི་དམ་བཅའ་ལྟར་ཁ་སང་མཇུག་སྒྲིལ་སོང་བ་རེད། ད་ཆར་ངེད་གཉིས་ལ་མ་འོངས་པར་འདི་ལྟར་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་ཁ་ཕྱོགས་གསལ་བོ་མེད་ཀྱང་། ཕྱི་རྒྱལ་གྱི་སྐྱིད་པའི་ལུང་བར་བསླེབས་ཏེ་སྡུག་པའི་ཕ་ཡུལ་བརྗེད་ན་འགྲིག་གི་མེད་སྟབས། ཕ་ཡུལ་གྱི་གནས་སྟངས་དང་དཀའ་ངལ་མ་བརྗེད་པར་དུས་ནམ་ཡང་ལས་འགུལ་རབས་དང་རིམ་པ་སྤེལ་རྒྱུའི་དམ་བཅའ་ལ་འགྱུར་བ་མེད། མ་འོངས་པར་རིམ་པས་ལས་འགུལ་ག་རེ་སྤེལ་མིན་ཐག་གཅོད་བྱ་འཆར་ཡོད། ” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 1

  1. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    ངོ་མ་ཕ་བུ་གཉིས་ཀྱིས་ལས་འགུལ་རྒྱུན་རིང་བོ་སྤེལ་འདུག ད་སྐབས་ནུབ་ཕྱོགས་སར་མ་གཏོགས་རྒྱ་གར་ཕྱོགས་ནས་ལས་འགུལ་སྤེལ་མཁན་དཀོན་པོ་འདུག ཁྱེད་ཕ་བུ་གཉིས་ལ་དངོས་ཤུགས་རྒྱུད་གསུམ་ནས་ཐུགས་རྗེ་ཆེ། ངོ་མ་བོད་མི་ས་ཡ་དྲུག་གི་བདེན་དོན་གྱིས་ཆེད་དུ། ཕུ་ཕྲུག་ཆུང་ཆུང་དེ་དག་གིས་རང་ཉིད་ཀྱི་སར་མ་བསྡད་པར་ལུས་འགུལ་སྤེལ་བ་བསྔགས་བརྗོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese