མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མར་གྲོས་མོལ་གྲ་སྒྲིག་ཨང་གསར་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་ནག་གི་སྲིད་བློན་ཝིན་ཅ་པོའོ་ཡིས་གསར་འགོད་པ་ཚོར། ༧ཏཱ་ལའི་བླ་མས་དུས་ནམ་ཡང་རང་བཙན་དང་ཁ་བྲལ་བརྩོན་ལེན་བྱེད་ཀྱིན་ཡོད། ཁོས་བོད་རང་བཙན་གྱི་ལྟ་བ་དོར་བ་ཡིན་ན། རྒྱ་ནག་གཞུང་ཕྱོགས་ནས་གྲོས་མོལ་གྱི་སྒོ་མོ་ཕྱེས་ཡོད་ཚུལ་བརྗོད་པ་དེར། བོད་གཞུང་བཀའ་ཤག་གིས་བཀའ་བློན་ཁྲི་བའི་མཚན་ཐོག་ནས་ལན་འདེབས་གསལ་བཤད་གནང་ཡོད།

 

བཀའ་ཤག་གི་ལན་འདེབས་དེའི་ནང་བཀོད་དོན། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༣ ཉིན་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། སྲིད་བློན་ཝུན་ཅ་པོའོ་ཡིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པས་ྋགོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་གཏུགས་གྲོས་མོལ་མུ་མཐུད་བྱ་འདོད་ཡོད་ཚུལ་གསུངས་པར་ང་ཚོས་དགའ་བསུ་ཡོད།

 

སྤྱི་ནོར་ྋགོང་ས་མཆོག་ནས་ག་དུས་ཡིན་ནའང་རྒྱ་ནག་གི་དབུ་ཁྲིད་ཚོ་དང་མཉམ་དུ་བོད་ཀྱི་དཀའ་རྙོག་སེལ་རྒྱུར་གཉིས་མོས་ཀྱི་ཐབས་ལམ་འཚོལ་བ་གནང་རྒྱུའི་གྲ་སྒྲིག་ཨང་གསར་ཡིན།

ྋགོང་ས་མཆོག་ནས་གང་ཞིག་རྩོལ་སྒྲུབ་གནང་གིན་ཡོད་པ་ནི། ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཐོག་ནས་རྒྱ་ནག་གཞུང་ལ་སྤྲད་པའི་ནང་ཁ་གསལ་ཡོད།   

 

བསམ་འཆར་ཡིག་ཆ་དེའི་ནང་བོད་མིའི་མངོན་འདོད་གང་ཡིན་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྙིང་དོན་གཞིར་བཟུང་ཁ་གསལ་བཏོན་ཡོད། སྲིད་བློན་ཝིན་ཅ་པོའོ་ཡིས་བསམ་འཆར་ཡིག་ཆ་དེ་དང་ལེན་བྱེད་རྒྱུར་གཡོལ་ཐབས་ལྟ་བུར་ྋགོང་ས་མཆོག་གི་སྐབས་སྔོན་མའི་གསུང་འཕྲིན་ཁག་ཅིག་ལུང་འདྲེན་བྱས་འདུག

སྐབས་མང་པོར་ྋགོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་རྩོལ་སྒྲུབ་གནང་གིན་མེད་པ་བསྐྱར་ཟློས་ཡང་ཟློས་གནང་ཡོད།

 

རྒྱ་ནག་གི་སྲིད་བློན་གྱིས་ྋགོང་ས་མཆོག་ལ་ཁ་བྲལ་རྩོལ་སྒྲུབ་གནང་གིན་ཡོད་པའི་སྐྱོན་འཛུགས་བྱས་པ་དེ་ནི། དྲང་བདེན་གྱི་གནས་ཚུལ་ཞིག་རྩ་བ་ནས་མ་རེད། རྒྱལ་སྤྱིའི་མི་མང་གིས་དངོས་ཡོད་གནས་ཚུལ་དེ་གསལ་པོར་མཁྱེན་གྱིན་ཡོད་སྟབས། གསལ་ཁ་བསྐྱར་སྟོན་གྱི་དགོས་གལ་མ་མཐོང༌། པེ་ཅིང་གཞུང་ནས་ལྷག་བསམ་རྣམ་དག་གིས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་རྣམ་འགྱུར་གསལ་སྟོན་བྱེད་པའི་རེ་བ་ཡོད། ཅེས་བཀོད་འདུག

 

མཆན། 2

  1. གནས་ཚང་། says:
    ལོ་ 14 སྔོན།

    དེ་འདྲའི་གླེན་རྟགས་མ་སྟོན། དེང་སྐབས་རང་བཙན་ཕར་ཞོག་རང་སྐྱོང་ཡང་འགག་ཚར་བ་རེད། དེ་ལ་རྒྱུ་རྐྱེན་གཉིས་འདུག ༡ རྒྱ་ཕྱོགས་ཀྱི་མཁྲེགས་འཛིན་རེད། ༢ རང་ཕྱོགས་ཀྱི་བྱེད་བབ་སྟེ། སྐུ་ཚབ་ཚོགས་པས་རང་ངོས་ནས་སྐད་བསྒྱུར་མི་ཁྲིད་པ་ཕར་ཞོག རྒྱ་གཞུང་ནས་བོད་མི་རེ་འགའ་སྔ་རྗེས་སུ་སྐད་བསྒྱུར་ལ་བཀོད་སྒྲིག་བྱས་པའང་བཀག་འདུག དེ་ནི་གཙོ་བོ་སྐུ་ཚབ་ཚོའི་བོད་ཤེས་ཀྱི་མེད་པའི་རྨོངས་འཐོམས་རེ་ཞིག་གསང་སྦས་བྱེད་འདུན་གཞིར་བཞག་ཡོད་པ་གསལ་བོ་རེད། དེ་བས། སྐད་ཆ་བཤད་རྒྱུར་གྲ་སྒྲིག་ཨང་གསར་ཡོད་པ་ཙམ་མ་ཡིན་པར་གནད་དོན་འདི་རིགས་ཐག་གཅོད་བྱེད་དགོས་ཀྱི་འདུག་ལ། ཚང་མ་ལོས་ཏཱ་ལའི་བླ་མར་དད་པ་ཡོད་མདོག་ཙམ་མ་ཡིན་པར་གནད་དོན་འདི་རིགས་ཐག་གཅོད་ཡོང་ཐབས་ལ་གཞོགས་འདེགས་བྱེད་འོས་བསམ།

    ད་ཤོད་ཡ། དད་ལྡན་ཚོ།

    Reply
  2. གངས་ཕྲུག says:
    ལོ་ 14 སྔོན།

    རྒྱ་ནག་གི་ཇག་དཔོན་ཧུ་དང་ཝན་ཟེར་བ་དེ་གཉིས་ཀྱི་རྣ་བ་རྣ་སྐྱག་གིས་ཁེངས་ཏེ་འོན་པ་ཡིན་པ་གསལ་པོ་རེད། དེས་ན་༢ གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་དེ་ཁོ་པ་གཉིས་ཀྱི་མིག་མ་ཞར་སྔོན་ལ་ལྐུགས་བརྡ་བྱེད་དེ་གསལ་པོ་བཟོ་དགོས་པའི་དུས་ལ་བབ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist