མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གང་ལ་འཇོག་དགོས་མི་ཤེས་བའི་གྲྭ་ལོག་ཚོ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

གྲྭ་བ་ལོག་རྐྱེན་ལ་རིགས་མ་འདྲ་བ་མང་པོ་ཡོད་ཀྱང་ཁོ་ཚོ་གྲྭ་བ་ལོག་རྗེས་སྤྱི་མཐུན་ལ་ཡོད་པ་གཟན་ཤམ་དམར་པོ་དེ་ཕུད་དེ་སྐྱ་ཆས་སྤྲས་རྒྱུ་དེ་རེད། སྐྱ་ཆས་སྤྲས་རྗེས་ང་ཚོས་ཁོ་ཚོ་ལ་གྲྭ་ལོག་ཞེས་འབོད་ཀྱིན་ཡོད་ཀྱང༌། དོན་དངོས་སུ་ད་དུང་དེ་འདྲའི་གྲས་དེ་གྲྭ་ལོག་ཏུ་གྱུར་མི་འདུག་པ་མ་ཟད་ཐ་ན་ཕྲུ་གུའི་ཨ་ཕ་འགྱུར་ཡང་རུང༌། ཆང་དང་ཐ་མག་སྤྱད་ཀྱང་རུང༌། བུད་མེད་ལ་བསྟེན་ཡང་རུང༌། མཐར་གཏུག་ན་ཁོ་ཚོའི་ནང་སེམས་དེ་གྲྭ་བ་བྱས་མ་ཐུབ་པ་དང་གྲྭ་ལོག་ཀྱང་བྱས་མ་ཐུབ་པ་ཞིག་ཆགས་ཡོད་པ་རེད། དེར་བརྟེན་ང་ཚོས་གྲྭ་མིན་སེར་མིན་དུ་འབོད་པའི་དེང་རབས་ཀྱི་གྲྭ་བ་དེ་ཚོ་དང་གྲྭ་ལོག་གི་བར་ཏུ་ཁྱད་པར་ཆེན་པོ་མེད་ཅེས་བརྗོད་ཆོག

སྤྱིར་བཏང་རྒྱལ་ཁབ་ཞིག་དང་མི་རིགས་ཅིག་ལ་མཚོན་ན་ཚོགས་སྡེའམ་ཡང་ན་ལས་རིགས་མང་པོ་ཞིག་མཉམ་དུ་སྡོམ་པ་ལས་ཚོགས་སྡེ་ཆེན་པོ་གཅིག་ཆགས་ཀྱིན་ཡོད། དེ་ན་བོད་མི་རིགས་ཀྱི་ཁྲོད་ནས་ཚོགས་སྡེ་ཆེན་པོ་གཅིག་ནི་གྲྭ་བའི་དཔུང་སྡེ་རེད། དེ་བཞིན་གྲྭ་མིན་སེར་མིན་གྱི་ཚོགས་སྡེ་འདིས་ཀྱང་བོད་སྤྱི་ཚོགས་ཀྱི་མགོ་བཀའ་ཁྲི་ནས་གཞུང་ཞབས་དང༌། ཚོང་པ་སོགས་བོད་མིའི་ཚོགས་པ་ཞིག་གང་ན་ཡོད་ཚེ་དེ་རུ་མེད་པའི་སྲོལ་མེད་པ་རེད། རྡ་རམ་ས་ལའི་ཉིན་སྲུབ་ཏུ་གྲྭ་ལོག་གིས་ཁེངས་པ་མཐོང་རྗེས་ང་ཚོས་རང་བཞིན་གྱིས་བོད་སྤྱི་ཚོགས་སུ་གྲྭ་ལོག་ཇེ་མང་འགྲོ་བཞིན་པའི་བདེན་པ་གསལ་བོ་རྙེད་ཐུབ། བོད་དུ་མཚོན་ན་གྲྭ་ལོག་ནི་དགོན་པར་མཐའ་མ་འཁྱོངས་བར་ཕྱིར་གྲོང་ལ་ཕེབས་པའི་མི་ལ་ངོས་འཛིན་བྱས་པ་མ་ཟད༌། མིང་གཞན་ལ་བན་ལོག་ཞེས་ཀྱང་འབོད་སྲོལ་ཡོད་པ་དང་བན་ལོག་ལ་མནའ་མ་མི་རག་པའི་གཏམ་དཔེ་ཡང་ཡོད། ཡིན་ན་ཡང་བཙན་བྱོལ་སྤྱི་ཚོགས་སམ་རྡ་སའི་ཉེ་འཁོར་རུ་གྲྭ་བ་ཚོར་མིང་སྙན་པོ་ཞིག་བཏགས་ཡོད་པ་དང༌། གྲྭ་ལོག་དེ་ཚོར་སེམས་པ་ཡག་པོ་ཡོད་པས་བུ་མོ་ལ་མགོ་བསྐོར་མི་གཏོང་ཞེས་པའི་ཁ་རྒྱུན་ཞིག་ཡོད་པ་རེད། སྤྱིར་གྲྭ་ལོག་ཚོར་ཡང་བཟང་ཆ་མེད་པ་མིན་ཏེ་སྟོན་པའི་ན་བཟའ་གཙང་མར་ཕུད་པ་དེ་རེད། ཡིན་ན་ཡང་མི་འདི་དག་ད་དུང་ཡང་གྲྭ་མིན་སེར་མིན་ཡིན་ཏེ་དུས་ནམ་ཡང་གྲྭ་མིན་སེར་མིན་གྱི་དྲ་བ་ལས་བརྒལ་མི་ཐུབ།

སྤྱིར་རྒྱལ་ཁབ་སྐྱོང་མི་ཤེས་པ་དང་སྤྱི་ཚོགས་སྐྱོང་མི་ཤེས་པ། བུད་མེད་གཉེར་མི་ཤེས་པ་སོགས་བོད་མི་རིགས་ཀྱི་སྤྱི་ཚོགས་འདི་རྙི་ཐག་ལྟ་བུའི་ནང་དུ་འཇུག་མཁན་ནི་དེ་རིང་ང་ཚོའི་མིག་མདུན་དང་ཁ་ཐུག་ཏུ་ལངས་པའི་གྲྭ་ལོག་འདི་དག་རེད། ཁོ་ཚོར་གནས་ལུགས་ལ་དཔྱད་པ་གཏོང་བའི་བློ་མིག་དོག་པ་དང༌།  འཇིག་རྟེན་ཁྱིམ་པ་བཞིན་འཁོར་བ་སྐྱོང་མི་ཤེས་པ།  བྱ་བ་གང་འདྲ་ཞིག་ཡིན་ཡང་ཆོས་དང་འཇིག་རྟེན་མཉམ་དུ་བསྲེས་པ།  འཇིག་རྟེན་ལ་ལྟ་ཚུལ་ཡང་དག་མེད་པ་སོགས་ཡོད་འོད་སྣང་ལས་མུན་པའི་ཕྱོགས་སུ་ཁྲིད་འགྲོ་བའི་གྲྭ་མིན་སེར་མིན་གྱི་ཁ་གྲངས་ཀྱིས་ང་ཚོ་མུན་པར་འཇུག་བཞིན་ཡོད།

ཚེ་སྐྱིད།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 2

  1. ཁྲི་བད་མ says:
    ལོ་ 18 སྔོན།

    ཨ་རོ་ཚེ་སྐྱིད་ལགས།
    ཁྱེད་རང་གི་སྙིང་ཁུང་ན་གྲ་ལོག་ཞིག་གིས་བཞག་པའི་རྨ་ཁ་ལྗི་མོ་ཞིག་ཡོད་པ་མངོན་དོད་དུ་ཤར་འདུག་ཀྱང་། དེ་འདྲའི་ལྐུགས་རྟགས་ཀྱི་སྡོམ་ཚིག་བཞག་ནས་གྲ་ལོག་ཚང་མར་རྒྱུག་པ་ལེབ་རྡུང་བྱས་ན་ཁྱེད་རང་ལ་རྒྱུས་མངའ་ཅི་ཡང་མེད་པའི་མི་གང་མང་ཞིག་ལའང་དོ་ཕོག་བཏང་བ་མ་རེད་དམ།། ཁྱེད་ཉིད་ཀྱི་སྨྱུག་རྩེ་ཡིས་ཁྱེར་བའི་བརྡ་འཕྲིན་ལ། སྤོབས་པ་དང་སྐུལ་སློང་གི་ཡར་སེམས་ཡོད་ན་རང་ཉིད་ཀྱི་ཤེས་ཡོན་དེའི་དོན་གོ་ཆོད། འོན་ཀྱང་ཞེ་སྡང་དང་འཁོན་སེམས་སློང་བའི་ངུ་སྐད་ཞིག་ཡིན་ན་མ་རིག་གི་ཁ་སྣོན་ཙམ་ལས་ཅི། ཁྱེད་རང་བུ་མོ་ཤེས་ཡོན་ཅན་ཞིག་ཡིན་པས་རང་ཉིད་ཀྱི་ཕྲག་ན་ཡོད་པའི་འོས་འགན་དེ་སྐད་ཅིག་ཅིག་གི་ཉོན་མོངས་ལ་ཞེན་པའི་དབང་ནས་ནག་བསུབ་མི་བྱེད་རོགས།

    Reply
  2. རྣམ་གླིང་པའི་བྱ་རྒོད། says:
    ལོ་ 18 སྔོན།

    རེད་ཡ། ངོ་མ་ཁྱོད་ཀྱི་བཤད་པ་ཧ་ཅང་བདེན་མོད་ཀྱི། འོན་ཀྱང་རང་ཡང་གྲ་ལོག་གི་བེད་སྤྱོད་བྱས་པ་དེ་འདིར་མི བཀོད་རྒྱུ་ཅི།
    འཇིགས་རྟེན་འདི་ན་ལེགས་ཉེས་ཀྱི་བླང་དོར་ཇི་ཡིན་ཤེས་མཁན་མང་མོད་ཀྱི་ལག་ལེན་དོན་འཁྱོལ་གནང་མཁན་ཤིན་ཏུ་ཉུང་ཉུང་ཡིན་པ་ཡང་ཁྱོད་ཀྱི་མཁྱེན་གསལ་རེད་། དེ་ལྟར་ན་ཁྱོད་ཀྱིས་གྲ་ལོག་ཁོ་ནར་འཁོན་འཛིན་བྱེད་དོན་ཅི།
    ས་མཚམས་ནས་ལྷ་མོ་སྐྱིད་ནས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese