མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤེན་པ་ཚེ་རིང་མཆོག་མང་མོས་ཀྱིས་འོས་མིར་བཏོན།

བོད་ཀྱི་དུས་བབ།
༢༠༡༦/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

མངའ་རིས་སྤྱི་མཐུན་ཚོགས་པས་མང་མོས་ཀྱི་ཐོག་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་མིར་བཏོན་པ་གསལ་བསྒྲགས་གནང་སོང་།

 

IMG_4608དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་དྷ་རམ་ས་ལར་རྟེན་གཞི་བྱས་པའི་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་ལྷན་ཚོགས་ཐོག་གྲོས་བསྡུར་ཐག་གཅོད་གནང་བ་བརྒྱུད། ས་གནས་ཁག་ནས་མང་མོས་རྒྱབ་སྐྱོར་ཞུས་ཏེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་མིར་བཏོན་པ་གསལ་བསྒྲགས་གནང་སོང་བ་དང་། གསར་འགོད་ལྷན་ཚོགས་ཐོག་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་ཚོགས་གཙོ་སྤྱི་ཟུར་སྨན་པ་ཐོགས་མེད་ལགས་དང་དྷ་ས་ས་གནས་མངའ་རིས་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་གཉིས་ཀྱི་དབུས་མི་གྲངས་ ༣༠ མ་ཟིན་ཙམ་འཛོམས་འདུག

 

ཐོག་མར་དབུས་རྒྱུན་ཚོགས་གཙོ་སྨན་པ་ཐོགས་མེད་ལགས་ཀྱིས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ནས་རྒྱབ་སྐྱོར་ཡོང་བའི་སྙན་ཞུ་ཕུལ་བ་སྔ་གཞུག་ཏུ་སྒྲོག་སྦྱངས་གནང་རྗེས། མངའ་རིས་སྤྱི་མཐུན་ཚོགས་པའི་ངོས་ནས་བསམ་ཞིབ་གྲོས་བསྡུར་མཐིལ་ཕྱིན་གནང་མཐར། གལ་གནད་ཆེན་པོ་གསུམ་གྱི་ཐོག་ནས་སྤྱི་འཐུས་ཚོགས་གཙོ་མཆོག་ལ་རྒྱབ་སྐྱོར་ཞུས་པ་ཡིན་སྐོར་གྱི་བསྒྲགས་གཏམ་སྒྲོག་སྦྱངས་གནང་བའི་ནང་། དང་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོའི་འཕྲལ་ཡུན་ལམ་སྟོན་ནི་བོད་མི་རིགས་ཀྱི་མདུན་ལམ་གསལ་བའི་སྒྲོན་མེ་གཅིག་པུ་དེ་ཡིན་རུང་། ད་ཆ་༧གོང་ས་མཆོག་དགུང་ན་སྨིན་པ་མ་ཟད། བོད་མིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་སོགས་གང་ཐད་ནས་ལོ་ཤས་ནང་བོད་དོན་ཐག་གཅོད་ཅིག་མ་བྱུང་ཚེ། བོད་ཀྱི་བསྟན་སྲིད་མི་རིགས་རྩ་བརླག་ཏུ་འགྲོ་ཉེན་ལ་བརྟེན། ༧མགོན་པོ་གང་གི་རླབས་ཆེན་དགོངས་གཞི་རྣམས་ཚུལ་བཞིན་རྟོགས་ནས་ལག་བསྟར་ཐུབ་མཁན་དང་། གཉན་འཕྲང་གི་དུས་ཚོད་ཇི་ཙམ་ཡིན་པ་ཤེས་མཁན་ནི་སྲིད་སྐྱོང་འོས་མིའི་ཁྲོད་ཁོང་ལས་ལྷག་པ་མེད་པ།

 

གཉིས་པ། བོད་རྒྱའི་དཀའ་རྙོག་གང་མྱུར་བསལ་ཏེ་༧གོང་ས་མཆོག་རང་ཡུལ་གངས་ཅན་ལྗོངས་སུ་ཆིབས་བསྒྱུར་གནང་རྒྱུ་ནི་དབུ་མའི་ལམ་གྱི་འབྲེལ་མོལ་ལ་རག་ལུས་པས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནད་དོན་ཚང་ལ་མ་ནོར་བ་རྟོགས་མཁན་དང་། དེ་ལག་བསྟར་གྱི་སྤོབས་པ་བཅས་སྲིད་སྐྱོང་འོས་མིའི་ཁྲོད་ཁོང་ལས་ལྷག་པ་མེད་པ།

 

གསུམ་པ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ལས་དོན་བཅས་ལ་མཁྱེན་རྟོགས་དང་རྒྱུས་མངའ་ཚད་ལྡན་ཡོད་པ་མ་ཟད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ལྷུང་སྤངས་པའི་ཐོག་བཤད་ན་བཤད་ཕོད་པ་དང་། བྱེད་ན་བྱེད་ཕོད་པའི་བློ་སྟོབས་མངའ་བ་བཅས་ལ་བརྟེན། འདི་ག་ཚོགས་པའི་ངོས་ནས་བོད་མི་རིགས་ཀྱི་མདུན་ལམ་ལ་ལྷག་བསམ་རྣམ་དག་གིས་འགན་འཁུར་བའི་ཐོག་ནས་རྒྱབ་སྐྱོར་གསལ་བསྒྲགས་འདི་སྤེལ་བ་ཡིན། ཞེས་བཀོད་འདུག

 

གསར་འགོད་པའི་དྲི་བ་དྲིས་ལན་གྱི་སྐབས་སུ་སྤྱི་འཐུས་ཚོགས་གཙོ་མཆོག་ལ་རྒྱབ་སྐྱོར་ཞུ་བའི་ཐག་གཅོད་ནང་ས་གནས་ཁག་མཉམ་ཞུགས་ག་འདྲ་གནང་ཡོད་པ་དང་། དེ་སྔོན་གྱི་འགན་འཛིན་ལྷན་ཚོགས་ཐོག་བྱུང་བའི་ཐག་གཅོད་དེ་རྩིས་མེད་ཕྱིན་པ་ཡིན་མིན་དྲིས་པར་དབུས་རྒྱུན་ཚོགས་གཙོ་སྨན་པ་ཐོགས་མེད་ལགས་ཀྱིས། དབུས་རྒྱུན་ལས་ནས་ཐག་གཅོད་བྱུང་རྗེས་ས་གནས་རྒྱུན་ལས་ཁག་ཏུ་འབྲེལ་བ་བྱས་པ་ཡིན། ཡིན་ནའང་། ས་གནས་གཉིས་མ་གཏོགས་མང་ཆེ་བས་དབུས་ནས་ག་རེ་གསུངས་པ་དེ་རང་ཡིན་ཞེས་རྒྱབ་སྐྱོར་བྱས་ཡོད་པ་དང་། ས་གནས་ཁག་གཉིས་དེ་ཡིས་ཀྱང་སྐུ་ངོ་སྤེན་པ་ཚེ་རིང་ལགས་ལ་འདོད་པ་མེད་ཅེས་ལབ་ཡོད་པ་མ་རེད། ད་ལན་ཁ་རོག་གེར་བསྡད་དེ་ཆ་ཤས་མ་བླངས་ན་ལབ་ཡོད་པ་རེད། ཅེས་དང་། དེ་སྔོན་འགན་འཛིན་ལྷན་ཚོགས་ཐོག་ཉིན་གཅིག་དང་ཕྱེད་རིང་གྲོས་བསྡུར་བྱས་པ་བརྒྱུད། གསང་བའི་འོས་ཤོག་བླུགས་ཏེ་བཀྲ་ཤིས་དབང་འདུས་ལགས་གཅིག་པུ་སྲིད་སྐྱོང་འོས་མིར་འདོན་རྒྱུ་མང་མོས་བྱུང་ཡོད་པ་དང་། གལ་སྲིད་བཀྲ་ཤིས་དབང་འདུས་ལ་མ་འཐོབ་ན་འོས་མི་གཉིས་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འདོན་རྒྱུའི་གྲོས་ཆོད་མེད་པ་དང་། ཕྱིས་སུ་འོས་མི་གཉིས་པ་ཞིག་ཡང་བསྐྱར་འདོན་དགོས་པའི་ཕྱག་ཡིག་མང་པོ་ཕེབས་པ་ལྟར། མང་མོས་ཀྱི་ཐོག་ནས་སྤྱི་འཐུས་ཚོགས་གཙོ་མཆོག་སྲིད་སྐྱོང་འོས་མིར་བཏོན་པ་ཡིན་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེན་སི་མི་ཐི་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་གྱི་བློན་ཆེན་གཞོན་པར་བསྐོས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༦
Mobile App

བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་གནང་། 

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།  ༢༠༢༥།༠༦།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།

ཆུ་ཚོད་ ༡༢ སྔོན་ལ།
Advertisement for App

། ཨྱོན་སྨིན་གྲོལ་གླིང་དུ་སྔ་འགྱུར་བཀའ་མའི་དབང་གི་ཆོས་བརྡ་གསལ་བསྒྲགས།

ཆུ་ཚོད་ ༡༣ སྔོན་ལ།
The bridge over the Indrayani river collapsed in Pune's Kundmala area on Sunday afternoon, officials say.
Mobile App

རྒྱ་གར་ནུབ་ཕྱོགས་སུ་ཟམ་པ་འགྱེལ་ནས་མི་གཉིས་རྐྱེན་འདས་སུ་ཕྱིན།

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༦/༡༣
རྒྱ་ནག་གཞུང་གིས་བོད་དིང་རིའི་བསྐྱར་གསོའི་རྣམ་པ། དྲ་ལམ་གྱི་པར།
Mobile App

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༡༣

མཆན། 19

  1. འཇིགས་མེད་ says:
    ལོ་ 9 སྔོན།

    རྒྱ་ཆ་བརྒྱབ་སྐྱོར་ཡོད་ཁོང་འོས་མིར་འདེམས་ན་ནོར་མེད་རེད་དེ་ནི་ཆོལ་ཁ་ཆོས་ལུགས་སོགས་ཕྱོགས་ཞེན་མེད་རེད་

    Reply
  2. རྡོ་རྗེ།་་་་ says:
    ལོ་ 9 སྔོན།

    མངའ་རིས་སྤྱི་མཐུན་མིང་ཐོག་ནས་ཆོལ་ཞེན་པ་དེ་དག་གིས་བྱ་སྤྱོད་ལ་ལྟོས་དང་། དྲྭ་གྲོགས་ཚོ། དངོས་གནས་ཡིད་སྐྱོ་དགོས་པ་ཤིག་རེད།
    དེ་དག་ལ་རྒྱབ་ལྗོངས་གཞན་གང་ཡང་མི་འདུག རྒྱ་དམར་ལ་དགོས་པའི་ལས་དོན་ཁོ་ན་ལ་བརྩོན་བཞིན་འདུག ཨོ་ཧོ་ཧོ་་་་་་་་་་་་ད་ཡིན་
    ན་འདུག

    Reply
  3. བསྟན་རྣམ། says:
    ལོ་ 9 སྔོན།

    ང་མཚོན་ན་ཚོགས་གཙོ་སྤེན་པ་ཚེ་རིང་དང་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་སུ་ཞིག་འོས་ཐོབ་ནའང་དེ་མང་གཙོ་ཡིན་པས་ངོས་ལེན་གཙང་མ་ཞུ་གི་ཡིན། ཡིན་ནའང་འོས་བསྡུའི་བརྒྱུད་རིམ་ནང་དུ་སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་གཉིས་ལ་སྐྱོན་བརྗོད་བྱེད་སྟངས་ལ་མི་འདྲ་བའི་ཆ་ཞིག་ཡོད་པ་ནི། བློ་བཟང་སེང་གེ་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ནི་མི་སྒེར་བ་ཁག་ཅིག་དང་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་སྐྱོན་བརྗོད་དང་དཀྲོགས་གཏམ་ཤོད་ཀྱི་ཡོད་ལ། མི་དེ་དག་ལ་ཆོལ་ཁའི་ཞེན་ཁོག་ཀྱང་གང་འཚམས་ཡོད་མཁན་རྐྱང་རེད། གང་ལྟར་དོན་ལ་གནས་པའི་སྐྱོན་བརྗོད་ཉུང་ཤས་ཤིག་མ་གཏོགས་མང་ཆེ་བ་ནི་དཀྲོགས་གཏམ་དང་ཀུན་སྤྱོད་དང་བྲལ་བའི་བརྗོད་ཚིག་ཁོ་ན་རེད། གང་ལྟར་སྐྱོན་བརྗོད་འདི་ཚོ་ལ་རྩ་འཛུགས་དང་འཆར་གཞི་མེད་པར་སེམས་ལ་དྲན་ཚད་ཤོད་ཀྱི་ཡོད། དེ་ལས་ལྡོག་སྟེ་སྤེན་པ་ཚེ་རིང་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ལ་སྔར་ནས་འཆར་གཞི་ཡོད་པ་མ་ཟད། འཆར་གཞི་ནང་བཞིན་མི་མང་ལ་སྐུལ་སློང་དང་དཀྲོགས་གཏམ་སྤེལ་རྒྱུ་དང་། དེ་ནས་གླེང་ཕྱོགས་བཟོས་ཏེ་གང་དུ་སྤེན་པ་ཚེ་རིང་ལ་ཞན་ཆ་ཞིག་བྱུང་བ་དང་དེ་ཐོག་སྐྱོན་འདོགས་སྣ་ཚོགས་བྱས་ཏེ། འོས་བསྡུ་ལས་ཁངས་ལ་ཞུ་གཏུགས་ལས་འགུལ་དང་། གསར་འགོད་པ་ཡིན་མིན་ལ་མ་ལྟོས་བར་སྐད་ཆའི་སྟེང་ལ་སྐད་ཆ་བཞག་ནས་བསུན་བཙེར་བཟོས་ཏེ་ཚིག་གཅིག་ལོན་ཐབས་ལ་འབད་བརྩོན། ཚིག་ལོག་གཅིག་ལོན་ཚེ་དེའི་ཐོག་ཡང་བསྐོར་བསྐྱར་བསྐོར་གྱི་སྒྲོ་འདོགས་བྱེད་པ། རང་བཙན་ལ་ཡིད་ཆེས་གང་ཡང་མེད་པར་ཆོལ་ཁའི་ཞེན་ཁོག་གི་མེ་སྦར་གྱི་ཡོད་ཀྱང་རང་བཙན་ཁ་ལ་འཁྱེར་གང་ཐུབ་ཅི་ཐུབ་ཀྱིས་ནག་པོ་བཟོ་ཐབས་སོགས་བརྙས་བཅོས་མི་ཉུང་བ་ཞིག་བྱས་ཡོད། དེར་བརྟེན་སྔར་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་མེད་མཁན་བར་གནས་བ་དང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ནང་ནས་ཀྱང་འགྱུར་ལྡོག་བྱུང་སྟེ་ད་སྐབས་སྤེན་པ་ཚེ་རིང་ལ་གདུང་སེམས་མཉམ་བསྐྱེད་དང་མ་སྐུལ་དང་བླངས་ཀྱི་རྒྱབ་སྐྱོར་བྱེད་གི་ཡོད་རེད། ང་མཚོན་ན་སྐབས་གཉིས་ལ་བློ་བཟང་སེང་གེ་ལ་འོས་ཤོག་བླུགས་ནས་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ནའང་ཟླ་གཅིག་གི་གོང་ནས་བཟུང་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་གཙང་མ་ཞུ་རྒྱུའི་བློ་ཐག་བཅད་པ་ཡིན།

    Reply
  4. ནོར་བུ། says:
    ལོ་ 9 སྔོན།

    ཕྱི་ལོ ༢༠༡༤ ལོ་མགོ་ཙམ་ནས་ངའི་ཕ་ལགས་དུས་འཁོར་དབང་ཆེན་ཞུ་ཆེད་གྲོང་མཚོ་དང་ གྲོང་སྡེ། རྫོང་སོགས་སུ་མི་རྒྱུ་ཟུང་བྲེལ་གྱིས་དཀའ་ངལ་ཚད་ལས་བརྒལ་བ་ཞིག་གནང་ནས་མཐར་བལ་ཡུལ་བར་གྱི་ཕྱི་བསྐྱོད་ལག་འཁྱེར་རགས་ཙམ་བྱུང་། ང་རང་ལ་མཚོན་ན་མི་ལོ་༢༥ ཙམ་པཱ་ལགས་མ་ཐུག་པ་བརྟེན་དེ་རིང་པཱ་ལགས་པ་ཐུག་པ་མ་ཟད། ཁོང་ལ་ཡང་དཔལ་དུས་ཀྱི་ལོ་འཁོར་དབང་ཟབ་མོ་ཞིག་ཐོབ་ཀྱི་རེད་སྙམ་སྟེ་བལ་ཡུལ་དུ་པཱ་ལགས་བསུ་བར་ཆས།

    ང་དང་པཱ་ལགས་བལ་ཡུལ་ནས་རྒྱ་གར་དུ་སང་འགྲོ་གནངས་འགྲོའི་སྐབས་ཤིག་དགོང་དྲོ་མཆོད་བརྟེན་གཡས་གཡོན་དུ་མི་ཚོགས་ཁྲོད་དུ་དུས་འཁོར་དབང་ཆེན་ཕྱིར་རྒྱང་བྱས་པའི་གཏམ་ངན་ལབ་བཞིན་འདུག གནས་ཚུལ་དེ་ངའི་ཐོས་འཛིན་གྱི་འབུ་ཁར་ཐོས་མ་ཐག་སྙིང་ལ་གྲི་བརྒྱ་དུས་གཅིག་ཏུ་བཙུགས་པ་ལྟར་བཟོད་དཀའ་བའི་ན་ཟུག་གིས་གནོན། ལྷག་པར་དུ་པཱ་ལགས་ལ་ཇི་ལྟར་ལབ་དགོས་མིན་དེའི་དགོང་མོ་གཉིད་ཀྱང་མི་ཤོར།

    སང་ཉིན་ཞོགས་པཱ་ལགས་ང་གཉིས་ཟ་ཁང་དུ་ཞོགས་ཇ་འཐུང་དུ་བསྐྱོད་སྐབས་གསར་འགྱུར་བརྒྱུད་ལམ་དུ་དུས་འཁོར་དབང་ཆེན་ཕྱིར་རྒྱང་གནང་དགོས་པའི་དགོས་པ་རྒྱུ་མཚན་དང་བཅས་བཀའ་ཤག་གི་གསལ་བསྒྲགས་དེ་མཐོང་བས་པཱ་ལགས་ཀྱང་དགོས་པ་རྒྱུ་མཚན་དེ་དག་ཤེས་ཏེ། ང་ལ་ཡང་གལ་ཆེ་གལ་ཆུང་ཟེར་ན་དེ་འདྲ་ལ་ཟེར་ཞེས་བསླབ་བྱ་གནང་དང་སྦྲེལ་ཡིད་ཤེས་ནོར་བུའི་སྐུ་གཟུགས་གལ་འགངས་ཆེ་བའི་བཀའ་སློབ་ཡུན་རིང་ཞིག་གནང་།

    པཱ་ལགས་ང་གཉིས་གྲོས་བསྡུར་ལན་མང་བྱས་ཏེ་མཐར་རྡ་སར་བསྐྱོད་དེ་༧གོང་ས་མཆོག་མཇལ་ཏེ་རྒྱ་གར་གྱི་གནས་ཆེན་ཁག་མཇལ་ནས་བོད་དུ་ཕྱི་ལོག་བྱ་རྒྱུའི་ཐག་གཅོད་གནང།

    ད་ལྟ་ཕ་བུ་གཉིས་ཁ་འབྲལ་ཁར་དུས་འཁོར་དབང་ཆེན་ཕྱིར་རྒྱང་བྱ་དགོས་པའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་ཐོས་སྐབས། ང་ཙམ་མ་ཟད་ཱཔཱ་ལགས་ཀྱང་ཐུགས་སེམས་མི་སྤྲོ་བ་ཆགས།

    ང་དངོས་གནས་སྲིད་དོན་པ་དེ་ཚོར་ཁོང་ཁྲོ་ལངས་ཀྱི་འདུག རང་གི་ལོ་ལྔ་བཅུའི་རྐུབ་སྟེགས་ཀྱི་དོན་དུ་བོད་ནས་ངལ་བ་ཁྱད་དུ་བསད་དེ་ཡོང་མཁན་གྱི་བོད་མི་དེ་དག་དང་། རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དད་ལྡན་པ་རྣམས་ལ་འདི་ལོ་དུས་འཁོར་དབང་ཆེན་མེད་པ་བཟོས།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས། དེའི་ནག་ཉེས་ཡོངས་རྫོགས་ཁྱེད་དང་། ཁྱེད་ཀྱི་བཀའ་བློན་རྣམས་ཀྱི་འཁུར་དགོས་སོ།
    (དངོས་ཡོད་གཞིར་བཞག་སྟེ་བྲིས།
    གུས་པ་བཀྲིས་ནོར་བུས། བལ་ཡུལ་ནས་བྲིས།

    པཱ་ལགས་ལོ་རྗེས་མ་ཁྱེད་ལ་བར་ཆད་མི་ཡོང་བ་སྨོན་ལམ་ཞུ།

    Reply
  5. བསྟན་རྣམ། says:
    ལོ་ 9 སྔོན།

    མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་མང་གཙོ་གོ་རྟོགས་ཀྱི་ཟབ་སྦྱོང་ལ་ཁ་གཡར་ཏེ་སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་བསྡུའི་ཁྱབ་བསྒྲགས་བྱེད་དུ་ཕྱིན་པ་ཡིན་ན་དེ་མང་གཙོ་གོ་རྟོགས་སྤེལ་བ་མ་ཡིན་པར་མང་གཙོ་དེ་ཆབ་སྲིད་ཀྱི་གཡོ་སྒྱུའི་ལག་ཆར་བེད་སྤྱོད་བཏང་བ་ཡིན་པས་ཧ་ཅང་ཚབས་ཆེན་རེད། དེ་ལས་ཀྱང་ཐབས་རྡུག་པ་ཞིག་ལ་འབའ་བ་སྐལ་བཟང་རྒྱལ་མཚན་ལྟ་བུ་མང་གཙོ་ལ་གོ་རྟོགས་གཅིག་ཀྱང་མེད་པར་མང་གཙོ་གོ་རྟོགས་ཅི་ལྟར་སྤེལ་བ་ཡིན་ནམ། འབའ་བ་སྐལ་བཟང་རྒྱ་ནག་གི་ཆབ་སྲིད་ལ་ཤེས་ཚད་ཡོད་ཀྱང་མང་གཙོའི་ལྟ་གྲུབ་དང་འཕེལ་རིམ་གང་ལའང་གོ་རྟོགས་ལྟ་ཅི། གཡོ་སྒྱུ་མི་ཚང་དགུ་ཚང་གི་མི་ཞིག་ཡིན་པ་རེད། འདིའི་ཐད་ལ་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ངེས་པར་དུ་གསལ་བཤད་བྱེད་དགོས་ལ། གཙང་མ་མ་ཆགས་བར་དུ་འགན་འཛིན་ཚེ་རིང་མཚོ་མོས་གནས་སྐབས་དགོངས་ཞུ་གནང་དགོས། སྤྱི་བའི་ཁ་ལག་བཟས་ནས་སྒོ་ང་ཆོལ་ཁའི་འཐེན་ཁྱེར་ནང་དུ་བཏང་ན་རྩ་བ་ནས་འགྲིག་གི་མ་རེད། དེ་ལྟར་ཡིན་ན་ཁ་ལག་ཀྱང་ཆོལ་ཁའི་ནང་དུ་ཟོས་ཏེ་སྒོ་ང་ཡང་ཆོལ་ཁ་ནང་དུ་བཏང་ན་ཡག་པོ་འདུག

    Reply
  6. ར། says:
    ལོ་ 9 སྔོན།

    བོད་དོན་བསམ་ཏེ་རྒྱ་ནག་ལ་ཁ་གཏན་གཅོག་པར་དཔུང་མི་བསྒྲིགས་པར། བོད་མི་ནང་ཕན་ཚུན་གྲོས་མཐུན་ཆིག་སྒྲིལ་ལ་གནོད་པའི་ཕྱོགས་རེས་རྐྱང་བྱེད་པ་ནི་བོད་སྤྱི་མཐུན་གྱི་བསོད་ནམས་དམན་པའི་རྟགས་རེད། བློ་བཟང་སེངྒེར་རྒྱལ་བསྐྱོར་མི་བྱེད་མཁན་ལ་ཨ་རི་དང་། ཨོ་སི་ཁྲོ་ལི་ཡ། ཡུ་རོབ། རྒྱ་གར་སོགས་སུ་འཇིགས་སྐུལ་སྣ་ཚོགས་ཡོང་བཞིན་པ་ནི་ཡིད་ཕམ་དགོས་པའི་གནས་ཤིག་ཡིན་པ་མ་ཟད། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་སྟོན་པའི་ན་བཟའ་ནབ་པའི་ཤཀྱའི་དགེ་སྦྱོང་གི་གཟུགས་བརྙན་འཛིན་པ་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་དང་། མདོ་བསྟོད་སྤྱི་ཟུར་ཨོ་རྒྱན་སྟོབས་རྒྱལ་སོགས་ཀྱིས་གཞི་མེད་སྐྱོན་བརྗོད་ཚད་ལས་འདས་བ་བྱེད་པ། ཐ་ན་མདོ་སྟོད་ཆུ་སྒང་གསར་པའི་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཆེད་བརྟན་ཞུགས་བསྟར་འབུལ་ཞུ་སྐབས་ཀྱང་མདོ་སྟོད་སྤྱི་འཐུས་རྣམས་༧རྒྱལ་བ་དོན་གྱི་བདག་པོའི་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་མ་བཅར་བ་སོགས་ནི་བོད་སྤྱི་བའི་རྩ་དོན་ལ་གནོད་པའི་ལས་ཤ་སྟག་ལས་མ་འདས་པས། དགོངས་པ་གཏིང་ཟབ་མོ་བཞེས་རྒྱུ་གལ་ཆེན་པོ་རེད་སྙམ། བོད་རིགས་སྤུན་ཟླ་ནང་ཁུལ་གྱི་རྩོད་རྙོག་ཁོ་ནས་དབང་གིས་འཕགས་པ་སྤྱན་རིས་གཟིགས་དབང་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡང་ཕྱི་མི་བཟློག་ཀ་མེད་ཆགས་པ་ནི། སྙིག་མ་ལྔ་བཟློ་བའི་དུས་འདིར་འགྲོ་ལ་བསོད་ནམས་དམན་པ་ཁོ་ནའི་ཡིན་པ་སེམས་ལ་འཛིན་དགོས། རང་རེའི་སྤྱི་ཚོགས་ནང་གི་སྲིད་དོན་པར་ཁས་འཆེ་བའི་མི་ཁ་ཤས་ཀྱིས་དབང་དང་གོ་སྐབས་ཁོ་ནའི་ཆེད་བོད་འབངས་སེར་སྐྱ་མང་ཚོགས་སྡུག་ལ་མི་སྦྱོར་བའི་གསོལ་འདེབས་དང་བཅས།

    Reply
  7. བོད་ཕྲུག says:
    ལོ་ 9 སྔོན།

    རྒྱ་ཆེའི་མི་མང་གིས་མཁྱེན་དགོས་པ་གཙོ་བོ། ད་ལྟ་རྡ་རི་ས་ལའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་རྫོགས་བློ་ཕམ་བསྡད་ཡོད་པ་དང་གངས་ཅན་སྐྱིད་གཤོང་འཐོར་གྲབས་ཡོད་པ། ༧གོང་ས་མཆོག་གི་ཐུགས་འདོད་མ་ཁེངས་པར་ཅི་བྱ་གཏོད་བྲལ་ཆགས་ཡོད་པ། འདས་པའི་ལོ་ལྔའི་རིང་རྒྱ་ནག་གཞུང་ལ་སྐད་ཆ་ཚིག་གཅིག་བཤད་ཐུབ་མེད་པའི་དབང་གིས་ཧམ་སེམས་ཆེན་པོ་སྐྱེ་ཡོད་པ་སོགས་ཤེས་དགོས།

    Reply
  8. karmatsering says:
    ལོ་ 9 སྔོན།

    ད་ལན་སྲིད་སྐྱོང་སྔོན་འགྲོའི་འོས་བསྡུའི་སྐབས་ཀྱི་མཁས་དབང་བློ་བཟང་སེངྒེ་ལ་ཐོབ་པའི་རྒྱལ་ཁ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཆགས་ཡོད་ཅིང་ཕྱི་ལོ་2011ལོའི་སྔོན་འགྲོའི་འོས་བསྡུ་དང་བསྡུར་ན་རྒྱ་ཆ་26འཕར་ཡོད། ཕྱི་ལོ་2011ལོའི་སྔོན་འགྲོའི་འོས་གྲངས་ལས་མཁས་དབང་བློ་བཟང་སེངྒེ་ལ་འོས་ཤོག་22489དང་སྐུ་ངོ་བཀྲས་མཐོང་ལ་འོས་ཤོག་12319 ཐོབ་ཡོད་པས་འདི་དང་ད་ལན་གྱི་འོས་གྲངས་བསྡུར་ན་མཁས་དབང་བློ་བཟང་སེངྒེ་ལ་བརྒྱ་ཆ26དང་འོས་གྲངས་8019འཕར་ཡོད། སྐུ་ངོ་སྤེན་པ་ཚེ་རིང་ལ་སྐུ་ངོ་བཀྲས་མཐོང་གི་སྔོན་འོས་འགྲོའི་འོས་ཐོབ་དང་བསྡུར་ན་བརྒྱ་ཆ་13མར་ཆགས་ཡོད་ཅིང་འོས་གྲངས་1586ཉུང་བ་ཆགས་ཡོད།

    བློ་བཟང་དབང་རྒྱལ་གྱིས་གཉེར་བའི་དྲ་གནས་ཐོག་ཏུ་འཁོད་པ་གཞི་བཟུང་བྱེད་ན། འོས་འཕེན་ས་གནས་71ལས་མཁས་དབང་བློ་བཟང་སེངྒེ་ལ་ས་གནས་67ནས་འོས་ཐོབ། སྐུ་ངོ་སྤེན་པ་ཚེ་རིང་ལ་ས་གནས་3དང་བཀྲ་ཤིས་དབང་འདུས་ལ་ས་གནས1གཅིག་ནས་འོས་ཐོབ་ཡོད།

    ཨེ་ཤེ་ཡ་རྒྱལ་ཁབ་4དང་ཡུ་རོབ་ཀྱི་རྒྱལ་ཁབ་7བྱང་ཨ་མི་རི་ཀ་ནས་རྒྱལ་ཁབ་2་ཁྱོན་འཛམ་གླིང་གི་རྒྱལ་ཁབ་13ནས་མཁས་དབང་བློ་བཟང་སེངྒེ་ལ་གྲངས་མང་གི་འོས་ཤོག་ཐོབ་ཡོད། འོན་ཀྱང་ས་གནས་ཁག་བཞི་ནས་མཁས་དབང་བློ་བཟང་སེངྒེ་ལ་འོས་ཤོག་ཐོབ་མེད། ས་གནས་བཞི་པོ་དེ་ནི། ཨ་རི་རྒྱལ་ས་ཝ་ཤིང་ཊོན་ནས་སྐུ་ངོ་སྤེན་པ་ཚེ་རིང་ལ་འོས་ཤོག་3དང་། རྒྱ་གར་གྱི་ས་གནས་ཏཱ་ར་ན་གྷ་Tara nagarནས་འོས་ཤོག10 གངས་ཅན་སྐྱིད་གཤོངས་ནས་19་མཐོ་བ་ཡོད། བཀྲ་ཤིས་དབང་འདུས་ལ་རྒྱ་གར་གྱི་ས་གནས་དྷོ་ལ་ཇིDholaji ནས་འོས་གྲངས་60མཐོ་བ་ཆགས་ཡོད། གྲངས་ཚད་འདི་ཚོ་ཧ་ཅང་ཉུང་ཉུང་ཡིན་རུང་ཆབ་སྲིད་ཐད་ནས་བཤད་ན་ས་གནས་དེ་ཚོ་ནས་འོས་ཤོག་ཤོར་བ་རང་དུ་བརྩི་དགོས་སྟབས་མཁས་དབང་བློ་བཟང་སེངྒེའི་རྒྱབ་སྐྱོར་བ་ཚོས་ཆེས་དོ་སྣང་བྱེད་དགོས་ས་ཞིག་ཡིན།

    འབྱུང་འགྱུར་ས་གནས་བཞི་པོ་ནས་ངེས་པར་མཁས་དབང་བློ་བཟང་སེངྒེ་ལ་འོས་ཤོག་ཐོབ་ཐབས་དང་དེ་མིན་གྱི་ས་གནས་གཞན་ཁག་ནས་འོས་འཕར་ཐབས་ཇི་དགོས་ཐབས་བརྒྱ་ཇུས་སྟོང་གིས་ལས་དོན་སྒྲུབ་དགོས། འོས་ཤོར་ས་གནས་བཞི་པོ་ནས་འོས་ཤོག་ཤོར་བའི་གནད་དོན་ལ་ཞིབ་འཇུག་དང་འབྲེལ་ཐབས་ཇུས་གསར་པ་བཀོལ་ཏེ་འོས་ཤོག་ཐོབ་པར་བྱེད་དགོས།

    Reply
  9. བཀྲ་ཤིས་རྡོ་རྗེ། says:
    ལོ་ 9 སྔོན།

    ༄།། མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་ཞིབ་བཤེར་བྱེད་དགོས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་མང་གཙོའི་ཟབ་སྦྱོང་ལ་ཁ་གཡར་ནས། ཉིན་འགའི་སྔོན་ནས་བལ་ཡུལ་སྤོག་ར་ཁུལ་དུ་མི་མང་ལ་བློ་བཟང་སེང་གེར་འོས་ཐོབ་ཆེད་བསྐོར་བསྐྱོད་རྒྱབ་སྐྱོར་གཏམ་བཤད་ཞུ་བཞིན་པའི་གནས་ཚུལ་ཐོན་འདུག དེ་ཡང་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་། སྣེ་ལེན་ལས་བྱེད་ཕུར་བུ་སྒྲོལ་མ་གཉིས་ཀྱིས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ཁྲིད་ནས། ཟབ་སྦྱོང་སྤྲོད་ཀྱི་ཡོད་མདོག་གི་དྲིལ་བསྒྲགས་འོག དོན་དངོས་སུ་སྲིད་སྐྱོང་བློ་སེང་གེའི་ཁང་རིན་གྱི་རྙོག་གླེང་དང་། ཨ་རིའི་དོན་ཁང་གི་ངོ་གདོང་ལྟ་བུའི་རྩིག་གྱང་དུ་༧གོང་ས་མཆོག་གི་སྐུ་པར་མ་བཀའ་བའི་གནས་ཚུལ་རྣམས་རྫུན་མ་ཡིན་ཚུལ་བཤད་པས། མི་མང་ནང་འཁྲུགས་ཐེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག འབའ་བ་སྐལ་བཟང་གིས་སྐད་འཕྲིན་ཚོགས་པ་མང་པོའི་ནང་བློ་བཟང་སེང་གེར་ཚུལ་མིན་གྱི་རྒྱབ་སྐྱོར་གང་ཐུབ་བྱེད་ཀྱི་ཡོད་པ་མ་ཟད། ནོར་ཝེ་རླུང་འཕྲིན་ཁང་གི་རྒྱབ་ནས་གཡོ་ཇུས་འདོན་བཞིན་པའང་མི་མང་ལ་གསལ་བོ་ཆགས་ཡོད། ད་ཐེངས་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཟེར་བས་ཀྱང་ལྐོག་འཁྲབ་ལ་བྱང་བའི་འབའ་བ་སྐལ་བཟང་དང་མཉམ་གཞུང་མང་གི་མདུན་ལམ་ལ་གནོད་པའི་ལས་དོན་བྱེད་ཀྱི་ཡོད་པ་འདི་རིགས། བཀའ་སྤྱི་གཉིས་དང་། དབུས་འོས་བསྡུ་ལས་ཁང་གིས་གང་མགྱོགས་ཞིབ་འཇུག་མཐར་ཕྱིན་གནང་སྟེ་གསལ་བོ་བཟོ་རོགས། གཞན་ལས་བཤུས།

    Reply
    • བསྟན་རྣམ། says:
      ལོ་ 9 སྔོན།

      ང་ཧང་སངས་བ་ཞིག་ལ། འགོ་ཁྲིད་འགའ་ཤས་ཀྱིས་གཞུང་དང་སྒར་གྱི་ཚོགས་པའི་སྡིངས་ཆ་བེད་སྤྱོད་བཏང་སྟེ། ཆོལ་ཁའི་འཐེན་འཁྱེར་བྱེད་ཀྱི་ཡོད་པ་དེ་རེད། མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོའི་གོ་ས་དེ་མདོ་སྟོད་མིས་སྤྲད་པ་རེད་དམ། འབྲུ་ཟན་སྤྱི་བའི་ཐོག་ནས་ཟོས། སྒོ་ང་མདོ་སྟོད་ནང་དུ་བཏང་ཟེར་བ་དེ་རེད། ད་ནས་བཟུང་མི་མང་གིས་ལྟ་རྟོགས་བྱེད་དགོས། འགོ་ཁྲིད་སུ་དང་སུས་སྤྱི་བའི་རྒྱུ་ནོར་ཟོས་ནས་སྒོ་ང་གང་དུ་གཏོང་གི་ཡོད་མེད་གསལ་བོར་བཟོ་དགོས། དེ་མིན་འབའ་བ་སྐལ་བཟང་ངོ་ན་སྨྲེ་བ་མདོག་ཉེས་པོ་ཞིག་ཡོད་པ་སྔོན་མ་ནས་ཡག་པོ་ཞིག་མི་འདུག་བསམ་ཡོད། སྐབས་ཤིག་ཚོགས་གཙོ་སྤེན་པ་ཚེ་རིང་ཁོང་གི་ནང་དུ་སྐད་བཏང་ནས་ཨ་རག་འཐུང་རྗེས། ཕྱི་ཉིན་དེར་རྒྱབ་ལོགས་ནས་ཚོགས་གཙོས་ཆང་འཐུང་གི་འདུག་ཟེར་བ་སོགས་བཤད་དེ་མིང་འཆལ་བཟོ་གི་ཡོད། སྤྱིར་བཏང་འབའ་བ་སྐལ་བཟང་ལ་རྒྱ་ནག་གི་ཆབ་སྲིད་ཐོག་ཤེས་ཡོན་ཡག་པོ་ཡོད་ཀྱང་མི་གཞི་ནི་སྐྱུག་མེར་ལོག་དགོས་པ་ཞིག་འདུག སྣོད་མི་གཙང་བ་ཞིག་གི་ནང་གསེར་བླུགས་པ་དང་ཀུན་ནས་མཚུངས།

      Reply
  10. བསྟན་རྣམ། says:
    ལོ་ 9 སྔོན།

    མངའ་རིས་སྤྱི་མཐུན་ཚོགས་པས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཏོན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གནད་འགག་གི་སྐབས་སུ་བོད་སྤྱི་བའི་དོན་ལ་བསམ་བློ་བཏང་བར་རྗེས་སུ་ཡི་རེངས་ཡོད། ཆོལ་ཁའི་འཐེན་འཁྱེར་གྱིས་འགོ་འཛུགས་མཁན་དང་སྤེན་པ་ཚེ་རིང་ལ་ཆབ་སྲིད་ཀྱི་ཟློས་གར་བརྩམས་ཏེ་མིང་འཆལ་བཟོ་མཁན་ནི་ཁམས་པའི་འགོ་ཁྲིད་མི་ངན་ཁ་ཤས་ཤིག་ཡིན་པ་མ་གཏོགས་ཆོལ་ཁ་གཞན་ལ་ཁག་དཀྲི་བྱེད་རྒྱུ་མེད། ཚོགས་གཙོ་སྤེན་པ་ཚེ་རིང་ལ་བརྙས་བཅོས་གཏོང་རྒྱུ་མང་དྲགས་སོང་། མི་མང་གིས་ཀྱང་ཁོང་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ལ། བྱེད་དགོས་ངེས་ཤིག་ཀྱང་རེད། སྲིད་སྐྱོང་གི་འོས་བསྡུ་འགོ་འཛུགས་སྐབས་མི་ངན་དཔུང་སྒྲིག་བྱས་ཏེ་ཆེད་མངགས་སྤེན་པ་ཚེ་རིང་ལ་གཞི་མེད་སྒྲོ་འདོགས་ཀྱིས་སྐྱོན་འཛུགས་བྱེད་ཀྱི་ཡོད། དཔུང་སྒྲིག་ཚོགས་པ་དེའི་ནང་གི་མི་མང་ཆེ་ཤོས་དང་མངོན་གསལ་དོད་ཤོས་ནི་མདོ་སྟོད་ཀྱི་མི་ཡིན་པ་མ་ཟད། ཁོང་ཚོ་མངོན་སུམ་དོད་པོས་མདུན་ལ་ཐོན་ནས་འོས་སྡུད་ལས་ཁངས་ལ་སྐྱོན་འཛུགས་ཀྱི་ཡི་གེ་དོན་ཚན་མང་པོ་བཏང་ཡོད་ཀྱང་ཁོང་ཚོས་བློ་བཟང་སེང་གེས་འོས་སྡུད་སྒྲིག་གཞི་ལ་འགལ་འཛོལ་བྱས་པའི་སྐོར་ཚིག་གཅིག་ཀྱང་མེད་པར་སྤེན་པ་ཚེ་རིང་ཁོ་ན་དམིགས་འཐེན་ལ་བཟུང་ནས་གང་ཐུབ་ཅི་ཐུབ་ཀྱིས་སྐྱོན་འཛུགས་བྱས་ཡོད། དེ་མིན་སྤྱི་འཐུས་ནང་གི་མི་ངན་འབའ་བ་སྐལ་བཟང་རྒྱལ་མཚན་དང་། གསེར་རྟ་ཚུལ་ཁྲིམས། གྲ་སྨྱོན་བསྟན་པ་ཡར་འཕེལ། ཧོན་ལོག་ཚུལ་ཁྲིམས་བསྟན་འཛིན་བཅས་ཀྱིས་ལྐོག་ནས་ངན་ཇུས་ཐེངས་མང་བཤམས་ཡོད་པ་རེད། དེ་ལས་ཀྱང་ཧང་སངས་བ་ཞིག་ལ་ཁོང་ཚོས་ཀླུ་མཁར་བྱམས་དང་སྤེན་པ་ཚེ་རིང་གི་འགལ་བ་བེད་སྤྱོད་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་ཀླུ་མཁར་བྱམས་ཡར་ལ་བཅག་ནས་སྤེན་པ་ཚེ་རིང་ལ་དམའ་འབེབས་ཁྱད་གསོད་བྱས། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཀླུ་མཁར་བྱམས་ཀྱི་རང་བཙན་གཙང་མའི་ལངས་ཕྱོགས་ཀྱི་དྲིལ་བསྒྲགས་དང་འོས་སྡུད་ལའང་དོ་ཕོག་ཤུགས་ཆེར་ཕྱིན་པ་མ་ཟད། དབུས་གཙང་བ་དང་ཨ་མདོ་བ་ཚོས་སྲིད་སྐྱོང་གི་འོས་བསྡུའི་འཁྲབ་སྟོན་ལ་ལྟད་མོ་བལྟས་ནས་སྤེན་པ་ཚེ་རིང་ལ་བརྙས་བཅོས་དང་གནོད་འཚེ་བཏང་བའི་བརྒྱུད་རིམ་ལ་མི་བཟོད་པའི་སེམས་ཁུར་བྱུང་བ་མ་ཟད། ཉམ་ཆུང་མཐའ་ནས་སྐྱབས་ནས་བཙན་པོར་ཁ་གཏད་གཅོག་དགོས་པའི་གཞན་ཕན་གྱི་སེམས་བསྐྱེད་བྱུང་ཡོད་ལ། ཟླ་བ་འགའ་ཤས་ནང་དུ་བློ་བཟང་སེང་གེའི་མཐོང་དང་ཆ་འཇོག་མར་ཆགས་ཏེ་སྤེན་པ་ཚེ་རིང་ལ་མི་མང་རང་བཞིན་གྱིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་མ་སྐུལ་དངས་བླངས་ཀྱིས་བྱུང་དང་འབྱུང་གི་ཡོད་ལ། མངོན་སུམ་དོད་པོས་སྤེན་པ་ཚེ་རིང་གི་ཆེ་མཐོང་ཤུགས་ཆེར་ཕྱིན་ཏེ་མི་ངན་ཚོས་ཉམ་ཆུང་ལ་གནོད་འཚེ་བཏང་ན་མི་བཟང་ཚོས་གདུང་སེམས་མཉམ་སྐྱེད་བྱེད་པའི་སྐུལ་མ་བཏང་ཡོད། མི་ངན་ཚོས་བྱེད་སྟངས་དེས་བློ་བཟང་སེང་གེ་ལའང་གནོད་སྐྱེལ་ཡོད། སྤྱིར་བཏང་བྱས་ན་བློ་བཟང་སེང་གེ་༢༠༡༦ ལོའི་སྲིད་སྐྱོང་ལ་ཐོབ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཡིན་ནའང་མི་ངན་དེ་ཚོས་བྱེད་སྟངས་དེས་མི་མང་ལ་དོ་ཕོག་ཕྱིན་ཏེ་ད་ནི་ཐག་གཅོད་གཙང་མ་ཞིག་དང་རྣམ་འགྱུར་ཞིག་སྟོན་དགོས་པའི་སྐུལ་མ་ཐེབས་ཀྱི་ཡོད། མི་ངན་འདི་ཚོའི་འཁྲབ་སྟོན་བྱེད་སྟངས་དེས་ཀླུ་མཁར་བྱམས་ལ་ཨ་མདོའི་ནང་དུ་རང་བཙན་འཐབ་རྩོད་པ་དཔའ་བོ་ཞིག་ནས་མདོ་སྟོད་ཀྱི་མི་ངན་དཔུང་ཁག་གི་རྒྱུགས་ཁྱི་ཞིག་ཏུ་གྱུར་ཡོད་ལ། མི་མང་ཕལ་ཆེ་བས་རྒྱབ་སྐྱོར་དང་རེ་བ་བཅིངས་པའི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་དེ་མི་ངན་ཚོས་ངན་ཇུས་དང་ཁེ་ཕན་མཚོན་བྱེད་དུ་གྱུར་བ་རེད། མདོ་སྟོད་ནང་གི་མི་ངན་འདི་ཚོའི་ངན་ཇུས་ནང་ལྷུང་བའི་མི་སུ་ཡིན་ཡང་དཀར་པོ་ཞིག་མེད་པ་མ་ཟད། རླུང་རྟ་ཆག་པའི་རྒྱུ་ཁོ་ནར་འགྱུར་གྱི་ཡོད། དེའི་རྒྱུ་མཚན་ནི་མི་ངན་འདི་ཚོའི་ཀུན་སློང་ནི་རྒྱུ་ངན་པའི་ཀུན་ནས་བསླངས་ཏེ་མི་ལ་གནོད་འཚེ་ཁོ་ན་གཏོང་གི་ཡོད་པས་ཡིན་པ་རེད། ད་སྐབས་སྲིད་དོན་གྱི་འཁྲབ་སྟོན་དེའི་ནང་དུ་ཉིན་རེ་བཞིན་མི་མང་གཉིད་སད་དེ་༢༠༡༦ ལོའི་སྲིད་སྐྱོང་གི་འོས་བསྡུའི་རྒྱལ་ཁ་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཕྱོགས་ཀྱི་ཡོད།

    Reply
  11. དུག་ནག says:
    ལོ་ 9 སྔོན།

    སྤྱིར་ན་ང་རང་བློ་སེང་ལ་རྒྱབ་སྐྱོར་བ་ཞིག་ཡིན་པའི་ཐད་ནས་ད་རེས་མངའ་རིས་སྤྱི་མཐུན་ཚོགས་པས་འོས་མི་གཞན་ཞིག་བཏོན་དུས་སེམས་ནང་དངངས་སྐྲག་འདྲ་ཞིག་བྱུང་སོང་། བསམ་བློ་ཞིབ་ཚགས་གཏོང་དུས་སྐྲག་དགོས་དོན་མི་འདུག་སྙམ་སོང་། སྔོན་འགྲོའི་འོས་བསྡུ་ལ་མངའ་རིས་ཀྱིས་ད་སྐབས་བཞིན་བཀྲ་ཤིས་དབང་འདུས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད། འོན་ཀྱང་བཀྲ་ཤིས་དབང་འདུས་ལ་འོས་ཤོག1667ལས་ཐོབ་མེད། འོས་ཤོག་འདིའི་ནང་དུ་ཆབ་མདོའི་ཕྱོགས་ནས་མི་500ལྷག་གིས་འོས་བླུག་ཡོད་པའང་གཏན་ཁེལ་ཡིན་སྟབས། ལྷག་འཕྲོས་འོས་ཤོག་1000ཙམ་དེ་མངར་རིས་ཁོངས་ནས་བླུག་ཡོད་དབང་དུ་བཏང་རུང་མངའ་རིས་མི་འབོར་གྱི་བརྒྱ་ཆ་གཉིས་གསུམ་ཙམ་གྱིས་མ་གཏོགས་འོས་འཕེན་མེད། དེ་ལས་མཐོང་ཐུབ་པ་ནི་མངའ་རིས་མི་མང་ལ་མངའ་རིས་སྤྱི་འཐུས་ཚོགས་པས་མཛུབ་གུ་ག་སྟོན་ཤར་མི་པར་གསལ་པོ་ཆགས་པ་རེད།

    Reply
  12. འཁྱམ་བུ། says:
    ལོ་ 9 སྔོན།

    གོ་ཐོས་ལྟར་ན། མདོ་སྟོད་ཀྱི་ནང་མོལ་ལྟར་ན། སྔོན་འགྲོའི་སྐབས་སུ་མདོ་སྟོད་མི་མང་ཡོངས་ཀྱིས་ཨ་ཚོགས་ཀླུ་མཁར་བྱམས་ལ་འོས་ལྡུག་རྒྱུ་དང་། དངོས་གཞིའི་སྐབས་སུ་ཚང་མས་ལྡོག་བསྒྲིལ་ཏེ་བློ་བཟང་སེང་གེ་ལ་འོས་ལྡུག་རྒྱུ་བྱས་པ་རེད་ཟེར།
    མངའ་རིའི་ནང་མོལ། སྔོན་འགྲོའི་སྐབས་སུ་མངའ་རིའི་མི་མང་ཡོངས་ཀྱིས་བཀྲ་ཤིས་དབང་འདུས་ལ་འོས་ལྡུག་རྒྱུ་དང་། དངོས་གཞིའི་སྐབས་སུ་སྤེན་པ་ཚེ་རིང་ལ་འོས་ལྡུག་རྒྱུའི་ཐག་གཅོད་གནང་ཡོད་པ་རེད་ཟེར།

    Reply
    • དུག་ནག says:
      ལོ་ 9 སྔོན།

      རྫུན་བཤད་མ་སྡོད། མདོ་སྟོད་ནང་དུ་ཀླུ་མཁར་རྒྱལ་སྐྱོར་བྱེད་མཁན་ཡོད་རུང་ཚང་མ་མ་རེད་ལ་གྲོས་དེ་འདྲ་ཞིག་སུས་ཀྱང་བྱེད་མེད།

      Reply
  13. sanggyae says:
    ལོ་ 9 སྔོན།

    ཆོལ་ཁ་དང་ཆོས་ལུགས་ཀྱི་ཐེབས་ཇུས་མ་གནང་ན་ཡག་པོ་འདུག
    བོད་མི་སོ་སོར་འོས་ཤོག་དེ་སོ་སོར་རང་དབང་ཐོག་བླུག་ཐུབ་ན་ཡག་པོ་འདུག
    སྤྱི་བཏང་བྱས་ན་འོས་ཤོག་དེ་ཚོགས་པ་ག་གེ་མོ་ཞིག་དང་སྐྱིག་སྡུག་ག་གེ་མོ་ཞིག་གི་འོས་མི་བཏོན་པ་མཚམ་པོ་མི་འདུག་ལགས་ནས་དེ་འདྲ་བྱེད་ན་འོས་བསྡུ་སྒྲིག་གཞི་ལ་ཏག་ཏག་ཡོད་དང་མེད།

    Reply
  14. Tobden jikme says:
    ལོ་ 9 སྔོན།

    མངའ་རིས་སྤྱི་མཐུན་ཚོགས་པའི་ངོས་ནས་གསལ་བསྒྲགས་གནང་བར་དགའ་བོ་བྱུང་སོང་། བོད་པའི་དཀའ་རྙོག་ནི་བོད་པ་རང་གིས་ངོས་ནས་ཐབས་ཤེས་དང་གྲོས་མོལ་རྩལ་འདོན་བྱེད་དགོས་པ་ཞིག་ལས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་ལ་རེ་བ་རྐྱང་རྐྱང་བརྒྱབ་བསྡད་ཚེ་ཡོང་ཐབས་ཡོད་པ་མ་རེད། སྤྱིར་ན་རྒྱབ་སྐྱོར་ཟེར་བ་གལ་ཆེན་པོ་ཡིན་ཡང་། མདུན་ལ་ཐོན་མཁན་དེ་སོ་སོ་རང་ཉིད་ཐོན་དགོས་པ་ཡིན་དུས་བོད་རྒྱ་ཞི་མོལ་ལ་དངོས་སུ་ལག་པ་འཆང་ཐུབ་མཁན་ཞིག་ཧ་ཅང་གལ་ཆེན་པོ་འདུག

    Reply
  15. ཚེ་རིང་། says:
    ལོ་ 9 སྔོན།

    ད་རེས་མངའ་རིའི་མི་མང་ནོར་མ་སོང་། ཐེངས་སྔོན་མར་བཀྲ་ཤིས་དབང་བསྡུས་སྲིད་སྐྱོང་འོས་མིར་ཁྱབ་བསྒྲགས་བྱས་སྐབས། དངོས་གནས་དྲང་གནས་ཧང་སང་སོང་། བསམ་བློ་ག་རེ་ལ་བཏང་ཡིན་ན་བསམ་སོང་། ང་བློ་བཟང་སེང་གེ་དང་བཀྲ་ཤིས་དབང་འདུས་སོགས་ལ་མ་དགའ་བ་མིན།

    Reply
  16. ས་མཐའི་འཁྱམ་པོས། says:
    ལོ་ 9 སྔོན།

    མངའ་རིས་སྲིད་སྐྱོང་འོས་མི་སྟོན་དེར་དགའ་བསུ་དང་བཅས། ཏོག་ཙམ་ཕྱི་དྲག་འདུག་གང་ཡིན་ཟེར་ན་གཏོང་རན་དུས་གསང་སྤྱོད་ཟེར་བ་ལྟ་རེད།
    ད་བར་དུ་གཉིད་སྨན་ཟོས་པ་རེད་ཡང་ན་དེང་སང་སྐད་འཕྲིན་བརྒྱུད་ནས་གོ་གཏོགས་ཆེ་རུ་མཁྱེན་པ་རེད། སྤྱིར་ཡོངས་ནས་བཤད་ན་དབུས་མའི་ལམ་དེ་ལམ་ཡག་ཤོས་ཞིག་ཏུ་ངོས་འཛིན་ཆོག་ཡིན་ན་ཡང་རྒྱ་ནག་གཞུང་གིས་གྲོས་ཀྱི་འདོད་པ་མེད་ན་སྤེན་པ་ཚེ་རིང་ལ་ཐབས་ཤེས་བཟང་པོ་གང་ཡོད་དམ། ཨ་རིས་མཚོན་པའི་ཕྱི་རྒྱལ་རྒྱལ་ཁབ་མང་པོ་ཞིག་གིས་ད་ལྟའི་སྲིད་སྐྱོང་ལ་རྒྱབ་སྐྱོར་དང་གུས་བཀུར་ཆེན་པོ། དེ་ལས་སྤེན་པ་ཚེ་རིང་གིས་འཇོན་གདིང་ཚོད་གང་ཙམ་ཡོད་དམ། ད་བར་མི་ལོ་ཉི་ཤུ་རིང་ལ་ཕྱག་ལས་གནང་ཡོད་གྲུབ་འབྲས་བཟང་པོ་ཅི་ཙམ་སྟོན་ཡོད་དམ། ངས་བྱས་ན་ཆོལ་ཁ་ཡི་ནད་ཡོམ་འདི་གང་སར་མ་ཁྱབ་ན་བཟང་།

    Reply
  17. ཡ་ལོ། says:
    ལོ་ 9 སྔོན།

    དོན་ཚན་བཞི།་་་་་་
    དང་པོ།་་་་སྤྱིར་ཡོངས་ནས་བཤད་ན།་་་་ད་ལྟའི་ཆར་བོད་མི་མང་པོ་ཞིག་མང་གཙོའི་གོ་རྟོགས་ཆེ་རུ་ཕྱིན་པས། ཚོགས་པ་གང་ཞིག་ནས་སྲིད་སྐྱོང་སོ་སོ་འོས་མི་ཕྱིར་བསྒྲགས་བྱེད་དགོས་པ་མ་མངོན།
    གཉིས་པ།།་་་་་ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་་ཆུང་ཆུང་འདིའི་ནང་དུ་ཆོལ་ཁའི་ནད་ཡིམ་དེ་ཏོག་ཙམ་སྡོད་ཡོད་པས།་་་་་ཚོགས་པ་བྱེ་བྲག་ནས་སྲིད་སྐྱོང་འོས་མི་ཕྱིར་བསྒྲགས་གནང་བ་དེ་ནས་དུས་ཚོད་རན་པ་རྩ་བ་ནས་མ་མངོན།
    གསུམ་པ།་་་སྤྱིར་འཛམ་གླིང་ནང་དུ་ལྟ་བ་དང་ལངས་ཕྱོགས་གཅིག་པའི་ཆབ་སྲིད་ཀྱི་སྡེ་ཚན་སོ་སོ་ནས་དབུ་འཁྲིད་འོས་མི་མིང་འདོན་གནང་བའི་ལུགས་སྲོལ་ཡོད་ཀྱང་།་་་་ད་ལྟའི་ཆར་བོད་མིའི་ཆབ་སྲིད་ཀྱི་གླེང་སྟེགས་སྟེང་དུ་ཆབ་སྲིད་རང་ནས་ལྟ་བ་དང་ལངས་ཕྱོགས་མི་མཐུན་པ་དེ་ཙམ་མེད་པས།་་་་་འོས་མི་མིང་འདོན་གནང་བ་དེ་ཙམ་དགོས་གལ་མ་མངོན།
    བཞི་པ།་་་་ཚོགས་པ་བྱེ་བྲག་གཅིག་ནས་འོས་མི་མིང་འདོན་མི་དགོས་པར་༧མགོན་པ་གང་ཉིད་་བཞུགས་པའི་རིང་བོད་མི་སོ་སོ་ངོས་ནས་ཡང་དག་མང་གཙོའི་ལམ་ལུགས་དེ་སྦྱོང་བརྡར་གནང་རྒྱུ་གལ་ཆེ།
    མཆན།་་་་་སྤྱི་དོན་རང་ལ་དམིགས་ཏེ་བྲིས་པ་ཙམ་ལས་གཞན་ཅི་ཡང་མེད།་་་་དེ་ཡང་འདི་ནི་ངའི་བསམ་ཚུལ་ཙམ་ཡིན།་་་་བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese