མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་མུག་སྐྱོབ་ཀྱི་འབོད་པ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་རྗེས་མའི་ནང་རྒྱལ་ཁབ་བརྒྱད་ཀྱི་དཔལ་འབྱོར་ཚོགས་ཆེན་དེ་ཉི་ཧོང་འཚོགས་རྒྱུ་ཡིན་པ་དང་། འཛམ་གླིང་དངུལ་ཁང་གི་ཚོགས་གཙོ་རོ་བྷེར་ཊི་བྷི་ཛོལ་ལིག་གིས་སྲིད་འཛིན་བྷུ་ཤུ་དང་དབུ་ཁྲིད་གཞན་དག་གི་མཚན་ཐོག་ལ་ཡི་གེ་ཞིག་བཏང་སྟེ། ཟ་མ་དང་སྣུམ་གྱི་རིན་གོང་འཕར་གྱིན་པ་འདིས་འཛམ་གླིང་གི་རྒྱལ་ཁབ་ཉམ་ཐག་དག་ལ་དཀའ་རྙོག་སྤྲོད་ཀྱི་ཡོད་སྟབས། རྒྱལ་ཁབ་དེ་དག་མུག་སྐྱོབ་བྱེད་པ་དང་ལུང་པའི་བརྟན་ལྷིང་གི་ཆེད་དུ་རོགས་དངུལ་གསར་པ་ཞིག་སྤྲོད་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད།
ཁོང་གིས་ཕྱི་ཚེས་ ༡ གི་དགོང་མོར་དབུ་ཁྲིད་དག་ལ་བཏང་བའི་ཡི་གེའི་ནང་དུ་བཀོད་དོན། ང་ཚོས་མཐོང་གིན་པ་ནི་ཁུ་སིམ་པའི་ཚོ་ཎ་མི་དང་དྲག་ཆར་ཆེན་པོ་སོགས་རང་བྱུང་གི་གནོད་འཚེ་མིན་པར། མིས་བཟོས་པའི་ཆག་འཇིག་ཅིག་རེད་ལ། འདི་ངེས་པར་དུ་མིས་སེལ་དགོས་པ་ཞིག་རེད་ཅེས་བྲིས་ཡོད་པ་རེད། ཁོང་གི་ཡི་གེ་དེའི་ནང་དུ་ཟ་མ་དང་སྣུམ། ཅ་དངོས་དག་གི་གོང་འཕར་གྱིན་པ་འདིའི་ཤུགས་རྐྱེན་སྐོར་ལ་ཉམས་ཞིབ་བྱས་པའི་སྙན་ཐོ་རིང་པོ་ཞིག་ཡོད་པ་ནིའུ་ཡོག་དུས་བབ་གསར་ཁང་ལ་སྤྲད་ཡོད་འདུག
ཉེ་བའི་བདུན་ཕྲག་འགའི་རིང་ཨ་རི་དང་རྒྱལ་ཁབ་གཞན་པ་ཁག་ཅིག་གིས་རྒྱལ་ཁབ་དབུལ་ཤོས་ ༥༠ ནང་དུ་ཟ་མ་སྤྲོད་རྒྱུའ་ཤུགས་སྣོན་བྱས་ཡོད་ལ། འཛམ་གླིང་དངུལ་ཁང་གི་ཚོགས་གཙོ་ལྟར་ན། འཛམ་གླིང་དངུལ་ཁང་དང་། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ། འཛམ་གླིང་བཟའ་བཅའི་ལས་འཆར་བཅས་ལ་ཐུང་ཐུང་མྱུར་མྱུར་ལ་ཨ་སྒོར་ཐེར་འབུམ་ ༡༠ དགོས་ཀྱི་ཡོད་སྐོར་ཁོང་གི་ཡི་གེའི་ནང་བྲིས་ཡོད་པ་རེད།
རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་ཕྱི་ཚེས་ ༡ ཉིན་ཟུར་དུ་སྙན་ཐོ་གཞན་ཞིག་བཏོན་སྟེ། གལ་སྲིད་སྣུམ་དང་ཟ་མའི་རིན་གོང་འདི་མུར་མཐོན་པོར་བསྡད་ཚེ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་མི་དམངས་དང་དཔལ་འབྱོར་ལ་ཚབས་ཆེའི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་ཚུལ་བཀོད་ཡོད་པ་རེད། ཐེབས་རྩ་ཁང་འདིའི་འཛིན་སྐྱོང་འགན་འཛིན་གྱིས་བརྗོད་དོན། ཉམས་ཞིབ་པ་ཚོ་ལྟར་ན། རྒྱལ་ཁབ་ཁག་ཅིག་ནི་དངོས་གནས་ཉེན་ཁའི་སྒོར་བསླེབས་འདུག གལ་སྲིད་ཟ་མའི་རིན་གོང་མུ་མཐུད་འཕར་བ་དང་། སྣུམ་གྱི་རིན་གོང་འདི་ལྟར་རང་འཇགས་བསྡད་ཚེ། སྲིད་གཞུང་འགའ་ཞིག་གིས་རང་གི་མི་དམངས་གསོ་མི་ཐུབ་ལ། འདི་དང་མཉམ་དུ་ཁོང་ཚོའི་དཔལ་འབྱོར་གྱི་འཕེལ་རྒྱས་བརྟན་པོར་འཛིན་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཡོད་པ་རེད།
རྒྱལ་ཁབ་བདུན་གྱིས་མ་ལྕོགས་པར་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་དམིགས་བསལ་ལས་འཆར་བརྒྱུད་དེ་སྐྱེལ་ཀ་ཆེས་དམའ་བའི་རོགས་དངུལ་གཡར་ཡོདའདུག
བྷུར་ཀི་ཎ་ཧྥ་སོ་ཡིས་ཕྱི་ཟླ་དང་པོའི་ནང་རོགས་དངུལ་གཡར་ཡོད་པ་དང་། ཨབ་རི་ཀའི་ཎེ་ཇར་དང་མ་ལེ་གཉིས་དང་། དབུས་ཨེ་ཤ་ཡའི་ཁར་རྫི་སི་ཐན་བཅས་ཀྱིས་ཕྱི་ཟླ་ ༥ པའི་ཟླ་མཇུག་ལ་རོགས་དངུལ་གཡར་ཡོད་ལ། དབུས་ཨབ་རི་ཀའི་སྤྱི་མཐུན་རྒྱལ་ཁབ་བྷེ་ནིན་དང་ཧེ་ཊི་གཉིས་ཀྱིས་ཟླ་སྔོན་མའི་ནང་རོགས་དཉུལ་གུར་ཡོད་པ་རེད།
འཛམ་གླིང་དངུལ་ཁང་གི་ཚོགས་གཙོས་ཡི་གེའི་ནང་བཀོད་དོན། འཛམ་གླིང་གི་རྒྱལ་ཁབ་སྐྱོ་ཤོས་ ༤༡ གི་ནང་ཟས་གོང་འཕར་བ་དང་སྣུམ་རིན་མཐོ་བ། ཅ་དངོས་རིགས་ཀྱི་གོང་ཚད་མཐོ་བ་འདིས་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་སྟེང་ལ་བསམ་ཡུལ་ལས་འདས་པའི་ཤུགས་རྐྱེན་ངན་པ་འཇོག་གི་འདུག་ལ། མི་ས་ཡ་མང་པོར་ལྟོགས་སྐོམ་གྱི་མནར་སྡུག་ཕོག་མགོ་བཙུགས་ཡོད་ཟེར།
དེའི་ཁར་རྒྱལ་ཁབ་ཕྱུག་པོ་དག་གིས་བཞག་པའི་ཐེབས་རྩའི་རོགས་དངུལ་དག་ནི་བྱིས་པའི་སློབ་ཡོན་དང་མ་དང་བྱིས་པའི་སྐྱོབ་གསོ། ད་དུང་ལས་མིའི་གླ་ཆ་སོགས་ལ་སྤྲད་ནས་རྫོགས་གྲབས་འདུག་ཟེར་ལ། ཁོང་གིས་རྒྱལ་ཁབ་བརྒྱད་ཀྱི་དཔལ་འབྱོར་ཚོགས་ཆེན་སྟེང་ཁ་ཚ་དགོས་གཏུགས་ཀྱི་གོམ་པ་གསུམ་སྤོ་དགོས་པར་བཤད་ལ། དེ་དག་ནི་རོགས་དངུལ་དགོས་ངེས་ཅན་རིགས་ལ་འདང་ངེས་ཀྱི་རོགས་དངུལ་གཏོང་རྒྱུ་དང་། ས་བོན་རག་ཐབས་ཀྱི་ལས་འཆར་འཛུགས་རྒྱུ། ཨབ་རི་ཀའི་ཞིང་པ་ཆུང་ཆུང་ཚོར་རྫས་ལུད་མཁོ་སྤྲོད་བྱེད་རྒྱུ་བཅས་རེད།
ཕྱི་ཟླ་ ༥ པའི་ནང་དུ་སྲིད་འཛིན་བྷུ་ཤུ་ཡིས་གསལ་བསྒྲགས་བསྐྱངས་དོན། ཨ་རིས་ལོ་འདིར་ཨ་སྒོར་ཐེར་འབུམ་ ༥ བཏང་སྟེ་གོ་ལའི་ལྟོགས་སྐོམ་ལ་གདོང་ལེན་བྱེད་རྒྱུ་ཡིན་ཟེར་ལ། ཕོ་བྲང་དཀར་པོའི་ནང་གི་ལས་བྱེད་ཚོས་བཤད་ན། བདུན་ཕྲག་རྗེས་མའི་ཚོགས་ཆེན་སྟེང་སྲིད་འཛིན་བྷུ་ཤུས་རྒྱལ་ཁབ་གཞན་པ་དག་གིས་རང་རང་གི་སྔོན་མའི་ཁས་ལེན་དང་ལེགས་འགྲུབ་དང་ཁས་ལེན་གསར་པ་ལ་དམ་བཅའ་དགོས་པའི་འབོད་སྐུལ་གནང་རྒྱུ་རེད་ཟེར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese