མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཐང་ཆད་ཀི

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ལོ་ངོ་འདི་ལ་སོན་རེག་བར་དུ

གང་ཡིན་སར་རྒྱུགས་རྒྱུགས་ནས

ངས་ཅི་ཞིག་རྙེད་པ་ནས་གང་ཞོག་འབོར

ང་ད་དུང་ རྒྱུགས་བཞིན་འདུག

དོན་དངོས་སུ་ངས་གང་ཞིག་འཚོལ་བཞིན་ཡོད

ང་རང་ལ་ག་རེ་དགོས་ཀྱི་ཡོད

འདི་དག་གིས་ང་རང་ལ་ཚུར་བཙལ་ནས་ཡོང་

འཇིག་རྟེན་མིའི་ཞིང་ཁམས་ཆེན་མོ་འདི་རུ

མི་ཡོད་ཚད་ང་དང་འདྲ་བར

འཆི་བ་ལ་ཕྱོགས་པའིི་ལམ་བར་དུ

འདི་ལྟར་ག་ཚོད་ཅིག་རྒྱུགས་ཀྱང་

མཐར་ཐུག་གང་ཞིག་རྙེད་ཟིན་པ་དེ་དག་གིས

གང་ཡང་སྤྲོད་མི་སྲིད་པར

ཚུར་ཇི་ལྟར་ཡོང་བ་བཞིན

ཕྱིར་འགྲོ་དུས་ཀྱང་ལག་སྟོང་དུ་འགྲོ་དགོས་པ་མ་ཡིན་ནམ

དེས་ན མི་འདི་དག་གིས་དེའི་བར་དུ་གང་བྱེད་ཐུབ

ཡང་ན ཅི་ཞིག་བྱེད་དགོས་ཀྱི་ཡོད་པ་རེད་དམ

ང་དང་འདྲ་བར་རྒྱུགས་ནས་ཐང་ཆད་ཡོད་མཁན་ག་ཚོད་ཞིག

འཇིག་རྟེན་གྱི་གྲུ་ཟུར་རེ་རེ་ན

ཁུ་སིམ་མེར་སྒུག་ཡོད

འཆི་བ་དེ་མ་སླེབས་བར་དུ

ང་ཐང་ཆད་ཀི ཁྱེད་རང་གང་ན་ཡོད

ངས་ཁྱེད་རང་ངོ་ཤེས་སམ

གཅིག་བྱས་ན་ཁྱེད་རང་གི་ང་ཤེས་ཡོད་སྲིད

རེད་དེ ངས་ཁྱེད་རང་ད་དུང་ཤེས་ཀྱི་མེད་པ་ཅི་རེད

ཡོད་ཚད་ང་རང་གི་བསམ་བློ་འདི་ནོར་བས་ཡིན་ནམ

མིན་ན་ང་རང་གི་སྐྱེ་བ་འདི་ལེན་སྟངས་མ་འགྲིག་པ་ཡིན་ནམ

གང་ལྟར ང་རང་ལམ་བར་འདི་ནས

ང་ཆད་ཐང་ཀི ང་ཐང་ཆད་ཀི

༢༢།༡།༠༩མཚན་མོ་ཆུ་ཚོད་བཅུ་བ་མ་ཟིན་པའི་སྐར་བཅུའི་སྔོན་དུ་མཚོ་འགྲམ་གྱི་ཁང་ཆུང་གཡར་མའི་ནང་དུ་བྲིས།

འབྲེལ་ཡོད་གསར་འགྱུར།

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༣ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤

མཆན། 3

  1. Pobpathaye says:
    ལོ་ 17 སྔོན།

    བོད་ཤ་ཁྲག་རུས་གསུམ་ལ་ཕུལ་བ།

    གལ་གནད་ཆེ་བའི་ཤ་ཁྲག་རུས་གསུམ་དང་། །
    མཐུ་སྟོབས་ཆེ་བའི་ལྷ་ྐླུ་གཉན་གསུམ་དང་། །
    རིན་ཐང་ཆེ་བའི་ལུས་ངག་ཡིད་གསུམ་བཅས། །
    གཅིག་ལས་དུ་མར་འཆར་བའི་གྲོགས་མཆོག་ལགས། །

    ཕ་ནོར་དབྱངས་གསལ་སོ་བཞིའི་མུ་ཏིག་ཕྲེང་། །
    དྲྭ་འཕྲུལ་དར་གྱི་སྲད་བུར་བརྒྱུས་པའི་གཏམ། །
    རིགས་མཐུན་གྲོགས་ལ་ཕངས་མེད་སྦྱིན་པའི་གཉེན། །
    མ་མཐོང་རྒྱང་ན་གནས་པའི་མཛའ་བཤེས་ཡིན། །

    འདི་ན་བྷོ་ཊའི་བསྟན་སྲིད་ནོར་འཛིན་མ། །
    ཉམས་རྒུད་ཆུ་གཏེར་ྐློང་དུ་བྱིངས་ཉེ་བའི། །
    ངང་ཚུལ་བསམ་ཞིང་བརྩོན་པའི་གོ་བགོས་ཏེ། །
    ཁ་བ་རི་པའི་ཕ་ཆུས་སྲུང་བར་མཛོད། །

    ཕྱི་ནང་འགལ་རྐྱེན་མུན་ནག་སྟུག་པོའི་་ཁྲོད། །
    ལེགས་བྱས་མར་མེའི་འོད་སྣང་ཉམ་ཆུང་ཡང་། །
    བདེན་པའི་མཐུ་ལ་འགྲན་ཟླ་མ་དམིགས་པས། །
    ཉིན་ཞིག་རྒྱལ་ཁའི་སྐྱ་རེངས་མཐོང་བར་ངེས། །

    བདག་ཀྱང་འབྱུང་འདུས་ལུས་ཀྱི་ཐོ་ཡོར་འདིར། །
    རྣམ་ཤེས་འཁྱམས་པོས་བདག་འཛིན་མ་དོར་བར། །
    ཁྱེད་དང་ཁྱེད་བཞིན་མཛངས་པའི་སྤུན་ཟླ་ཚོར། །
    འགྲོགས་ནས་རང་སྡེའི་སྲི་ཞུ་བསྒྲུབ་པར་ངེས། །

    མཚམས་རེར་མཛའ་ཞིང་མཚམས་རེར་འགྲས་པའི་དྲྭ་གྲོགས་བོད་ཤ་ཁྲག་རུས་གསུམ་གྱི་ཡིད་ཐང་ཆད་བཞིན་ཡོད་ཚུལ་གྱི་རྩོམ་ཡིག་ཅིག་སྤེལ་བ་མཐོང་བས་སེམས་གསོའམ་སྐུལ་མའི་ཆེད་དུ་ཕུལ།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་བསེ་རུ་ལགས།
    ངེད་ཅག་གི་རང་ཉིད་ལ་ཐང་ཆད་ཀྱང་་རུང་
    ཉེ་འཁྲིས་ཀྱི་ཁོར་ཡུག་འདི་དང་འགྲོག་ནས་ཐང་ཆད་ཀྱང་འགྲིག
    འཆི་བ་དེ་མ་སླེབས་བར་དུ་འདོད་ཀྱང་རུང་
    མི་འདོད་ཀྱང་རུང་
    ལུས་པོ་འདི་ཉིད་ཀྱི་བྲན་གཡོག་བྱེད་དགོས་དུས
    ང་ཚོ་རང་རང་གི་མི་རིགས་འདི་དང་རང་ཉིད་ཀྱི་ཆེད་དུ
    འགྲོ་ཡ ཨ་ཐང་ཆད་ཤོར་དུ
    རྐང་ལག་ག་ཚོད་གཡུགས་ཐུབ་པ་དེ་ཙམ་ཞིག་གཡུགས་དེ
    བསེ་རུ་ལགས ཁྱེད་རང་ལྟ་བུའི་དྲ་གྲོགས་ཚོ་དང་ལྷན་དུ་

    Reply
  3. samkhar says:
    ལོ་ 17 སྔོན།

    བོད།
    ཤ་ཁྲག་རུས་གསུམ་ལགས།
    ཡིད་ཐང་མ་ཆད་རོགས།
    བསེ་རུའི་ཟིན་བྲིས་སུ་སྐུ་ངལ་གསོ་བར་ཕེབས་དང་།
    མི་ཡུལ་གྱི་སྦྲང་ཆང་ཤེལ་ཕོར་གང་བཏེག་ཆོག
    ཐང་ཆད་ཀྱང་འགྲོ་དགོས་ལ།
    ཐང་མ་ཆད་ཀྱང་འགྲོ་དགོས།
    དེའི་ཕྱིར།
    རྐང་ལག་ཡོད་ཚད་བཅིངས་ཀྱང་འགྲོ་དགོས་ལ།
    ཕྱི་དབུགས་རྫོགས་ཀྱང་འགྲོ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese