མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་གླང་ཆེན།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

གངས་དཀར་ཏི་སི་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གིས་འདི་ག་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཨེ་ཤ་ཡའི་གླང་ཆེན་ནི་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང་། ཁོ་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་ལ་མི་ཊར་ ༣༦༠༠ ཙམ་གྱི་རི་འདབས་སོགས་སུ་གནས་སྡོད་བྱེད་ཅིང་། ཟས་སུ་རྩྭ་དང་ཤིང་ལོ་ཟ་བཞིན་ཡོད། གླང་ཆེན་ཞིག་གིས་ཆ་སྙོམ་ཉིན་གཅིག་ལ་རྩྭ་སྤྱི་རྒྱ་ ༡༥༠ ཙམ་ཟ་ཐུབ་ཀྱི་ཡོད་པས་གཟུགས་པོའི་ལྗི་ཚད་ལ་སྤྱི་རྒྱ་ ༥༤༠ ཙམ་ཡོད། བདག་ཏུ་མ་བཟུང་བའི་གླང་ཆེན་གྱི་ཚེ་ཚད་ལོ་ ༦༠ ཡིན་ཡང་མིས་གསོ་སྐྱོང་བྱས་པའི་གླང་ཆེན་གྱི་ཚེ་ཚད་དེ་ལས་རིང་བ་དང་། ཁོ་ལ་མིང་གཞན་ཞིག་ཡོད་པ་ནི་ནགས་ཚུལ་གསོ་སྐྱོང་བ་ཞེས་འབོད་སྲོལ་ཡོད་ཅིང་། དེི་ནི་གླང་ཆེན་གྱི་ལྕི་བས་ས་བཅུད་བཟང་དུ་བཏང་ནས་རྩྭ་དང་རྩི་ཤིང་རིགས་མང་པོ་གསར་སྐྱེ་ཐུབ་ཀྱིན་ཡོད་པས་ཡིན་འདུག
རྒྱ་གར་ནང་ཕྱི་ལོ་ ༡༨༧༩ ལོ་ནས་བཟུང་གླང་ཆེན་སྲུང་སྐྱོབ་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་ཡོད་ཅིང་། ཁྲིམས་ཡིག་དེའི་ནང་དུ་གླང་ཆེན་གྱིས་མི་ཡི་ཚེ་སྲོག་ལ་གནོད་འཚེ་བྱུང་བའི་སྐབས་སུ་མ་གཏོགས་གླང་ཆེན་གསོད་འཛིན་མི་ཆོག་པ་ཁྲིམས་ཐོག་ནས་གཏན་འབེབས་བྱས་ཡོད།
བོད་དུ་གླང་ཆེན་མཐོང་རྒྱུ་མེད་རུང་བོད་མིའི་འདུ་ཤེས་འཛིན་སྟངས་ཀྱི་ཐོག་ནས་རྒྱལ་སྲིད་སྣ་བདུན་གྱི་ནང་དུ་གླང་པོ་རིན་པོ་ཆེ་དང་། མཐུན་པ་སྤུན་བཞིའི་ནང་གླང་པོ་ཆེ། དེ་བཞིན་སངས་རྒྱས་སྐུ་འཁྲུངས་པའི་མཛད་སྒོའི་སྐབས་སུ་གླང་ཆེན་མཆེ་བ་དྲུག་ལྡན་དུ་བརྫུས་ནས་ཡུམ་གྱི་ལྷུམས་སུ་ཞུགས་པ་སོགས་མདོར་ན་གླང་ཆེན་ནི་བཀྲ་ཤེས་པའི་མཚོན་རྟགས་དང་རིན་པོ་ཆེའི་གྲས་སུ་བརྩི་སྲོལ་ཡོད།
སྔོན་དུས་སུ་རྒྱ་གར་དང་བལ་ཡུལ། འབྲུག ཝེ་ཏེ་ནམ། སི་རི་ལངྐ་། རྒྱ་ནག ཨ་ཧྥེ་རི་ཀ་སོགས་ཀྱི་ནང་དུ་གླང་ཆེན་གྱི་གྲངས་འབོར་ཧ་ཅང་མང་ནའང་། དེང་སྐབས་འཛམ་གླིང་གི་མི་འབོར་ཇེ་མང་ནས་ཇེ་མང་དུ་ཕྱིན་པར་བརྟེན་ནགས་ཚལ་གཅོད་འབྲེག་དང་ས་ཞིང་གསར་སྤོ། འཛུགས་སྐྲུན་ལས་རིགས་སོགས་ཀྱིས་རྐྱེན་པས་གླང་ཆེན་གྱི་རང་བྱང་འཚོ་སྡོད་གནས་ཡུལ་ལ་གཏོར་སྐྱོན་ཤུགས་ཆེན་ཕོག་ཡོད་པ་མ་ཟད། རྒྱ་གར་གྱིས་གཙོས་ཡུལ་གྲུ་མང་བོར་རྒྱུ་དངོས་མ་གཏོགས་བསམ་རྒྱུ་མེད་མཁན་ཚོས་གླང་ཆེན་ལྐོག་རྔོན་གྱིས་མཆེ་བ་དང་རུས་པ་སོགས་ནག་ཚོང་རྒྱག་བཞིན་པར་བརྟེན་གླང་ཆེན་གྱི་གྲངས་འབོར་ཇེ་ཉུང་དུ་སོང་སྟེ། ད་ལྟ་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་སུ་གྱུར་ཡོད་ཅིང་། བོད་མི་ཚོས་དངོས་སུ་གླང་ཆེན་ལྐོག་རྔོན་བྱེད་ཀྱིན་མེད་རུང་བ་སོའི་ཕྲེང་བ་དང་། ལག་གདུབ། ཊ་མ་རི་སོགས་ལ་དགའ་ཞེན་ཆེན་པོ་བྱེད་པ་དེས་གླང་ཆེན་ལྐོག་རྔོན་གྱི་གྲངས་ཇེ་མང་དུ་འགྲོ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། བོད་མི་ཚོས་བ་སོའི་དངོས་རྫས་རྣམས་བེད་སྤྱོད་མཚམས་འཇོག་གནང་དགོས་པའི་འབོད་སྐུལ་གནང་གིན་ཡོད་འདུག
དེ་བཞིན་ངག་དབང་རབ་རྒྱལ་ལགས་ཀྱིས་བརྩམས་པའི་དེབ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་སྐོར་གྱི་གནའ་དེང་གི་ཤེས་བྱ་དང་། རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ངོ་སྤྲོད་ཅེས་པའི་ནང་། ཨེ་ཤ་ཡའི་ནང་གླེང་ཆེན་བཞི་ཁྲི་ཙམ་ཡོད་པ་དང་། དེའི་ནང་ནས་གྲངས་འབོར་ཕྱེད་ཙམ་རྒྱ་གར་ནང་ཡོད། ལྷོ་ཨ་ཧྥི་རི་ཁའི་ནང་གྲངས་འབོར་ཉིས་འབུམ་ལྔ་ཁྲི་ཙམ་ཡོད་པར་བཤད། གླང་ཆེན་མང་ཆེ་བ་མཆེ་བའི་ཆེད་དུ་རྔོན་རྒྱག་པ་དང་ལྐོག་གསོད་བྱེད་ཀྱི་ཡོད། ལྷག་པར་དུ་བོད་པས་གླང་ཆེན་གྱི་མཆེ་བས་བཟོས་པའི་ཕྲེང་བ་དང་། ཐེབ་སྐོར། ལག་གདུབ་སོགས་རྒྱན་ཆས་རིགས་དང་། མཆོད་ཆས་ཊ་མ་རུ་སོགས་ཉོ་སྲོལ་ཡོད་པ་དང་། དེའི་རིགས་ནི་རིན་ཐང་ཡང་ཆེ། འདས་པའི་ལོ་ ༢༠ ལྷག་ནང་རྒྱ་གར་ནང་གླང་ཆེན་མཆེ་བ་ནག་ཚོང་བྱེད་མཁན་ལག་ནས་མཆེ་བ་ ༡༠༠ ལྷག་བླངས་པ་དང་། བོད་པ་འགའ་ཤས་རྡོར་གདན་དང་ཝ་ར་ཎ་སི་སོགས་ནས་བ་སོའི་ཕྲེང་བ་སོགས་གླང་ཆེན་མཆེ་བའི་རྒྱན་ཆའི་རིགས་ཉོས་ཏེ་ཕྱིར་བོད་དུ་ལོག་སྐབས་བལ་ཡུལ་དང་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་པ་སོགས་བྱུང་ཡོད། ཨེ་ཤ་ཡའི་གླང་ཆེན་ནི་རྒྱལ་སྤྱའི་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་ཚུད་ཡོད་སྐོར་འཁོད་ཡོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese