མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ཁི་ལིན་ཊོན་མཆོག་ཁ་དན་ཚིག་ལ་གནས་མ་སོང་།

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཁི་ལིན་ཊོན་གྱིས་ཚེས་ ༢༢ ཉིན་རྒྱ་ནག་གི་དབང་འཛིན་པ་ཚོ་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྣང་མེད་བཏང་སྟེ། འཛམ་གླིང་ཚོང་རྭའི་ཉམས་རྒུད་དང་རྒྱལ་སྤྱིའི་ལས་དོན་གཞན་རྣམས་གཙིགས་ཆེ་དང་གཙོ་བོར་བཟུང་ཡོད་པ་རེད།

ལྕམ་ཁི་ལིན་ཊོན་གྱིས། ཨ་རིའི་གཞུང་ནས་རྒྱ་ནག་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་དང༌། བོད་དང་ཐའེ་ཝན་གྱི་གནད་དོན་དང་འབྲེལ་བའི་བཀའ་མོལ་མུ་མཐུད་ནས་འབྱུང་གི་རེད། ཡིན་ན་ཡང་གནད་དོན་འདི་དག་གིས་འཛམ་གླིང་ཚོང་རྭའི་ཉམས་རྒུད་དང་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག  བདེ་འཇགས་ཀྱི་ཉེན་ཁ་སོགས་ལ་ཐེ་བྱུས་བྱ་ཐུབ་གི་མ་རེད། ཅེས་དང་། ཨ་རྒྱ་གཉིས་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལྟ་ཚུལ་མི་མཐུན་པ་ཡོད་པའི་ཐོག་ལ་ལྟ་ཚུལ་མཐུན་གི་རེད་ཅེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསུངས་ཡོད་འདུག 

ཚེས་ ༢༡ ཉིན་ཁོང་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་དང་མཇལ་འཕྲད་གནང་ཡོད་ལ། རྒྱལ་ཁབ་གཉིས་བར་གྱི་འབྱུང་འགྱུར་མཉམ་ལས་སོགས་ཀྱི་ཐད་བཀའ་མོལ་བྱུང་ཡོད་འདུག ཁི་ལིན་ཊོན་གྱིས། གཙོ་བོ་དེ་ཨ་རྒྱ་གཉིས་ཀྱི་བར་མཉམ་ལས་གྱི་འབྲེལ་བ་ཡིད་རྟོན་རུང་བ་དགོས་ཞེས་གསར་འགོད་པར་བརྗོད་ཡོད་པ་རེད། ཉིན་འདིའི་སྔ་དྲོ་ལྕམ་ཁི་ལིན་ཊོན་ལགས་རྒྱ་ནག་གི་སྲིད་བློན་ཝན་ཅ་པའོ་དང་མཇལ་འཕྲད་གནང་སྟེ། ཨ་རི་སྲིད་གཞུང་གསར་བའི་དམིགས་ཡུལ་དང༌། འཛམ་གླིང་ཚོང་རྭ་དང་གནམ་གཤིས་ཚ་དྲོད་ཀྱི་གནས་སྟངས་སོགས་ལ་གླེང་མོལ་བྱུང་ཡོད་འདུག་ལ། ཉིན་འདིར་རྒྱ་ནག་ཕྱི་སྲིད་བློན་ཆེན་ཡཱང་ཅེ་ཁྲི་དང་མཇལ་འཕྲད་གནང་སྐབས། རྒྱལ་ཁབ་འདི་གཉིས་བར་གྱི་བརྗོད་གཞི་རྙིང་བ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་འབྱུང་འགྱུར་གྱི་འབྲེལ་མོལ་བར་ནས་གླེང་སློང་ཡོང་བའི་གྲོས་འཆམ་བྱུང་ཡོད་འདུག ཕྱི་སྲིད་བློན་ཆེན་ཡཱང་ཅེ་ཁྲིན་གྱིས། རྒྱལ་ཁབ་གཉིས་བར་གྱི་གཞི་རྩའི་འབྲེལ་ལམ་དང་གྲོས་གཞི་ལ་བརྩི་བཀུར་གྱིས། རྒྱ་ནག་གི་ངོས་ནས་འབྱུང་འགྱུར་ཨ་རིའི་གཞུང་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་འབྲེལ་མོལ་བྱ་རྒྱུ་ཡིན་ཞེས་ཞིན་ཧྭ་གསར་འགྱུར་ཁང་ལ་བརྗོད་ཡོད་འདུག

ལྕམ་ཁི་ལིན་ཊོན་ཕེབས་པའི་རྐྱེན་གྱིས་ང་རང་ཁང་བ་ཞིག་གི་ནང་དུ་བཀག་བྱུང༌། ཞེས་རྒྱ་ནག་ནང་ཁུལ་གྱི་རང་དབང་འཐབ་རྩོད་པ་ཧུའུ་ཅ་ཡི་བཟའ་ཟླ་ཙེན་ཅེན་ཡན་གྱིས་འཕྲིན་ཡིག་བརྒྱུད་བཤད་ཡོད་འདུག་ལ། རྒྱ་ནག་གི་ཕྱི་ནང་ཀུན་དུ་ཡོད་པའི་མི་རྣམས་ཀྱིས་རྒྱ་ནག་ནང་ཁུལ་གྱི་དངོས་ཡོད་འགྲོ་བ་མིའི་ཐོབ་ཐང་ལ་རྒྱུས་ལོན་བྱ་དགོས་པ་ཧ་ཅང་གལ་ཆེན་དུ་ཆགས་ཡོད་ཅེས་ཀྱང་བཤད་ཡོད་འདུག དེ་བཞིན་རྒྱ་ནག་གི་རང་དབང་འཐབ་རྩོད་པའི་ཚོགས་པ་ཚོས། ལྕམ་ཁི་ལིན་ཊོན་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་སྐབས་ང་ཚོ་རང་དབང་གིས་འགྲོ་བསྐྱོད་བྱ་ཆོག་གི་མ་རེད་ཅེས་བཤད་ཡོད་པ་དང༌། རང་དབང་དང་ཐོབ་ཐང་འཐབ་རྩོད་པ་འགའ་པེ་ཅིན་ཕྱི་ལོག་གི་མགྲོན་ཁང་ནང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཡང་སྤེལ་འདུག  དེའི་ནང་གི་མི་མང་པོ་ཞིག་ནི་རྒྱ་ནག་གི་རྩ་ཁྲིམས་ ༠༨ ནང་དུ་མིང་རྟགས་འགོད་མཁན་ཡིན་པ་དང༌། རྒྱ་ནག་གི་རྩ་ཁྲིམས་ ༠༨ ནི་རྒྱ་ནག་སྐམ་ས་ཆེན་མོར་ཡོད་པའི་ཤེས་ཡོན་པ་དག་གིས་རྒྱ་ནག་ལ་གཞི་རྩའི་བཅོས་བསྒྱུར་དོན་ཚན་ ༡༩ ཡོད་པའི་རྩ་འཛིན་ཡིག་ཆ་ཞིག་ཡིན།

ལྕམ་ཁི་ལོན་ཊོན་གྱིས་ལོ་སྔོན་མར་པེ་ཅིན་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མཛད་སྒོ་འཚོགས་སྐབས་སུ། སྲིད་འཛིན་བྷུ་ཤུ་མཛད་སྒོར་ཞུགས་པར་ངོ་རྒོལ་གནང་ཡོད་ལ།  ༡༩༩༥ ལོར་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གཏམ་བཤད་ཀྱང་གནང་ཡོད་པ་རེད། ཡིན་ན་ཡང་དོན་དངོས་ལ་འཇུག་སྐབས་ལྕམ་ཁི་ལོན་ཊོན་ཕྱི་བཤོལ་གནང་འདུག་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཚོགས་པ་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་འགྲོ་བ་མིའི་ཐོབ་ཐང་གི་ཐད་འཐབ་རྩོད་དང་ཕྱག་ལས་གནང་མཁན་ཚོགས་སྡེ་ཁག་ནི་ཐེངས་འདིར་ཧ་ལས་པ་དང་བློ་ཕམ་དུ་བཅུག་ཡོད་པ་རེད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། ཨ་རི་ནི་རྒྱ་ནག་དང་ཁ་གཏད་དུ་ལངས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་ཐུབ་མཁན་གཅིག་པུ་དེ་ཆགས་ཡོད་ལ། ལྕམ་ཁི་ལིན་ཊོན་གྱི་གཟིགས་སྐོར་ནི་རྒྱ་ནག་གི་མགོ་ཁྲིད་ཚོའི་ལོ་རེའི་དྲན་གསོའི་བྱེད་སྒོའི་གནད་འགག་ཆེ་བའི་དུས་སྐབས་ཤིག་ཡིན། ཅེས་དང༌། ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ཚོགས་གཙོས་ཀྱང༌། ཆེས་གལ་ཆེ་བ་ནི་མི་མང་དང༌། བཟོ་བ། ཤེས་ཡོན་པ་སོགས་ཀྱིས་ཨ་རི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙིགས་ཆེར་འཛིན་བཞིན་པའི་ཁ་ཕྱོགས་ལ་རེ་ལྟོས་དང་རྣ་བས་ཉན་ནས་བསྡད་ཡོད་པ་དེ་རེད། ཅེས་ལྕམ་ཁི་ལིན་ཊོན་གྱིས་ཨ་རིའི་མི་མང་གི་བསམ་ཚུལ་དང་རེ་ལྟོས་ལ་ཁ་ཡ་མ་བྱས་པའི་ཐད་སྐྱོན་བརྗོད་གནང་ཡོད་པ་རེད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ལྕམ་ཁི་ལིན་ཊོན་གྱིས་རྒྱ་ནག་ལ་བརྡ་ལན་གསར་བ་ཞིག་དང་རྒྱ་ནག་གི་མགོ་ཁྲིད་ཚོ་ལ་རེ་བ་གསར་བ་ཞིག་སྦྱིན་པ་རེད་ཅེས་ཀྱང་བཤད་ཡོད་འདུག

ཐེངས་འདིའི་གཟིགས་སྐོར་ནི་ལྕམ་ཁི་ལིན་ཊོན་མཆོག་ལས་གནས་གསར་བར་ཕེབས་པ་ནས་གཞུང་འབྲེལ་གཟིགས་སྐོར་ཐོག་མ་དེ་ཡིན་ལ། རྒྱལ་སྤྱིའི་མི་མང་ནི་ཁོང་གིས་གསུངས་མྱོང་བའི་འགྲེོ་བ་མིའི་ཐོབ་ཐང་སྐོར་གྱི་གཏམ་བཤད་ཀྱིས་ཡིད་དབང་འཕྲོག་མྱོང་བས། ལྕམ་ཁི་ལིན་ཊོན་ལགས་ནས་རྒྱ་ནག་གི་མགོ་ཁྲིད་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་འབོད་སྐུལ་དང་གླེང་སློང་ཡོང་རྒྱུའི་རེ་བ་བཅོལ་ཡོད་པ་དང༌། གཟིགས་སྐོར་ལ་མ་ཕེབས་པའི་སྔོན་དུ་རྒྱལ་སྤྱིའི་སྟེང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བདུན་གྱིས་ཞུ་ཡིག་ཅིག་ཕུལ་ཏེ། ཐེངས་འདིའི་གཟིགས་སྐོར་གྱི་དམིགས་ཡུལ་དེ་འགྲོ་བ་མིའི་ཐོབ་ཐང་ཡིན་དགོས་པར་བཤད་ཡོད་པ་རེད་ལ། ཞུ་འཕྲིན་དེའི་ནང་བཀོད་དོན། ཨ་རིའི་རྒྱ་ནག་གི་ལས་དོན་ནི་རྒྱ་ཆེན་པོ་རེད། ཡིན་ཡང་ངེད་ཅག་གི་ཡིད་ཆེས་ནི་དཔལ་འབྱོར་དང་བདེ་སྲུང་། རྒྱལ་འབྲེལ་བཅས་ཀྱི་ཡར་རྒྱས་ནི་འགྲོ་བ་མིའི་ཐོབ་ཐང་ལ་ཡོངས་ཁྱབ་རང་བཞིན་དང་སྟོབས་ཤུགས་ཡོངས་སུ་བཀོལ་ཏེ་སྲུང་སྐྱོབ་བྱེད་པ་བརྒྱུད་སྐུལ་འདེད་བྱེད་ཐུབ་པར་འདོད་ཅེས་དང་། ཡི་གེ་དེའི་ནང་དུ་སྔོན་ཆད་ལྕམ་ཁི་ལིན་ཊོན་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་བཤད་པའི་བསམ་ཚུལ་རིགས་ཀྱང་གསལ་འདེབས་ཀྱི་ཚུལ་དུ་བཀོད་ཡོད་ལ། ལྕམ་ཁི་ལིན་ཊོན་གྱིས་འགྲོ་བ་མིའི་ཐོབ་ཐང་ཐད་ནན་བཤད་གནང་དོན། མི་སེར་རྣམས་རང་རང་གི་སྙིང་ཉེ་བ་དག་གི་འཁྲིས་ནས་ཁྲིད་ཕྱིན་དེ་བཙོན་དུ་འཇུག་པ་དང་མནར་གཅོད་མ་གཏོང་རོགས། ཁོང་ཚོས་ཞི་བའི་སྒོ་ནས་རང་རང་གི་བློ་དང་བསམ་ཚུལ་བཏོན་པར་རྐྱེན་བྱས་ཏེ་ཁོང་ཚོའི་ཆེ་མཐོང་དང་སྨྲ་བརྗོད་རང་དབང་མ་འཕྲོག་རོགས་ཞེས་གསུངས་ཡོད་པ་རེད།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 7

  1. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    སྔོན་དང་ད་ལྟའི་གནས་སྟངས་ལས་ཨ་རི་འདི་དོན་གནད་ལ་ཐུག་དུས་ཕྱིར་ནུད་བྱེད་པ་མངོན་གསལ་རེད། དེས་ན་རང་ཉིད་རང་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །ཞེས་པ་དེའི་ཚུལ་ལས་མ་འདས་སོ། །

    Reply
  2. ལྕགས་རྒྱ་འགྲམ་ནག says:
    ལོ་ 16 སྔོན།

    དྲ་གྲོགས་མང་པོ་ཞིག་གིས་རྒྱ་ལོ་དོན་འགྲུབ་ཀྱིས་ཨ་རིའི་ཐོག་ལ་བསམ་ཚུལ་ཅི་ཞིག་ཡོད་སྐོར་གྱི་བཀའ་མོལ་གནང་བ་མཐོང་ཚར་ཡོད་ངེས། ཡིན་ནའང་མཐོང་མེད་མཁན་ཚོས་འདིར་གཟིགས་དང་། ཨ་རི་ལ་རེ་བ་བརྒྱག་རྒྱུ་མེད་པ་ནི་གནས་ཚུལ་གསར་བ་ཅི་ཡང་མ་རེད།

    “I never asked for CIA military assistance. I asked for political help. I wanted to publicize the Tibet situation, to make a little noise. The Americans promised to help make Tibet an independent country. All those promises were broken.”

    “American didn’t want to help Tibet. It just wanted to make trouble for China. It had no far-sighted policy for Tibet. I wasn’t trained for this (clandestine operations). We didn’t know about power politics.”

    On a conversation with a KGB officer on working with the Soviet Union in Tibet rather than the Americans:

    “He told me you are all in the dark and very soon you will be sold out. If we promise to help, we will help. I thanked them for their interest and told the Americans Russia had offered to help. The CIA must have been shocked, but they kept quiet.”

    “I can’t say the CIA help was useful. Whatever help they provided, it really provoked the Chinese. It led to reprisals. I feel very sorry for this.”

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ད་དེ་རེད། ཁ་སང་སྔོན་མ་ང་རང་གིས་ཁོ་མོ་རྒྱ་ནག་དང་ཤར་་ཕྱོགས་ཀྱི་རྒྱལ་ཁབ་མང་བོ་ཞིག་ཏུ་འགྲོ་ཡི་ཡོད་པའི་བསྐོར་བཤད་མ་ཐག ངས་དྲ་གྲོགས་ཚོ་རེ་བ་གང་ཡང་རྒྱག་རྒྱུ་མེད་པ་བཤད་མྱོང་ཡོད་པ་དེ་དྲན་གྱི་འདུག་གམ། འདི་རེད། མིག་ཐོག་དུ་འབབ་དང་འབབས་བཞིན་ཡོད་ཀྱང་ད་དུང་རེ་བ་བརྒྱག་གི་འདུག དངོས་ནས་སེམས་སྐྱོ་བ་རང་རེད། རང་ཉིད་ཀྱི་དོན་དག་རང་ཉིད་ཀྱིས་བྱེད་དགོས་པ་ལས་གཞན་གང་གིས་ཀྱང་མི་བྱེད་དོ་ཟེར་ནས་ཡང་བསྐྱར་བོད་པ་ཚང་གི་གཞན་ལ་རེ་བཅོལ་བྱེད་རྒྱུར་དགའ་མཁན་དག་ལ་བཤད་འདོད་བྱུང་སོང་།

    Reply
  4. འཁྱམས་པོ། says:
    ལོ་ 16 སྔོན།

    ད་དེ་འདྲ་རེད། ཕྱི་གླིང་མགོ་སེར་དེ་ཚོར་རེ་བ་བརྒྱབ་ན་དེ་ལས་ཐོབ་རྒྱུ་གང་ཡོད། ངས་སྔོན་ནས་བཤད་མྱོང་ལྷག་པར་དུ་ཨ་རིས་ང་ཚོ་ཕོངས་པ་དེ་ཐེངས་གཅིག་ག་ལ་ཡིན། ཁེ་བཟང་མེད་ན་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་ཟེར་པ་ཁ་ལ་འཁྱེར་པ་ལས་དོན་ངོས་སུ་སུས་སྣང་པར་འཇོག ད་ཡང་རྒྱ་ནག་གིས་ཨ་རི་ལ་དུག་ཁུ་སྡུད་འགོ་བཙུགས་སོང་ང་།

    Reply
  5. kalsang says:
    ལོ་ 16 སྔོན།

    དབང་སྟོབས་ཆང་གིས་མྱོས་བའི་ཁུ་ལོན་ཏོན།།
    ཁེ་བཟང་གཞོན་ནུའི་ཆགས་ཚིག་ཐོས་ཙམ་གྱིས།།
    བདེན་རྫུན་ངོ་ཚའི་ཕྱི་གོས་ཡོངས་དོར་ནས།།
    ཆབ་སྲིད་གཡེམ་གྱི་ལས་ལ་ངང་གིས་ཞུགས།།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ད་ཡིན་ན་བོད་པ་ཚང་གི་གཞན་ལ་ཁ་གདང་རྒྱུ་ལས་རང་ཉིད་ཀྱིས་འབད་བརྩོན་བྱེད་དགོས་པ་བསྟན་སོང་། སྐུ་དྲག་ཚོས་འདིའི་རིགས་མཐོང་དགོས་ནི་རེད།

    Reply
  7. རྭ་ལོ། says:
    ལོ་ 16 སྔོན།

    དཀོན་མཆོག་གསུམ། ངོར་བལྟས་བལྟས་ཐང་ལ་རྒྱག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese