མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྲ་ཐོག་གི་རང་སྐྱོང་།

བོད་ཀྱི་དུས་བབ།
༢༠༠༨/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༢༧ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

མི་འགྱངས་པར་བོད་མིའི་རྩ་དོན་ཐོག་གོ་བསྡུར་གནང་རྒྱུ་ཡིན་ལ། བཀའ་ཁྲི་མཆོག་གིས་བོད་ཆོལ་ཁ་གསུམ་ཆབ་སྲིད་ཀྱི་འཛིན་སྐྱོང་གཅིག་གི་འོག་བསྡུ་རྒྱུ་དང་། བོད་ལ་རིག་གཞུང་གི་རང་སྐྱོང་ཞིག་གསུང་གི་ཡོད། འདི་མ་རག་པའི་གོང་དུ། ཁོང་ཉིད་ནས་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་དྲ་ཐོག་གི་རང་སྐྱོང་ཚད་ལྡན་ཅིག་འཐོབ་པར་ཐུགས་བརྩོན་གནང་འོས་པ་ཞིག་རེད།

གལ་སྲིད་འཆར་ཟླའི་ཚོགས་ཆེན་སྟེང་ང་ལ་ཡང་རང་གི་ལས་རིགས་དང་འབྲེལ་བའི་བསམ་ཚུལ་འཁྱེར་ཤོག་ཅེས་མངགས་ཡོད་པའི་དབང་དུ་བཏང་ན། ངས་ཐོག་མར་ད་ལོའི་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང་གསར་འགྱུར་བརྒྱུད་ལམ་གྱི་ཤུགས་རྐྱེན་གཉིས་མཉམ་དུ་སྦྱར་ནས་བསམ་ཚུལ་ཞིག་འབུལ་སྲིད། ངས་བོད་མི་རིགས་ཀྱིས་རྩོད་ཀྱིན་པའི་རང་བཙན་དང་རང་སྲིད་རང་སྐྱོང་། རང་ཐག་རང་གཅོད་གང་ཡིན་ཡང་འདི་དག་ཐུན་མོང་གིས་འདོར་ཐབས་མེད་པའི་ཁོར་ཡུག་དེ་དྲ་ཐོག་ཏུ་ཡོད་པར་གླེང་ངེས།

ངས་དྲ་ཐོག་གི་རང་སྐྱོང་དེ་ནི་ཁྲིམས་ལུགས་དང་མཐུན་པ། ཚན་རིག་དང་མཐུན་པ། འགྲོ་བའི་མིའི་མངོན་འདོད་དང་མཐུན་པ་མ་ཟད། དྲ་ངོས་ཀྱི་རང་སྐྱོང་ནི་ང་ཚོར་སྔ་ཕྱི་གང་དུའང་འཐོབ་ངེས་པ་དང་། ཅིས་ཀྱང་འཐོབ་དགོས་པའི་རང་དབང་གི་ཁོར་ཡུག་དེ་ཡིན་ལ། ད་ལྟའི་ཆར་ཡང་མེད་ཐབས་མེད་པའི་ཁོར་ཡུག་ཅིག་ཆགས་ཡོད་པའི་བསམ་ཚུལ་འབུལ་ངེས།

དྲ་ཐོག་གི་རང་སྐྱོང་འདི་ནི་སྐད་གདངས་གཅིག་གྱུར་དང་། ཡིག་གཟུགས་གཅིག་གྱུར། ལངས་ཕྱོགས་གཅིག་གྱུར། མི་རིགས་ཆིག་སྒྲིལ། གཞིས་བྱེས་མཉམ་འཛོམས་ཀྱིས་ཕྱག་ལས་གནང་སའི་ཁོར་ཡུག་དེ་ཡིན་པ་དང་། ཁོར་ཡུག་འདི་ལ་དྲ་ཐོག་གི་རང་སྲིད་རང་སྐྱོང་ཞེས་འབོད་ཆོག་པར་འདོད། ཁོར་ཡུག་འདི་ནས་མི་རིགས་ཀྱི་ངོ་གདོང་སྲུང་སྐྱོབ་ཀྱི་ལས་གཞི་དང་། ཆོས་རིག་སྲུང་སྐྱོབ། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ལས་གཞི་རིགས་གང་སྔ་ཅི་མགྱོགས་ཀྱི་མགོ་འཛུགས་དགོས་པ་དང་། གཞིས་ལུས་མི་དམངས་ཀྱི་རྡོག་ཏུ་མེད་པའི་མངོན་འདོད་གཅིག་སྟེ། ༧གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་རེ་བ་དེའང་ང་ཚོས་གནས་སྐབས་རིང་དྲ་ཐོག་ནས་སྐོང་ཐུབ་སྟབས། འདི་ནི་བྱ་བཞག་ཆུང་ཆུང་ཞིག་མིན་ཚུལ་གསལ་འདེབས་བྱེད་ངེས།

བོད་མིའི་ཆོས་དང་རིག་གཞུང་འདི་དག་ཀྱང་དྲ་ཐོག་ནས་འབེལ་འབེལ་ལྷུག་ལྷུག་ཅིག་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། དྲ་ཐོག་གི་རང་སྐྱོང་འདི་ནི་བོད་མི་ཚོས་རང་ཉིད་སྲུང་སྐྱོབ་དང་འཛམ་གླིང་གི་ཤེས་རིག་ལ་འཇུག་སའི་རང་དབང་དང་ཞི་བདེའི་ཁོར་ཡུག་ཅིག་ཡིན་དགོས་ལ། བོད་མི་རིགས་ཀྱི་མ་འོངས་པའི་དཔལ་ཡོན་དང་ཞི་བདེ་བསྟི་གནས་དེའང་ང་ཚོས་དྲ་ཐོག་ནས་སྐྲུན་ཆོག་གི་རེད།

འདི་ལྟར་བོད་ཀྱི་རྩ་དོན་མ་བརྗེད་པ་བྱས་ནས་བོད་དོན་འཐབ་རྩོད་འདི་དྲ་ཐོག་ལ་ཕེབས་རྒྱུ་དང་། གཞིས་བྱེས་གཉིས་ཀ་དྲ་ཐོག་ནས་འཛོམས་ཤིང་། རྒྱལ་བ་རིན་པོ་ཆེ་མཆོག་གིས་དྲ་ཐོག་ནས་གསུང་ཆོས་དང་མི་དམངས་ལ་ཞལ་མཇལ་གནང་རྒྱུ། གསུང་འཕྲིན་སྩོལ་རྒྱུ་བཅས་ལ་གྲ་སྒྲིག་གནང་དགོས་པ་རེད།

ང་ཚོར་རང་སྐྱོང་འདི་འཐོབ་པར་མཐུན་རྐྱེན་ལེགས་པོ་ཞིག་འཛོམས་ཡོད་པ་ནི་ང་ཚོའི་དགེ་རྒན་རེད། རྒྱ་གར་ནི་བརྡ་འཕྲིན་ལས་རིགས་ཀྱི་ཐོག་ཆེད་ལས་མཁས་པ་དང་ལག་རྩལ་བ་མང་ཤོས་དེ་ཡིན་སྟབས། ང་ཚོས་གནའ་སྔ་མོ་རང་གི་ཡི་གེ་དང་ནང་ཆོས་སོགས་རྒྱ་གར་ནས་བསླབས་པ་ལྟར། ད་སྐབས་ང་ཚོས་རང་གི་དགེ་རྒན་གྱི་ས་ནས་ཚན་རིག་ལག་རྩལ་སྦྱངས་ཏེ། མི་རིགས་འདིའི་ཕུགས་བསམ་དེ་འགྲུབ་པར་བརྩོན་པར་རིགས་ཞེས་ངས་རང་གི་བསམ་ཚུལ་འབུལ་སྲིད།

མཆན། 4

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    དྲ་གྲོགས་གནས་ཚང་ལགས། ཁྱེད་རང་ག་དུས་ཡིན་ཡང་དོགས་པ་རྣམ་དོག་རྐྱང་རྐྱང་གི་ཁྲོད་དུ་ཡོང་དོན་ལ་བལྟས་ན་རྒྱ་མི་ཞིག་མིན་འགྲོ་ཡང་བསམ། ཨ་ལ་ཀུ་རེ་ཡིན། བོད་རེ་བའི་འཕོངས། རྒྱ་དོགས་པའི་འཕོངས། འཕོངས་ལུགས་འདི་གཉིས་བར་གྱི་མི་རིགས་འདི་གཉིས་ལ་མཐུན་སྒྲིལ་ཞིག་ཡོང་ན་ཅི་འདྲའི་སྐྱིད། ཧ་་་་ཧ་་་ཧ་་དགོད་སྤྲོ་བ་ལའང་།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 14 སྔོན།

    གནས་ཚུལ་གྱི་རང་དབང་མ་ཐོབ་པར་རང་དབང་གཞན་མི་ཐོབ། དྲ་ཐོག་གི་རང་དབང་མ་ཐོབ་ན་གནས་ཚུལ་གྱི་རང་དབང་མི་ཐོབ།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 14 སྔོན།

    སྐབས་དེར་སླེབས་ན་དུས་བབ་ནི་སླར་ཡང་ང་ཚོའི་ཀ་བ་གཅིག་ཆགས་སྲིད་པ་ལས་དུས་བབ་བོད་ཡིག་དྲ་རྒྱས་གོ་ས་དེ་ག་ལ་འཕྲོག་སྲིད། མ་རེད་དམ།

    Reply
  4. གནས་ཚང་། says:
    ལོ་ 14 སྔོན།

    ཉིད་ཀྱི་ལྟ་བ་ཧ་ཅང་ཡག་པོ་རེད་དེ། ཁོང་ཚོའི་བསམ་པར་དུས་བབ་བོད་ཡིག་དྲ་རྒྱས་གོ་ས་དེ་འཕྲོག་མི་ཡོང་ངམ་སྙམ་ནས་ཕལ་ཆེར་ངོས་ལེན་གནང་འདོགས་ཁ་བོ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist