མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་དངོས་གནས་བཀའ་བློན་ཞིག་རེད།

བོད་ཀྱི་དུས་བབ།
༢༠༠༨/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཁྱེད་ཀྱིས་དུབ་བབ་གསར་འགོད་པའི་དྲི་བ་ལ་ལན་འདི་ལྟར་སྐྱོན་འདུག “ཤེས་རབ་དགའ་ཚལ་སློབ་གླིང་ལ་དགེ་རྒན་གང་འདྲ་བྱས་ནས་རག་གི་མེད་པའི་སྐོར་ངས་ཤེས་ཀྱིན་མེད།”གསུངས་འདུག དེ་བདེན་པ་རེད་ཁྱེད་ཀྱིས་ཤེས་ཀྱིན་མེད་ཙང་གནས་ཚུལ་འདི་དག་ལྷགས་པ་རེད། གནས་ཚུལ་འདི་ནི་ྋགོང་ས་མཆོག་གིས་ཉེ་ཆར་གནང་བའི་ཤེས་ཡོན་སྐོར་གྱི་བཀའ་སློབ་དང༌། ལོ་ངོ་སུམ་ཅུའི་འཐུས་ཤོར་དང་འབྲེལ་བ་སྟེང་ཟབ་ཡོད། ཡང༌། “དགེ་རྒན་མི་རག་པའི་རྒྱུ་མཚན་དེ། ང་ཚོས་དགེ་རྒན་ཡོང་བར་ཆ་རྐྱེན་འདོན་གྱི་ཡོད་པ་དང༌། ཆ་རྐྱེན་དེ་དག་ཚང་མཁན་རག་ཁག་པོ་ཆགས་ཡོད་པ་རེད།”གསུངས་འདུག དེའང་བདེན་པ་རེད། ཁྱེད་ཀྱིས་ཆ་རྐྱེན་ལ་མངོན་པར་མི་གསལ་བའི་ས་མཚམས་ཤིག་ཡོད་པ་རེད། མཐར་ཕྱིན་སློབ་མའི་ནང་ནས་དགེ་རྒན་སླེབས་མི་ཆོག་པ་དེའང་ཁྱེད་ཀྱིས་བཏོན་པའི་ཆ་རྐྱེན་ཞིག་རེད། སྔོན་མ་ཡིན་ན་བོད་ཡིག་འཛིན་རིམ་མཐོ་ཤས་ཀྱི་དགེ་རྒན་མཐའ་ཕྱིན་སློབ་མ་ཕོགས་ཐོབ་ཡོད་མེད་གཉིས་ཀ་ཡོད། ཕོགས་ཐོབ་ཡོད་མཁན་དཔེར་ན། སྙན་ངག་རྒན་ཟླ་བ་ཚེ་རིང་དང༌། སུ་རྟགས་རྒན་ཨ་ཁུ་དར་རྒྱས། ཕོགས་ཐོབ་མེད་མཁན་རིག་གནས་རྒན་ཟླ་བ་ཚེ་རིང་ལྟ་བུ་རེད། འདི་དག་ནི་ངའི་བོད་པའི་མིག་གིས་དངོས་སུ་མཐོང་བས་གནས་ཚུལ་རེད། ཁྱེད་ཀྱི་རི་བང་གི་ར་དང་འདྲ་བའི་ཆ་རྐྱེན་དེ་གསལ་བསྒྲགས་ལོ་བརྒྱར་བྱས་ཀྱང་འབྲས་བུ་མེད་པ་སྡུག་ངས་ཀྱང་ཤེས། སློབ་གྲྭ་འདིར་མེས་པོའི་སྐད་ཡིག་ལ་མཚོན་ན་སློབ་མས་དགེ་རྒན་ལ་སློབ་ཁྲིད་བྱེད་དགོས་པའི་དུས་ཚད་ཡ་མཚན་ཞིག་སླེབས་ཡོད་པ་འདི་དོ་མི་མཉམ་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད། འདི་ནི་ཁྱེད་ཀྱིས་ཆ་རྐྱེན་བཏོན་པ་དང༌། གསལ་བསྒྲགས་བྱས་པའི་མཇུག་འབྲས་དངོས་དེ་རེད། ཡང༌། “དགེ་རྒན་གྱི་མཐུན་རྐྱེན་ཐད་རྩ་འཛིན་ལམ་སྟོན་གཞིར་བཟུང་ཐོག་སམ་བྷོ་ཊ་དང་གཅིག་མཚུངས་ཀྱི་མཐུན་རྐྱེན་སྤྲད་ཡོད་པ་རེད།”གསུངས་འདུག ད་ལྟ་དེ་འདྲ་ཡིན་དུ་ཅུག་ཀྱང༌། འདི་ཡང་དོན་ལ་ཏག་ཏག་གནས་མིན་ཤོག་གཉིས་ཀྱི་འདས་པའི་འབྲེལ་ལམ་ལ་ལྟོས་ན་ཤེས་ཐུབ་པ་ཞིག་རེད། ཡང༌། “དཀའ་ངལ་ཁ་ཤས་ཤིག་སློབ་གྲྭ་རང་ནས་ཐོན་ཡོང་གི་ཡོད་པ་རེད།”གསུངས་འདུག ཁ་ཤས་ཀྱི་ནང་དུ་ཁྱེད་རང་གི་ནག་ཉེས་ཚང་མ་མི་ཤོང་བ་ནི་དངོས་ཡོད་གནས་ཚུལ་ཡིན་པས། གོང་གི་ཚིག་དུམ་འདིས་དོན་གྱིས་ཁྱེད་རང་གི་ནོར་འཁྲུལ་ངོས་ལེན་བྱས་ཡོད། ཡང༌། “སློབ་གྲྭ་གཞན་ནང་སློབ་སྦྱོང་ཁོ་ན་ལས་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཡོད་པ་རེད། ཤེས་རབ་དགའ་ཚལ་སློབ་གླིང་ནང་གང་ལ་གང་འཚམ་བྱེད་ཀྱིན་ཡོད་པ་དེས། སེམས་མ་བདེ་བ་དང་མ་སྐྱིད་པ་མང་པོ་ཡོང་གི་ཡོད་པ་རེད།”གསུངས་འདུག ཆབ་སྲིད་ཅེས་པ་དེའི་རྩེ་མོ་གཉིས་འདུག་ཀྱང༌། ངེས་འདིར་རྩེ་མོ་གཅིག་ལས་གླེང་རྒྱུ་མིན། བདེན་པ་རེད། སློབ་གྲྭ་འདི་དང་གསུམ་གཅིག་བཞིའི་དོན་རྐྱེན་གཉིས་འགྲེལ་བ་གཏིང་ཟབ་ཡོད་པ་རེད། རྒྱ་དམར་གཞུང་གིས་སློབ་གྲྭ་འདི་ལ་ཆབ་སྲིད་སློབ་གྲྭ་ཞེས་དམིགས་གསལ་གྱིས་དོགས་ཟོན་བྱས་དང་བྱེད་བཞིན་ཡོད་པ་རེད། ང་ཚོ་མར་ལོག་ཀྱང་སྣེ་ལེན་དམིགས་བསལ་ཞིག་ཡོད་པ་དེ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཤེས་ཐུབ་པ་ཞིག་རེད། དེའི་ཐད་ཁྱེད་ཀྱིས་ལེགས་ཉེས་དབྱེ་བ་ཕྱེས་ནས་འབོད་སྐུལ་གནང་འདུག དེ་ལ་གཞན་སྐྱེས་རྒྱལ་ཞེན་ཅན་རྣམས་ཀྱིས་མུ་མཐུད་ནས་དགའ་ཚུལ་ཞུ་རྒྱུ་རེད་དྲན་གྱི་འདུག ཁྱེད་ཀྱིས་འདི་ལྟར་བུའི་འབོད་སྐུལ་བྱས་པ་ཐེངས་གཅིག་གཉིས་གཏན་ནས་མིན། བོད་མི་རིགས་ཀྱི་ཁྲག་རྒྱུན་དྲོན་མོའི་གསོན་ཤུགས་རྒྱས་པའི་མི་བུ་ཞིག་ཡིན་པས་ཆ་ནས་འབོད་སྐུལ་འདིའི་རིགས་ལ་འཆི་བ་གསོག་ལ་ཉེན་ཁ་ཡོད་ཀྱང་ངའི་བོད་ཀྱི་རྣ་བ་འདིས་ངོས་ལེན་མི་བྱེད་ཁོ་ཐག་ཡིན། མཚམས་འདི་ནས་ངའི་མིག་ནང་ནས་མཆུ་མའང་བཞུར་བྱུང༌། རྩོམ་ཐུང་འདི་འབྲི་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཁྱེད་ཀྱིས་འབོད་སྐུལ་འདི་ལ་ཐུག་ཡོད་པ་ཤེས་གལ་ཆེ། སྤྱིར་རྩ་འཛུགས་ལམ་སྟོན་གྱི་རྙོག་དྲ་དེའི་འབྱུང་ཁུངས་དང༌། སློབ་མ་ཡོངས་ཀྱིས་བརྩི་བཀུར་བླ་མེད་ཡོད་པའི་དབུ་འཛིན་དང༌། དགེ་ཆེ་གཉིས་སློབ་གྲྭ་འདི་དང་ཁ་བྲལ་དགོས་པའི་རྒྱུ་མཚན་ཐད་གཞུང་དམངས་གཉིས་ཀྱི་གནད་ཡོད་མི་སྣས་ཆོལ་ཁ་དང་ཆོས་ལུགས་ཀྱི་རྣ་མིག་དོར་ནས་བོད་པའི་རྣ་མིག་གིས་ཞིབ་ལྟ་ཞིབ་ཉན་བྱེད་རོགས་ཞེས་སློབ་ཟུར་པ་བདག་གིས་ཞུ་བ་བྱེད་རྒྱུ་ཡིན། འདི་དག་ནི་གནད་དོན་ཆུང་ཆུང་ཞིག་མ་རེད། བོད་མི་རིགས་ཀྱི་ཤེས་ཡོན་སྲིད་ཇུས་དང༌། བོད་མའི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཙང༌། དེ་ལུགས་དགོངས་མངའ་ཡོད་པ་མཁྱེན་མཁྱེན།།

གསོག་སྒར་སློབ་ཟུར་ཡིད་ལྷུང་བུ་རྒོད་ཀྱིས་རྡ་ས་ནས་ ༢༠༠༨ ༡༢ ༡༣ ཉིན་བྲིས།

 

 

འབྲེལ་ཡོད་གསར་འགྱུར།

Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

སྐར་མ ༡ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

སྐར་མ ༡༡ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese