མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧུའུ་ལ་ཕུལ་བའི་ཞུ་ཡིག

བོད་ཀྱི་དུས་བབ།
༢༠༠༨/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱལ་སྤྱིའི་རྩོམ་པ་པོ་དང་ཤེས་ཡོན་པ། ཞི་བདེའི་ལས་འགུལ་བ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་མི་སྣ་སྐད་གྲགས་ཅན་སྐོར་ཞིག་གིས་ཉེ་སྔོན་བཙོན་འོག་ཏུ་ཚུད་པའི་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ལུའུ་ཞོའོ་པོ་ལགས་ཆ་རྐྱེན་གང་ཡང་མེད་པའི་འོག མགྱོགས་མྱུར་གློད་དགོས་པའི་ཡི་གེ་ཞིག་སྲིད་འཛིན་ཧུའུ་ལ་ཕུལ་ཡོད་འདུག

ཕྱི་ཚེས་ ༢༣ ཉིནགོང་གསལ་མི་སྣ་དག་གིས་སྐུ་ཞབས་ལུའུ་མཆོག་ མགྱོགས་པོར་གློད་དགོས་པའི་ཡི་གེ་དེ་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཕུལ་ཡོད་ཅིང༌། ཡི་གེ་དེའི་ནང་བཀོད་དོན། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པའི་ཆ་ནས། ཁྱེད་ཀྱིས་དུས་རྟག་ཏུ་རྒྱ་ནག་གི་ཁྲིམས་མཐུན་རྩ་འཛུགས་ནི་སྤྱི་ཚོགས་བདེ་འཇགས་ཀྱི་སྲུང་སྐྱོབ་དང་དངོས་ཡོད་རྩ་བར་བཟུང་ནས་ཁྲིམས་ལུགས་དར་སྤེལ་གཏོང་རྒྱུ་ཡིན་ཚུལ་སྒྲོག་བཞིན་པ་ལྟར། མི་མང་གི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་དང་་ཞི་བའི་སྒོ་ནས་བསམ་ཚུལ་སྤེལ་ མཁན་ལ་སྲུང་སྐྱོབ་བྱེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང༌། སྐུ་ཞབས་ལུའུ་ཡིས་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བའི་ནག་ཉེས་ཅི་ཡང་བསགས་མེད་ཅེས་བཀོད་འདུག

སྐུ་ཞབས་ལུའུ་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དངརང་དབང༌། དམངས་གཙོ་བཅས་གོང་སྤེལ་གཏོང་དགོས་པའི་ཐད་ཀྱི་ཡིག་ཆ་ རྩ་ཁྲིམས་ ༠༨ ཞེས་པར་ མིང་རྟགས་ཐོག་མར་འགོད་མཁན་གྱི་གྲས་ཡིན་པ་དང༌། ཁོང་ནི་རྩོམ་རིག་དཔྱད་བརྗོད་པ་དང་ཆེད་ལས་རྩོམ་རིག་གི་སློབ་དཔོན་ཟུར་བ་ཞིག་ཡིན་འདུག སྤྱི་ཟླ་ ༡༢ པའི་ཚེས་ ༨ ཉིན་སྐུ་ཞབས་ལུའུ་ཁོང་གི་སྡོད་གནས་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད། དེ་ནི་རྒྱ་ནག་གི་ཀེའུ་ཀྲུའུ་ཞིང་ཆེན་ནང་ཐོབ་ཐང་གི་ཆེད་དུ་ལས་འགུལ་གཉིས་སྤེལ་འཆར་ཡོད་པའི་ཉིན་གཉིས་ཀྱི་སྔོན་དུ་འཁེལ་ཡོད་འདུག

སྔོན་མ་སྐུ་ཞབས་ལུའུ་ལ་ལོ་གསུམ་གྱི་རིང་ངལ་རྩོལ་བསྒྱུར་བཀོལ་བྱས་སྐབས་ཏེ། སྤྱི་ལོ་ ༡༩༩༦ ལོའི་སྤྱི་ཟླ་ ༩ ཚེས་ ༣༠ ཉིན་ཁོང་གིས་རྒྱ་ནག་གི་སྐབས་དེའི་སྲིད་འཛིན་ཅང་ཙེ་མིན་གྱི་མིང་ཐོག་ལ་ཡི་གེ་ཞིག་ཕུལ་ཡོད་པ་དང༌། ཡི་གེ་དེའི་ནང་དུ་བོད་ཀྱི་གནད་དོན་འདི་རང་ཐག་རང་གཅོད་ཀྱི་ལམ་ལ་འགྲོ་བར་རྒྱབ་སྐྱོར་གནང་ཡོད་ལ། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་ཞི་བའི་གྲོས་མོལ་གནང་རྒྱུར་འབོད་སྐུལ་ཞུས་ཡོད། སྐུ་ཞབས་ལུའུ་མཆོག་ནི་བོད་ཕྱོགས་ལ་ལངས་ནས་སྐད་ཆ་ཤོད་མཁན་གྱི་རྒྱ་རིགས་ཐོག་མ་དེ་ཡིན་འདུག 

ནེའུ་ཡོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། སྐུ་ཞབས་ལུའུ་མཆོག་བཀག་ཉར་བྱས་པ་ནི་གཞི་མེད་དང་རྒྱ་ནག་གི་རྩ་ཁྲིམས་ལ་འགལ་ཡོད་པ་དང༌། ཁོང་བཟུང་རྗེས༌། རྩ་ཁྲིམས་ ༠༨ ལ་མིང་རྟགས་འགོད་མཁན་ ༣༠ ལྷག་ཉེན་རྟོག་པས་འདྲི་བརྩད་དང་ལྟ་རྟོག་གི་འོག་ཡོད་འདུག

ཨེ་ཤ་ཡ་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷུ་རེན་ཨཱེ་ཌམ་སི་ཡིས། སྐུ་ཞབས་ལུའུ་ནི་རྒྱ་ནག་གི་ལོ་བཅུའི་ནང་ཚུན་དུ་གཞུང་དང་ལྟ་བ་མི་མཐུན་པའི་ཚབ་མཚོན་མི་སྣ་ཞིག་ཆགས་ཡོད་པ་དང༌། ཁོང་བཟུང་བ་ནི་གཞུང་དང་ལྟ་བ་མི་མཐུན་མཁན་ མང་པོར་ཉེན་ཁ་ཡོད་པའི་བརྡ་རུ་གྱུར་ཡོད། ཅེས་བཤད་འདུག

 

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese