མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད། རང་ངོ་མི་ཟིན་པའི་དྭ་ཕྲུག

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་དཔྱད་གཏམ་རིང་མོ་ལས་ཟུར་བཀོད་དང་པོ།
སྤྲ་རིགས་ཐོགས་མེད།

འདས་པའི་དུས་རབས་ཕྱེད་ཙམ་འདིའི་རིང་དུ་བོད་ཀྱི་མཐོ་རིམ་མི་སྣ་གཙོ་བྱས་པའི་ བོད་མི་མང་པོའི་སེམས་ངོགས་སུ་རང་ཉིད་ནི་རྒྱལ་སྤྱི་དང་ལྷག་པར་ཏུ་ནུབ་ཕྱོགས་ བ་ཚོའི་སེམས་གཏིང་གི་གཅེས་ཕྲུག་ཏུ་གྱུར་ཡོད་འདོད་ལ། བོད་མིའི་བདག་དབང་གི་འཐབ་རྩོད་ཀྱང་ནུབ་ཕྱོགས་པ་ཚོའི་རྒྱབ་སྐོར་དང་ལམ་སྟོན་ འོག་ད་གཟོད་ཐོབ་ཐུབ་པའི་ཡིད་ཆེས་བྱས་ཡོད། རབ་རིབ་དང་འཁྲུལ་སྣང་གི་བརྒྱུད་རིམ་འདིའི་ཁྲོད་དུ་བོད་མི་ཚོས་ཐེ་ཚོམ་མེད་ པར་རང་ཉིད་ཀྱི་མི་གཤིས་ལ་གཤགས་བཅོས་ཐེངས་མང་བཏང་ནས་ནུབ་ཕྱོགས་པའི་སེམས་ཁོང་ གི་རང་ཉིད་ཀྱི་གནས་བབ་རྒྱུད་འཛིན་ཡོང་བར་འབད་བརྩོན་བྱས་ཡོད།

དཔེར་ན། བོད་མི་ཚོས་རྒྱ་ནག་ནང་ཁུལ་གྱི་མི་འབོར་དཀའ་ངལ་ལ་བསམ་ཤེས་ཀྱིས་ལོ་རྒྱུས་ཁྲོད་ཀྱི་རང་བཙན་བློས་བཏང་ནས་ཚད་མཐོའི་རང་སྐྱོང་གི་བསམ་ཚུལ་བཏོན་ཞིང༌། བོད་ཀྱི་འཐབ་རྩོད་ལམ་ཁ་ཡང་འཚེ་བ་མེད་པ་དང་ཞི་བའི་ལམ་དུ་གཞུང་ཐོག་ནས་གཏན་འབེབས་མཛད། ད་དུང་རྒྱ་གར་དང་བལ་ཡུལ་སོགས་སུ་བོད་པའི་དུས་དྲན་ཁག་གི་ངོ་རྒོལ་སྐད་འབོད་ཀྱང་བྱང་ཆུབ་སེམས་མཆོག་མ་དང་མར་མེ་ཁྲོམ་སྐོར་གྱི་རྣམ་པ་ཅན་དུ་བསྒྱུར་བ་མ་ཟད། ཐ་ན་རང་ཉིད་ཀྱི་ཕུ་ནུ་སྤུན་ཟླ་བསད་པའི་ཁྲག་དྲི་མ་ཡལ་སྔོན་ནས་ལག་དམར་བའི་ཆེད་དུ་གཏོང་བའི་ཕྱག་ཟུང་རིང་དུ་བསྐྱངས་ནས་ས་ཡོམ་གྱི་དཀའ་ངལ་སེལ་རོགས་བྱས་ཡོད། འདི་ལྟར་བོད་མི་ཚོས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རང་ཉིད་ནུབ་ཕྱོགས་མགོ་སེར་ཚོའི་མཚར་སྣང་ཁྲོད་ཀྱི་རང་ལས་གཞན་གཅེས་པར་འཛིན་མཁན་གྱི་ཐེག་ཆེན་པ་ཡིན་མདོག་གི་གདོང་འབག་ལ་ལྷན་པ་དགུ་བརྩེགས་བརྒྱབས་ནས་ཨུ་ཚུགས་ཀྱིས་གྱོན་ཡོད།

འོན་ཀྱང༌། ཚོང་རྭའི་དགོས་མཁོ་དང་བཟོ་གྲྭའི་དར་འཕེལ་གྱི་འགྲན་བསྡུར་ཁྲོད་ཤར་ནུབ་ཀྱི་རྒྱལ་ཁབ་གང་མང་ཞིག་རང་བཞིན་གྱིས་རྒྱ་གཞུང་གི་མདུན་དུ་རྣམ་འགྱུར་ཇེ་བཟང་དང་གཤིས་ཀ་ཇེ་འཇམ་དུ་འགྲོ་བཞིན་ཡོད་ལ། དེ་དང་མཉམ་དུ་བོད་དོན་ལ་རྒྱབ་སྐོར་གནང་མཁན་གྱི་ཚོགས་སྡེ་ཁག་བོད་དོན་ཐོག་སྐད་ཆ་བཤད་མཁན་གྱི་རྒྱལ་སྤྱིའི་མཐོ་རིམ་མི་སྣ་དག་ཀྱང་ཆར་རྗེས་ཀྱི་འཇའ་ཚོན་བཞིན་ཁུ་སིམ་མེར་ཡལ་ནས་འགྲོ་བཞིན་ཡོད། ཐ་ན་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེའི་ཁ་གཡང་རྒྱུན་ཆད་མ་མྱོང་བའི་ཨ་རིའི་སྲིད་འཛིན་བྷུ་ཤུ་དང་ཧྥ་རན་སིའི་སྲིད་འཛིན་སྭ་ཁོ་སོགས་ཀྱིས་ཀྱང་སོ་སོའི་རྒྱུ་མཚན་སྙིང་རྗེ་མོ་རེ་འགྲེལ་བཤད་བྱས་ནས། རྒྱ་ནག་གི་ཨོ་ལིམ་པིག་མཛད་སྒོར་ཤོར་འགོ་བཙུགས་ཡོད། ཐ་ན་ཨེ་ཤ་ཡའི་ནང་དུ་ཆེན་པོར་རློམ་པའི་རྒྱ་གར་སྲིད་བློན་སོགས་ལ་རྒྱ་ནག་གི་སྐུ་མགྲོན་བརྒྱད་ཅུའི་གྲས་སུ་མགྲོན་ཤོག་མ་རག་པར་ལྷག་ནས་ཡོད། འདི་ནི་ང་ཚོས་ངེས་པར་དུ་ཤེས་དགོས་ལ་ཁས་ཡང་ལེན་དགོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་རྒྱ་ནག་གཞུང་གི་དབང་ཤུགས་དང་གནས་བབ་ཡིན།

ཨོ་ལིམ་པིག་རྩེད་འགྲན་ལ་ཐག་ཉེ་རུ་ཕྱིན་པ་དང་མཉམ་དུ་རྒྱ་གཞུང་གི་བློ་སྟོབས་ཇེ་ཆེ་དང་མགོ་བོ་མཐོ་རུ་ཕྱིན་ཡོད། དེ་དང་མཉམ་དུ་ཁོ་ཚོས་བོད་དོན་ཐོག་བཟུང་བའི་རྣམ་འགྱུར་ཇེ་རྩུབ་དང་ངར་སྐད་ཇེ་མཐོར་འགྲོ་བཞིན་ཡོད། ཐ་ན་ང་ཚོའི་ཐེངས་བདུན་པའི་སྐུ་ཚབ་ཚོས་ཀྱང་བོད་གཞུང་མང་གཉིས་ཀྱི་རེ་བཞག་དང་སྨོན་འདུན་རྒྱབ་གང་ཁུར་ཏེ་མཁའ་ལམ་བརྒྱུད་པེ་ཅིན་དུ་འཕུར་ཞིང༌། ལས་ཕོག་མེད་པའི་གླ་བ་ཁྲི་ཕྲག་སྟོང་ཕྲག་གི་རྡུལ་ཆུས་བརྩིགས་པའི་རྩེད་འགྲན་རྭ་བར་སྐོར་ཐེངས་ཤིག་བྱས་རྗེས་རྒྱ་གཞུང་གི་སྐྱོན་འཛུགས་དང་ཆ་རྐྱེན་རུམ་གང་བརྫངས་ནས་ཕྱིར་རྡ་སར་སྐྱོ་ལྷང་ལྷང་ངང་ལོག་ཏུ་བཅུག་ཡོད། གང་ལྟར་སྐྱ་ཟད་འུ་ཐུག་གི་གནས་སྟངས་འདིའི་འོག་ནས་བོད་མི་ཚོས་དོན་ངོ་མར་རང་ཉིད་རྒྱལ་སྤྱིའི་གར་སྟེགས་སུ་བདག་མེད་དྭ་ཕྲུག་ཅིག་ཡིན་པའི་ངོས་འཛིན་ཐོག་མ་ཐོབ་ཡོད་ལ། རེ་བཞག་ནུབ་ཕྱོགས་སུ་བཅོལ་བའི་རབ་རིབ་ཀྱི་རྨི་ལམ་ལས་རྟོགས་སད་ཐེངས་ཤིག་ཀྱང་ཐེབས་ཡོད། སྐབས་འདིར་ངས་ང་ཚོའི་ངག་ཏུ་ཡང་ཡང་སྐྱོར་ཞིང་ལག་ལེན་དུ་ཐེངས་གཅིག་ཀྱང་འདེབས་མྱོང་མེད་པའི་སྟོན་པ་ཤཱཀྱ་ཐུབ་པའི་བསླབ་བྱ་ཚིག་རྐང་གཉིས་དྲན་གསོ་བྱེད་འདོད། རང་ཉིད་རང་གི་མགོན་ཡིན་ཏེ།། གཞན་ལྟ་སུ་ཞིག་མགོན་དུ་བགྱི།།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese