ཁྱོད་ཀྱིས་ཁ་བྱང་འདིར་བལྟས་པ་ཙམ་གྱིས་ལན་ཐག་གེར་འདེབས་སྲིད་ལ། ཐ་ན་ཨ་མའི་འོ་མ་འཐུང་ཤེས་པ་ཙམ་ནས་བཟུང་ཆུའང་འཐུང་མགོ་བརྩམས་ཡོད་སྐོར་བརྗོད་ངེས། འོན་ཀྱང་མཚམས་རེར་ཆུ་འཐུང་མ་ཤེས་པའི་དབང་གིས་ཁྱོད་ཡང་བསྐྱར་ཨ་མའི་ཨོ་ལོ་ལྟར་ཉལ་སའི་ནང་སྡོད་དགོས་འཁེལ་གྱི་ཡོད། མ་རེད་དམ།
༡། ཚ་བ་རྒྱག་དུས་ཆུ་མང་ཙམ་འཐུང་དགོས།
མི་ལ་ནད་ཐོག་ནས་ཚ་བ་རྒྱག་དུས་གཟུགས་པོའི་ཆུ་འབོར་ཆེན་ཞིག་མེད་པར་འགྱུར་འགྲོ་བས་དེ་དུས་ཆུ་མང་པོ་མ་བཏུང་ན་ནད་འགོག་ནུས་ཤུགས་ཆུང་དུ་འགྲོ་གི་རེད། དེས་མ་ཚདཆུ་མང་པོ་བཏུང་ན་རྔུལ་ཆུ་མང་པོ་དོན་ཐུབ་པ་དང་གཅིན་པ་མང་པོ་འབབ་ཐུབ་སྟེ་ལུས་པོའི་དྲོད་ཚད་གཅོག་ཐུབ་ཐོག ད་དུང་ཁྲག་ནང་གི་དུག་ལྡན་དངོས་པོའང་ཕྱིར་འདེད་ཐུབ་པ་དང་གཅིན་པ་མང་པོ་འབབ་ཐུབ་སྟེ། ལུས་པོའི་དྲོད་ཚད་གཅིག་ཐུབ་ཐོག
ད་དུང་ཁྲག་ནང་གི་དུག་ལྡན་དངོས་པོ་ཕྱིར་འབྱེད་ཐུབ།
༢། ལུས་རྩལ་རྩེས་ཚར་མ་ཐག་ཆུ་ཉུང་ཙམ་འཐུང་དགོས།
ལུས་རྩལ་ཛ་དྲག་པོ་རྩེད་ཚར་མ་ཐག་ལམ་སེང་ཆུ་ཁོལ་མ་དང་གྲངམོ་མང་པོ་བཏུང་ན་ཕོ་བ་དང་རྒྱུ་མས་འཁྱོག་གི་མེད་པས་ངེས་པར་དུ་སྔོན་ལ་ཆུ་ཕྲན་དུ་བཏུངས་ནས་བར་མཚམས་བཞག་རྗེས་རིམ་བཞིན་ཁ་གསབ་བྱེདདགོས།
༣། ཨིག་ཀ་རྒྱག་པའི་སྐབས་སུ་ཆུ་འཐུང་མི་ཉན།
ཨིག་ཀ་རྒྱག་སྐབས་བྲང་ཁོག་དང་གྲོད་ཁོག་བར་མཚམས་ཀྱི་མཆིན་དྲིའི་ཤ་སྒྲིམ་གྱིས་མིའི་ཡིད་ལ་མ་བསྟུན་པར་རང་སྒུལ་གྱིས་བར་མཚམས་ལྡན་པའི་རེངས་ཁུམ་བྱེད་པ་དེས་ཨོལ་གྲོང་དང་གློ་ཡུལ་ཤུགས་རྐྱེན་ཐེབས་ཏེ་དེ་ཚོའི་རྒྱུན་ལྡན་གྱི་་ལས་ནུས་པ་དཀྲུག་གི་ཡོད་པར་བརྟེན། དེའི་དུས་སུ་ཆུ་བཏུང་ན་ཆུ་གློ་མིད་ནང་དུ་འཚངས་ནསགློ་བརྒྱལ་ལངས་ཡོང་གི་རེད།
༤། ཟས་སྦངས་ནས་བཟའ་མི་ཉན།
ཆུ་ཁོལ་མ་དང་ཐང་རིགས་ཀྱི་ནང་དུ་ཟས་སྦངས་ནས་བཟས་ན་ཟས་རྣམས་སོས་ཞིབ་པོར་མ་ལྡད་པ་དང་ལྕེས་ཨ་སློག་ཡག་པོ་མ་བརྒྱབ་པར་ཁྱུར་མིད་བཏང་སྟེ་ཕོ་བ་དང་རྒྱུ་མའི་ལས་འགན་ལྗིད་དུ་གཏོང་གི་ཡོད་པས།འདི་ལྟར་ཡུན་རིང་སོང་ཚེ་འཇུ་སྟོབས་ཞན་པའི་སྐྱོན་ཡོད་རྒྱུ་མ་ཟད། ཐ་ན་ཕོ་ནད་ཀྱང་སློང༌།
ཤེས་བྱའི་ཟེགས་མ་ལས་བཏུས།