མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཉམ་ཆག་གི་དུས་སྐབས་ཤིག་ཏུ་སླེབས་པ།

བོད་ཀྱི་དུས་བབ།
༢༠༠༨/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp
སྐྱེས་སར་ཀླུ་སྒྲུབ།

སངས་རྒྱས་ཆོས་ལུགས་ནི་འཛམ་གླིང་ནང་ཆོས་ལུགས་སྣ་ཚོགས་ཤིག་ཡོད་པའི་ནང་ནས་ཆོས་དད་པ་ཆེས་མང་མཐར་སླེབས་པའི་ཆོས་ལུགས་དེ་མིན་རུང༌། རིན་ཐང་གི་ཐད་ནས་ཆེས་ཡང་རྩེར་སོན་པར་བརྩི་ཆོག་པ་ཞིག་ཡིན་པར་གཟུར་གནས་སུས་ཀྱང་ཁས་ལེན་བྱེད་ངེས་ལྟ་བུར་སྣང༌། དེ་ལྟའི་ཆོས་ལུགས་འདི་འཛམ་གླིང་སྤྱི་དང༌། ཡང་སྒོས་གླིང་ཆེན་ཨེ་ཤ་ཡའི་ནང་དར་ཁྱབ་ཆེན་པོ་ཞིག་བྱུང་ཡོད་མོད། འོན་ཀྱང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ནི། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བས་ཡུལ་ལུང་གཞན་གྱི་སངས་རྒྱས་ཆོས་ལུགས་ལས་བླ་ལྷག་གིས་རིན་ཐང་ཆེ་བ་ཞིག་ཡིན་པར་ཁས་འཆེ་བ་བཞིན། གཅིག་བྱས་ཚེ་དེ་ལྟར་ཡིན་སྲིད་ན་ཡང༌། ད་དུང་ངེས་པར་དུ་བསམ་ཞིབ་བྱེད་དགོས་པ་གཞན་ཞིག་ནི། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ལ་ཆེས་ཐོག་མའི་སངས་རྒྱས་ཆོས་ལུགས་སམ། ཡང་ན་བོད་དུ་དར་ཁ་མའི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་མི་འདྲ་བར་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་བསྲེ་སླད་ཅི་ཙམ་ཞུགས་ཡོད་མིན་ནི་ངེས་པར་དུ་ཞིབ་འཇུག་བྱེད་དགོས་པའི་གཙོ་གནད་ཅིག་རེད། སོ་མཚམས་འདི་ནས་ཆོས་ལུགས་པ་དང༌། ཆབ་སྲིད་པ་ཇི་སྙེད་ཅིག་གིས་སྐབས་འཚོལ་སྒོས་སྤྱི་ཚོགས་ཀྱི་ཁེ་འཚོལ་ལམ་བུ་གང་མང་ཞིག་ཆོས་ལུགས་ལ་ཁ་གཡར་ནས་མང་ཚོགས་མགོ་སྐོར་གཏོང་བ་དང༌། རང་གི་ཁེ་བཟང་འཚོལ་བའི་ངན་གཡོའི་ཟློས་གར་སྣ་ཚོགས་ཤིག་ཆོས་ལུགས་ནང་མཉམ་བསྲེ་བྱས་ནས་ལོ་རྒྱུས་ཀྱི་དུས་སྐབས་རིམ་པར་འཁྲབ་སྟོན་བྱས་པ་བོད་ཀྱི་བྱུང་རབས་ལ་ཞིབ་ལྟ་ཞིག་བྱས་ཚེ་སུས་ཀྱང་གསལ་རྟོགས་བྱེད་ཐུབ་པ་ཞིག་ཡིན། འདིར་དཔེ་མཚོན་ཕྲན་བུ་ཞིག་བཀོད་ན། དེ་སྔའི་ལོ་རྒྱུས་ཀྱི་གླེང་རྙོག་ཅིག་ད་ལྟའི་སྤྱི་ཚོགས་ཀྱི་དཀའ་ངལ་དུ་ཆགས་པའི་དོལ་རྒྱལ་ཟེར་བ་འདི་ཉིད་ཀྱང༌། དེ་སྔའི་བོད་རྒན་ཞིག་གིས་ངན་གཡོའི་དྲན་འཕྲུལ་གྱི་ཟུར་ཁ་ཙམ་ཡིན་པ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་བྱུང་རབས་ལ་ཞིབ་འཇུག་བྱས་མྱོང་མཁན་སུས་ཀྱང་ཤེས་གསལ་ཞིག་རེད། ཡིན་ན་ཡང་བདག་གི་བསམ་པར་སངས་རྒྱས་ཆོས་ལུགས་ཀྱི་ངོས་ཐད་ནས་བཤད་ན་དོལ་རྒྱལ་ཙམ་མིན་པར། ད་དུང་བོད་སྐྱོང་ལྷ་སྲུང་གི་མིང་ཅན་ཚང་མ་བསྟེན་གསོལ་བྱེད་འོས་ཤིག་མིན་ལ། དེ་ཚོར་རིན་ཐང་ཡོད་པ་ཞིག་ཏུའང་མི་འདོད་པས་འདི་ཚོ་ཚང་མ་བོད་རྒན་འགས་ངན་གཡོའི་དྲན་ཐེངས་རེ་རེར་ཆོས་ལུགས་ཀྱི་མིང་ཐོག་ནས་སངས་རྒྱས་ཆོས་ལུགས་ལ་བསྲེ་སླད་བྱས་པའི་ཤུལ་བཞག་རེ་རེ་རེད། དེར་བརྟེན་སངས་རྒྱས་ཆོས་ལུགས་ཀྱི་བདག་པོ་སྟོན་པ་ཤཱཀྱ་ཐུབ་པ་ཡིན་པར་ཁས་ལེན་པ་དང༌། ཡང་དག་པའི་སངས་རྒྱས་ཆོས་ལུགས་ཤིག་བྱེད་པར་ཁོང་གི་གསུང་རབ་ལ་གཞི་བཅོལ་དགོས་པར་འདོད་ཚེ། ད་དུང་དོལ་རྒྱལ་ལས་གཞན་པའི་ལྷ་འདྲེའི་དབུང་ཚོགས་དང༌། སྤྲུལ་པ་དང་སྤྲུལ་སྐུ། རྣམ་འཕྲུལ་སོགས་ཡིན་ཚུལ་སྟོན་མཁན་རྣམས་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་ངོས་ཐད་ནས་བཤད་ན་དེ་ལྟར་ཁས་ལེན་ཐབས་མེད་པས་ཀུན་གྱིས་འདོར་དགོས་པ་ཞིག་ཡིན་ལ། དེ་ལྟར་བྱས་ཚེ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ལ་དག་ཐེར་ཡག་པོ་བྱེད་ཐུབ་པ་ཙམ་མ་ཟད། སྐབས་དེར་ཡུལ་ལུང་གཞན་ལས་ལྷག་པའི་རིན་ཐང་ཞིག་ཀྱང་ཡོང་ངེས་པ་ཡིན། ཕལ་སྐད་རང་གིས་བཤད་ན་སངས་རྒྱས་ཆོས་ལུགས་ཀྱི་གལ་ཆེའི་རྩ་དོན་རང་བཞིན་ཞིག་ནི་གང་ཟག་ལ་མི་སྟོན་ཆོས་ལ་སྟོན་པ་ཡིན་ཞིང༌། དེ་ནི་རྒྱུ་མཚན་ཡོད་མིན་ལ་བལྟ་བ་གནད་ཆེ་བ་ལས། ཤོད་མཁན་ལ་བལྟ་བ་གནད་མི་ཆེ་བ་དང༌། ཕྱོགས་མཚུངས་དེའི་ཟུར་ནས་གོ་ཐུབ་པ་ནི་རང་རེ་བོད་ལ་མཚོན་ན་དགེ་བཤེས་དང༌། ཤེས་ཡོན་པའི་སློབ་སྟོན་ལ་ཉན་འཇོག་གུས་བརྩི་བྱེད་དགོས་པ་ལས་མི་ཆེན་དཔོན་ཆེན་རྒྱུ་མཚན་དུ་བྱས་ནས་ཁོ་ཚོའི་རྗེས་སུ་འབྲང་བ་གལ་མི་ཆེ་བ་བསྟན་པ་ཡིན་མོད། ཡིན་ཡང་དེང་སང་གི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་པ་ཚོས་ཆོས་ལ་མི་སྟོན་གང་ཟག་ལ་སྟོན་པའི་ཉམས་ལེན་བྱཻད་བཞིན་པ་འདི་ནི། དེང་སྐབས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ལ་ཉམས་ཆག་ཚབ་ཆེན་སོང་བའི་འབྲས་རྟགས་ཤིག་ཡིན་པས། བོད་བརྒྱུད་སངས་རྒྱས་ཆོས་ལུགས་པ་དང༌། བོད་ཀྱི་ཤེས་ཡོན་ཅན་སུས་ཀྱང་ཐུགས་སྣང་བྱེད་དགོས་པའི་ལོ་རྒྱུས་ཀྱི་འགག་མཚམས་ཤིག་ཡིན་པར་འདོད། སྤྱིར་བཏང་བྱས་ན་བོད་ལ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ང་ཡིན་ཁོ་ཟེར་མཁན་བརྒྱ་ཕྲག་སྟོང་ཕྲག་ཡོད་སྟབས་བོད་མི་དཀྱུས་མ་ཚོར་འདི་འདྲའི་འགན་བབ་མེད་པ་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་ནམ་ཡང་བརྗེད་མི་རུང་ཞིང་དྲན་དགོས་པ་ཞིག་ནི།  ཇུས་མི་རིགས་ཀྱིས་བགྲང་བྱ་བརྒྱ་ཕྲག་མང་པོའི་རིང་རང་དབང་གི་འཐབ་རྩོད་ལུ་གུ་བརྒྱུད་དུ་བྱས་པའི་ཁྲོད་ཀྱི་མཐའ་མའི་སྡོམ་ཚིག་ཅིག་ལ་དཀོན་མཆོག་ཟེར་པའི་མིའི་རིགས་ལ་བྱམས་སེམས་དང་མགོན་སྐྱབས་བྱེད་མཁན་ཞིག་མེད་པ་གསལ་རྟོགས་བྱུང་སོང་ཞེས་བཤད་པ་བཞིན། རང་རེས་ཀྱང་གནས་ལུགས་རྟོགས་སོང་བ་ཞིག་དང༌། ར་འཕྲོད་སོང་བ་ཞིག རྒྱུས་ལོན་སོང་བ་ཞིག་ནི་གངས་རེའི་ལྗོངས་ཀྱི་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ཡིན་རབས་དང༌། མཐུ་དང་རྫུ་འཕྲུལ་གྱི་བདག་པོ་ཡིན་རབས་ཀྱི་ཁ་ཕོ་ཆེ་གནམ་དུ་སྒྲོག་མཁན་དེ་ཚོ་ཚང་མ་བཤུ་བཞོག་པའི་ཁ་གཡང་ཡིན་པ་དང༌། བསླུ་བྲིད་ཀྱི་སྟོང་གཏམ་ཡིན་པ་ནམ་ཡང་བརྗེད་མི་རུང༌། འདི་ནི་ལོ་རྒྱུས་ཀྱི་བསླབ་བྱ་ཡིན། འདི་ནི་སྐྱེས་བུ་རང་གི་ཉམ་མྱོང་ཡིན། འདི་ནི་གཞོན་པ་ང་ཚོའི་ཤེས་རྟོགས་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

མཆན། 1

  1. ཡོན་བྷེ། says:
    ལོ་ 18 སྔོན།

    བསམ་ཚུལ་འདི་ང་ཚོ་བོད་པའི་ན་གཞོན་མང་པོ་ཞིག་གི་སེམས་སུ་གནོན་མི་ཐུབ་པར་ཡོང་བཞིན་ཡོད་ནའང༌། ལེ་བར་མང་པོའི་བར་ཐག་ཆོད་པའི་གོམས་གཤིས་སམ་བག་ཆགས་མཐུག་པོ་ཞིག་ལ་གྱེས་ཕྱག་འཚལ་མ་ཐུབ་པར་ལུས་ནས་ཡོད། གང་ལ྄ྟར་ས྄ྔ་གཞུག་མ་གཏོགས་འདི་ལ་རེ་བ་མེད་པ་དཔྱོད་ཤེས་ཡོད་མཁན་ཚང་མས་ལོས་ཤེས། དེའི་ཕྱིར་གཞོན་ཚོས་དེང་དུས་ཀྱི་ལམ་ཁ་ཞིག་འཚོལ་ངེས་ཡིན། བདེ་མོ། གཡུ་མཚོན་ནས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese