མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་དམངས་ཀྱི་ཀླད་པར་འགུལ་སྐྱོད་གོ་སྐབས་སྤྲད་མྱོང་མེད།

བོད་ཀྱི་དུས་བབ།
༢༠༠༩/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་ཏེ། ཕྱི་རྒྱལ་ཁག་གི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་བཞུགས་སྒར་ངྷ་རམ་ས་ལར་ཕེབས་ཏེ། བོད་མིའི་ཞི་བའི་སྒེར་ལངས་ཆེན་མོའི་ལས་འགུལ་གྱི་དུས་དྲན་ཐེངས་ ༥༠ བའི་སྟེང་མཉམ་ཞུགས་བྱས་པའི་སྐབས། འདི་གའི་གསར་འགོད་པས་ཨ་རིར་གནས་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་སྐབས་དོན་སྲིད་དོན་དཔྱད་བརྗོད་པ་ཁྲིན་ཕའོ་ཁོན་ལགས་སུ་བཅར་འདྲི་བྱས་པ་གཤམ་གསལ་ལྟར་ཡིན།

 

དྲི་བ། ཐོག་མར་སྐུ་ཉིད་ཀྱི་སློབ་སྦྱོང་གི་གོ་རིམ་དང་དམངས་གཙོར་དོ་སྣང་སླེབས་ཚུལ་སོགས་ཀྱི་རང་ཉིད་མཚམས་སྦྱོར་མདོར་བསྡུས་ཤིག་གནང་རོགས།

ལན། སྤྱི་ལོ་ ༡༩༨༦ ལོར་ཧྲང་ཧེ་གྲོང་ཁྱེར་དུ་ཞིབ་འཇུག་སློབ་གྲྭ་འདོན་སྐབས། ང་རང་སློབ་མའི་ལས་འགུལ་གྱིས་ཇུས་འགོད་དང་སྒྲིག་འཛུགས་བཟོ་མཁན་གྱི་གྲས་ཡིན། དུས་སྐབས་དེ་ཏག་ཏག་སྲིད་བློན་འདས་པོ་དམ་པ་ཧུའུ་ཡོ་པཱང་ལགས་རྒྱ་ནག་ནང་ཁུལ་གྱི་དྲག་པོའི་ཕྱོགས་ཁག་གིས་ལས་སྣེ་ནས་ཕྱིར་ཕུད་བྱས་པའི་སྐབས་ཡིན་ཞིང༌། དེའི་རྗེས་ང་རང་ཀོང་ཀྲུའུ་ཀྲོང་ཧྲན་སློབ་གྲྭ་ཆེན་མོའི་ནང་དགེ་རྒན་བྱས་ཡོད་སྐབས་ཤིག་ལ། སྲིད་བློན་འདས་པོ་དམ་པ་ཧུའུ་ཡོ་པཱང་ལགས་གློ་བུར་དུ་འདས་གྲོངས་སུ་ཕྱིན་པའི་བརྡ་འབྱོར་སོང༌། དེར་བརྟེན། སྤྱི་ལོ་ ༡༩༨༩ ལོར་རྒྱལ་ཡོངས་རང་བཞིན་གྱི་དམངས་གཙོའི་ལས་འགུལ་ཆེན་མོ་དེ་བྱུང་བ་རེད། སྐབས་དེར་ང་ཀོང་ཀྲུའུ་གྲོང་ཁྱེར་སློབ་མའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་མཁན་ཡིན་སྟབས། སྲིད་གཞུང་གིས་དྲག་གནོན་བྱས་ཏེ་ལས་འགུལ་ཞི་འཇགས་བཏང་རྗེས་སྔ་ཕྱིར་ལོ་ ༥ རིང་ལ་ང་བཙོན་དུ་འདུག་དགོས་བྱུང་བ་དང༌། དེའི་རྗེས་བཙོན་གྲོལ་ཐོབ་སྟེ་ཨ་རིའི་ཁོལ་ལོན་སྤེལ་ རྙལྗལྒསྐལྔརྗརྩརྔ  སྐལྕརྩསྒརྡལྤལྦརྩལྷསྟ སློབ་ཆེན་ནང་རྩོམ་རིག་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་ཅིང༌། གོ་སྐབས་དེ་དང་བསྟུན་ནས་ཨ་རིའི་ནང་གཏན་དུ་བཙན་བྱོལ་གྱི་འཚོ་བ་རོལ་དགོས་བྱུང༌། དེ་ནས་ད་ལྟའི་བར་ནུས་ཚོད་འཇོན་ཚོད་ཀྱིས་དམངས་གཙོ་དང་མིའི་ཐོབ་ཐང་གི་ཐད་ལས་འགུལ་སྤེལ་རྒྱུ་དང་རྩོམ་ཡིག་རེ་འབྲི་བཞིན་ཡོད། བརྙན་འཕྲིན་དང་དྲ་ལམ་བརྒྱུད་དེ་རྒྱ་ནག་མི་མང་ལ། གཞུང་ཕྱོགས་ཀྱི་བཙན་གནོན་དང་སྲིད་དབང་སྒེར་འཛིན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱ་དགོས་པའི་རྟོགས་སད་ཀྱི་སྐུལ་སློང་བྱེད་ཀྱིན་ཡོད། 

 

དྲི་བ། དེང་སྐབས་འཛམ་གླིང་གི་ཡར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོ་དམངས་གཙོར་གྱུར་ཡོད་ལ། རྒྱལ་ཁབ་གཞན་དག་ཀྱང་དམངས་གཙོའི་སྲིད་བྱུས་ལ་ཁ་ཕྱོགས་ཀྱིན་ཡོད་སྟབས། ད་ལྟའི་རྒྱ་ནག་གི་གནས་སྟངས་ལ་གཞིགས་ན་མ་འོངས་པར་རྒྱ་ནག་དམངས་གཙོར་འགྱུར་ཐུབ་པར་རེ་བ་མཐོང་གིན་འདུག་གམ།

ལན། རྒྱ་གཞུང་གིས་མི་ལོ་ ༣༠ རིང་དཔལ་འབྱོར་བསྒྱུར་བཅོས་བྱས་ཡོད་ཀྱང༌། ཆབ་སྲིད་ལ་བཅོས་བསྒྱུར་གང་ཡང་བཏང་མེད། གཞུང་ཕྱོགས་ཀྱི་དབང་ཆར་ཕན་ཚུན་གྱི་ལྟ་སྐུལ་དང་རྒྱབ་སྐྱོར་མེད་པ་མ་ཟད། ཁྲིམས་འཛིན་རང་དབང་དང༌། གསར་འགྱུར་རང་དབང་མེད་སྟབས། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཛ་དྲག་ཏུ་འགྱུར་བ་དང༌། གཞུང་འཛིན་མི་སྣ་དང་ཚོང་ལས་ཁེ་གཉེར་བའི་བར་དབང་ཆ་དང་རྒྱུ་ནོར་གྱི་འབྲེལ་ལམ་དམ་ཟབ་ཆགས་ཏེ། སྔར་ལས་ལྷག་པར་གཞུང་གི་དབང་འཛིན་མི་སྣ་ཚོ་འབྱོར་ལྡན་དུ་གྱུར་ཅིང༌། དབང་ཆ་མེད་པའི་མི་དམངས་དུས་ནམ་ཡང་དབུལ་བོར་གནས་ཡོད། ང་ཚོས་རྒྱ་ནག་མི་མང་ལ་གོ་རྟོགས་སྤེལ་ཏེ། རང་དབང་བརྩོན་ལེན་དང་རྩ་བའི་སྲིད་ཇུས་ལ་འཕོ་འགྱུར་གཏོང་བར་འཐབ་རྩོད་བྱ་དགོས། གནད་དོན་འདི་ནི། གཞུང་འཛིན་མི་སྣར་འདོད་བློ་ཡོད་མེད་ཀྱི་གནད་དོན་མ་ཡིན་པར་མང་ཚོགས་ལ་འདོད་བློ་ཡོད་མེད་ཀྱི་གནད་དོན་ཡིན་ལ། རྒྱ་ནག་མི་དམངས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུའི་གནད་དོན་ཡང་རེད། རྒྱ་ནག་ནི་མི་གྲངས་དུང་ཕྱུར་ ༡༣ གྱི་རྒྱལ་ཁབ་ཡིན་པ་ལས་ཏང་ཡོན་ ༧༠༠༠ ཙམ་གྱི་རྒྱལ་ཁབ་མིན། དུང་ཕྱུར་བཅུ་གསུམ་གྱིས་རྒྱ་ནག་གི་ལས་དབང་ཐག་གཅོད་དགོས་པ་དེ་རྒྱལ་སྤྱིའི་སྟེང་གི་ཡོངས་ཁྱབ་རང་བཞིན་རེད།

 

དྲི་བ།  ལོ་སྔོན་མར་༧གོང་ས་མཆོག་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་ཆུང་དུ་འགྲོ་བཞིན་ཡོད་ཀྱང༌། རྒྱ་ནག་མི་དམངས་ལ་བཅིངས་པའི་རེ་བ་དང་ཡིད་ཆེས་ལ་ནམ་ཡང་འགྱུར་བ་མེད་ཅེས་གསུངས་ཡོད་སྟབས། ང་ཚོས་ཐབས་ལམ་གང་འདྲ་ཞིག་ལ་བརྟེན་ཏེ་རྒྱ་ནག་མི་དམངས་དང་འབྲེལ་བ་ཟབ་ཏུ་གཏོང་དགོས་སམ། 

ལན།  ཏཱ་ལའི་བླ་མ་རྒྱ་གཞུང་ལ་ཡིད་ཆེས་བརླག་འགྲོ་བ་དེ་ཡོང་སྲིད་པ་ཞིག་རེད། གང་ཡིན་ཟེར་ན། རྒྱ་གཞུང་གིས་ད་ལྟའི་བར་ལྷག་བསམ་རྣམ་དག་གིས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་ལ་འབྲེལ་མོལ་བྱས་མེད།  ད་ལྟ་གཞུང་ཕྱོགས་ནས་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་ལམ། ཚགས་ཤོག་དང་དུས་དེབ། སློབ་མའི་སློབ་དེབ་ཡོངས་རྫོགས་ལ་སྟངས་འཛིན་ནན་མོ་བྱས་ཏེ། མི་དམངས་ཀྱི་ཀླད་པར་འགུལ་སྐྱོད་ཀྱི་གོ་སྐབས་ནམ་ཡང་སྤྲད་མྱོང་མེད་ལ། རྒྱ་ནག་མི་དམངས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་དང་འཛམ་གླིང་གི་དམངས་གཙོའི་འཕེལ་རིམ་ཤེས་བའི་གོ་སྐབས་ནམ་ཡང་སྤྲད་མེད། ང་ཚོས་རྒྱ་ནག་མི་དམངས་ལ་རྟོག་སད་ཀྱི་སྐུལ་སློང་བྱ་རྒྱུ་དེ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚང་མའི་ལས་འགན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། བོད་མི་ཚོས་ཐོག་མར་ཕྱི་ཕྱོགས་ཀྱི་རྒྱ་རིགས་ཚོར་འབྲེལ་བ་བྱ་དགོས། ཕྱི་ཕྱོགས་ཀྱི་རྒྱ་རིགས་དག་ལ་རྒྱ་གཞུང་གི་སློབ་གསོ་སྤྲད་ཡོད་སྟབས། འབྲེལ་ལམ་འཛུགས་རྒྱུ་ཅུང་དཀའ་ལས་ཁག་པོ་ཡོད་ཀྱང༌། རིམ་གྱིས་ཁོང་ཚོར་འགྱུར་བ་ཐེབས་སྲིད་པ་རེད། དྲ་བའི་བརྒྱུད་ལམ་ཁག་ནས་རྒྱ་ནག་ནང་ལོགས་ཀྱི་རྒྱ་རིགས་ཚོར་བོད་མིའི་མངོན་འདོད་གང་ཡིན་ཤེས་པར་བྱས་ཏེ། གཞུང་ཕྱོགས་ནས་བོད་མིས་རང་བཙན་རྩོད་ཀྱིན་ཡོད་པའི་འཁྱོག་བཤད་དེར་ཐེར་འདོན་དང་གསལ་བཤད་བྱ་དགོས།

 

དྲི་བ། སྐུ་ཉིད་ཀྱིས་དུས་ནམ་ཞིག་ནས་ཏཱ་ལའི་བླ་མ་ངོ་ཤེས་པ་དང། ཁོང་ཉིད་ཅི་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་དམ།

ལན། སྤྱི་ལོ་ ༢༠༠༣ ལོར་ཐོག་མར་ཏཱ་ལའི་བླ་མར་ཐུག་འཕྲད་ཀྱི་གོ་སྐབས་བྱུང༌། ད་ལོ་ཐུག་འཕྲད་བྱུང་བ་ཐེངས་གསུམ་པ་དེ་ཡིན། ངས་ཏཱ་ལའི་བླ་མ་རྒྱ་ནག་གཞུང་འཛིན་པ་དང་མི་འདྲ་བའི་ཁྱད་པར་ཆེན་པོ་གཉིས་མཐོང་སོང༌། དང་པོ། ཏཱ་ལའི་བླ་མས་དུས་ནམ་ཡང་དྲང་བདེན་དང་དངོས་ཡོད། མངོན་འགྱུར་ཐུབ་པའི་གནས་ལུགས་ཁོ་ན་བཤད་ཀྱིན་ཡོད། འདི་ནི་རྒྱ་ནག་གཞུང་འཛིན་པ་ཚོས་རྟག་པར་རྫུན་གཏམ་དང་དཀྲོགས་གཏམ་བཤད་ཀྱིན་ཡོད་པ་དང་མི་འདྲ་བའི་ཆ་གཅིག་རེད། གཞན། ཏཱ་ལའི་བླ་མས་དུས་ནམ་ཡང་འགྲོ་བ་མིའི་རིགས་ལ་བཟོད་པ་དང་བྱམས་སྙིང་རྗེ། བདེན་དོན་གྱི་སྣེ་འཁྲིད་བཞིན་ཡོད། རྒྱ་ནག་གཞུང་འཛིན་པ་ཚོས་དུས་ནམ་ཡང་འགྲན་རྩོད་དང་འཁོན་འཛིན་ཁོ་ན་སེམས་ཕུགས་སུ་ཉར་ཡོད། ༧ཏཱ་ལའི་བླ་མས་དབུ་མའི་ལམ་བདམས་དོན་ཐད། ང་རང་དམངས་གཙོ་དོན་གཉེར་བ་ཞིག་ཡིན་པའི་ཆ་ནས་མོས་མཐུན་བྱས་ཀྱང་ཆོག་ལ་མ་བྱས་ཀྱང་ཆོག ཏཱ་ལའི་བླ་མས་བོད་ཀྱི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས། སྐད་ཡིག་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་རང་བཙན་བློས་བཏང་སྟེ། རྒྱ་ནག་གི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་འདོད་པའི་རེ་འདུན་བཅིངས་ཡོད།

 

དྲི་བ། སྐུ་ཉིད་ནས་ད་ལྟའི་བར་རྒྱ་ནག་དམངས་གཙོའི་ལས་དོན་ཀྱི་ཐད་ནུས་པ་བཏོན་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ཕྱོགས་ལའང་དོ་སྣང་དང་ཐུགས་ཁུར་གནང་མཁན་ཞིག་ཆགས་ཡོད་སྟབས། མ་འོངས་པར་བོད་དོན་ཐད་ཕྱག་ལས་གང་འདྲ་གནང་འཆར་ཡོད་དམ།

ལན། ད་ལྟ་རྒྱ་གཞུང་གིས་དྲག་ཆས་དམག་མིའི་སྟོབས་ཤུགས་དང༌། ཉེན་རྟོགས་མི་སྣའི་སྟོབས་ཤུགས་བེད་སྤྱད་དེ། དྲག་པོའི་ཐོག་ནས་མི་མང་ལ་གནོན་ཤུགས་དང་ཁོར་ཡུག་དམ་དྲག བཀུར་འོས་པའི་རྒྱ་ཆེའི་མི་དམངས་དང་དཔལ་ཡོན་ལྡན་པའི་འཛམ་གླིང་ལ་ཁ་གཏད་གཅོག་གིན་ཡོད། སྤྱིར་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་རིགས་ཤེས་ལྡན་པ་དག་ཀྱང་རྒྱ་གཞུང་གི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བ་ཤ་སྟག་ཡིན་སྟབས། རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་བའི་ལས་འགུལ་འདི་ཧ་ཅང་དཀའ་ཁག་ཅན་ཞིག་ཡིན་རུང༌། ང་ཚོས་རྒྱ་ནག་གཞུང་གི་སྟོབས་ཤུགས་དང༌། འཇམ་རྩུབ་གཉིས་ཀྱིས་གཡོ་བྱུས་ལ་མ་བལྟས་པར་དམངས་གཙོ་དང༌། རང་དབང་དེ་མིའི་རིགས་ཀྱི་རིན་ཐང་དང༌། འཛམ་གླིང་ཡོངས་ཀྱི་རེ་སྙེགས། མཐར་ཐུག་གི་བདེ་སྐྱིད་ལ་ཡིད་ཆེས་པའི་ཐོག་ནས་འཐབ་རྩོད་རྒྱུན་སྲིང་ཐུབ་དགོས། དེ་ལྟར་བྱས་ན། ང་ཚོས་རྒྱ་ནག་ནང་ཁུལ་གྱི་མི་དམངས་ལ་རྟོག་སད་དང་རྒྱ་ནག་མི་དམངས་ལ་རང་ཉིད་ཀྱི་གཞུང་ངོ་སྤྲོད། འཛམ་གླིང་གི་འགྱུར་འགྲོས་རྟོགས་རྒྱུར་འབོད་སྐུལ། མིའི་རིགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད།

 

དྲི་བ། རྒྱ་གཞུང་གིས་སྔར་ལོའི་བོད་ནང་གི་ངོ་རྒོལ་ལས་འགུལ་དེ་དག་དྲག་པོའི་ལས་འགུལ་ཞིག་ཏུ་བརྗོད་ཀྱིན་ཡོད། སྐུ་ཉིད་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་སྔར་ལོའི་བོད་ནང་གི་ཡར་ལངས་དེར་ལྟ་ཚུལ་ཞིག་བརྗོད་རོགས།

ལན། ངས་བོད་མི་རིགས་ནི་ནང་ཆོས་ལ་དད་པའི་མི་རིགས་ཤིག་དང༌། བོད་རྒྱལ་ཁབ་ནི་ཆོས་དང་འབྲེལ་བའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། བོད་ཀྱི་ཆོས་ལུགས་འདི་ནི་བཟོད་སྒོམ་དང ཞི་བདེ། འཚེ་བ་མེད་པ་གཙོ་བོར་འཛིན་པའི་ཆོས་ལུགས་ཤིག་ཡིན་སྟབས། དྲག་པོའི་ལས་འགུལ་སྤེལ་གྱིན་ཡོད་པ་རེད་ཅེ་ན་སུ་ཞིག་གིས་ཀྱང་ཡིད་ཆེས་བྱེད་པ་མ་རེད། དངོས་བྱུང་ལོ་རྒྱུས་ལས་ཤེས་བ་བཞིན་སྤྱི་ལོ་ ༡༩༥༩ ལོའི་ཡར་སྔོན་དང་ ༡༩༨༩ ལོ། དེ་བཞིན་ ༢༠༠༨ ལོའི་ཞི་རྒོལ་སོགས་གང་ལ་བལྟས་ཀྱང༌། དྲག་པོའི་བྱ་སྤྱོད་དེ་རྒྱ་གཞུང་གི་ཕྱོགས་ནས་ཡོང་གིན་ཡོད། ཐོག་མར་དྲག་ཆས་དམག་མི་བོད་པར་བརྫུས་ཏེ། དྲག་པོའི་བྱ་སྤྱོད་སྤེལ་རྗེས་བོད་རིགས་མི་དམངས་ཀྱིས་དྲག་པོའི་ལས་འགུལ་སྤེལ་གྱིན་ཡོད་པའི་དཀྲོགས་གཏམ་ཁྱབ་བསྒྲགས་བྱས་པ་རེད། འདི་དག་ཚང་མར་བདེན་དཔང་གསལ་བོ་ཡོད་ཀྱང༌། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཞིབ་འཇུག་གི་ཐོབ་ཐང་སྤྲད་མེད། སུ་ཞིག་དཔལ་ཡོན་ལྡན་པ་དང་སུ་ཞིག་རྨོངས་འཐོམ་ཡིན་པ། སུ་སྔོན་ཐོན་དང་སུ་རྗེས་ལུས་ཡིན་པ། སུ་ཞིག་ཞི་བདེ་དང་སུ་ཞིག་དྲག་སྤྱོད་ཡིན་པ་ཕལ་ཆེར་རྒྱ་ནག་གི་མི་མང་པོ་ཞིག་གིས་ཀྱང་ཤེས་ཡོད་པ་རེད། རྒྱ་ནག་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཡིན་ཡང༌། འདུ་ཤེས་འཛིན་སྟངས་ཀྱི་ཐད་ནས་དུས་ནམ་ཡང་ཁེར་རྐྱང་དུ་གནས་ཡོད།

 

དྲི་བ། རྒྱ་གཞུང་གིས་སྔར་ལོའི་བོད་ནང་གི་ཞི་རྒོལ་དེར་ཏཱ་ལའི་བླ་མས་བརྒྱུད་སྐུལ་དང༌། ཡུལ་གྱར་སྲིད་གཞུང་གིས་ལྐོག་ཇུས་འཐེན་ཡོད་ཚུལ་བརྗོད་ཀྱིན་ཡོད་སྟབས། སྐུ་ཉིད་ལ་དེ་འདྲའི་དོགས་པ་རྣམ་རྟོག་ཡོད་མེད་དང༌། དེ་ལྟ་བའི་མི་དམངས་སྒེར་ལངས་ཆེན་པོ་ཞིག་བྱུང་དགོས་པའི་རྒྱུ་རྐྱེན་གང་ལ་ངོས་འཛིན་བྱེད་ཀྱིན་ཡོད་དམ།

ལན། ལོ་སྔོན་མར་བོད་མིའི་ཞི་རྒོལ་བྱུང་བའི་རྒྱུ་རྐྱེན་དང༌། དེ་ལ་ལྐོག་ཇུས་འདོན་མཁན་སུ་ཡིན་གྱི་རྩོམ་ཡིག་མང་པོ་བྲིས་ཡོད་ལ། དེའི་ཐད་ཀྱི་རྩོམ་ཡིག་བཀྲམས་མཁན་ཐོག་མ་དེ་ཕལ་ཆེར་ང་རང་ཡིན་དྲན་ཡོད། རྒྱ་ནག་གཞུང་གི་བྱེད་སྟངས་གང་མང་ཞིག་དངོས་ཡོད་དང་རིང་དུ་གྱེས་ཡོད་སྟབས། སྔ་གཞུག་ཙམ་མ་གཏོགས་འདི་ལྟ་བུའི་སྒེར་ལངས་འབྱུང་རྒྱུ་ཡིན་པ་ཧ་ཅང་གསལ་བོ་རེད། སྤྱི་ལོ་ ༡༩༨༩ ལོར་རྒྱ་ནག་གཞུང་འབྲེལ་གྱི་གསར་འགོད་པ་ཞིག་གིས་ཟིན་ཐོར་གནས་སྟངས་གསལ་བོར་བཀོད་ཡོད་ལ། ༢༠༠༨ ལོར་ཡང་དམག་མི་འབོར་ཆེན་གྱིས་དྲག་གནོན་དང༌། མང་པོ་ཞིག་འཛིན་བཟུང་བྱས་ཡོད། བདེན་དཔང་མང་པོ་ཞིག་གིས་སྐབས་དེའི་ངའི་དབྱེ་ཞིབ་རྩོམ་ཡིག་ལ་ནོར་འཁྲུལ་ཅི་ཡང་མེད་པ་བསྒྲུབ་འདུག རྗེས་ནས་རིམ་བཞིན་འདིའི་སྐོར་གྱི་རྩོམ་ཡིག་མང་པོ་ཞིག་སླེབས་སོང༌། སྐབས་དེའི་གནས་སྟངས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་ནན་ཏན་བྱས་ན། ལྐོག་ནས་གཡོ་ཇུས་འཐེན་མཁན་ངོ་མ་དེ་སུ་ཡིན་གསལ་བོར་རྟོགས་ཐུབ་པ་ཞིག་རེད།

 

དྲི་བ། བོད་བཙན་བྱོལ་སྤྱི་ཚོགས་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་དང་སྒྲིག་འཛུགས་ཁག་ཅིག་གིས་རང་བཙན་རྩོད་ཀྱིན་ཡོད་ལ། ཏཱ་ལའི་བླ་མས་དབུ་མའི་ལམ་གྱི་སྲིད་བྱུས་སྟེང་བོད་ཀྱི་བདེན་མཐའ་སེལ་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད་སྟབས། སྐུ་ཉིད་ཀྱིས་ཕྱོགས་གང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་དམ།

ལན། བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་དམངས་གཙོའི་གོང་བུ་ཞིག་ཆགས་ཡོད་པ་དང༌། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱིས་ཡང་དག་པའི་དམངས་གཙོའི་གཞུང་ཞིག་འཛུགས་ཐུབ་ཡོད། ཏཱ་ལའི་བླ་མའི་དབུ་མའི་ལམ་དང་གཞོན་ནུ་ཚོགས་པའི་རང་བཙན་རྩོད་ཀྱིན་ཡོད། བྱེད་ཐབས་མི་འདྲ་བ་དང་སྲིད་བྱུས་མི་འདྲ་བ་འདི་དག་གིས་དམངས་གཙོའི་ལམ་སྲོལ་ནང་ལྟ་བ་མི་འདྲ་བ་ཡོད་ཆོག་པ་ལྟར། བོད་རིགས་མི་དམངས་ལའང་དམངས་གཙོའི་འདུ་ཤེས་བརྟན་པོ་ཆགས་ཡོད་པ་གསལ་སྟོན་བྱས་ཡོད། རྒྱ་ནག་གཞུང་གིས་རང་བཙན་དང་དྲག་སྤྱོད་པ་གཞི་གཅིག་དང༌། ངོ་རྒོལ་དང་དྲག་སྤྱོད་པ་གཞི་གཅིག་ཏུ་བསྲེས་ཏེ། ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད་པ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་རེད། ཏཱ་ལའི་བླ་མའི་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་སྲུང་སྐྱོབ། བོད་མི་མང་གི་དཀའ་ངལ་སེལ་རྒྱུ་བཅས་ལ་འབད་བརྩོན་བྱེད་ཀྱིན་ཡོད་པ་དང༌། དབུ་མའི་ལམ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན་སྟབས། ངས་མཐའ་གཅིག་ཏུ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

 

དྲི་བ། སྐུ་ཉིད་ཐེངས་འདིར་བཙན་བྱོལ་སྤྱི་ཚོགས་ནང་ཡོང་སྟེ། ཏཱ་ལའི་བླ་མར་ཐུག་འཕྲད་བྱས་ཡོད་པ་དང༌། བཙན་བྱོལ་སྤྱི་ཚོགས་ལ་རྒྱུས་ལོན་མི་ཉུང་བ་ཞིག་བྱུང་ཡོད་སྟབས། སྤྱི་ཚོགས་འདིས་ཁྱེད་ལ་བག་ཆགས་གང་འདྲ་ཞིག་བཞག་སོང་ངམ།

ལན། རྒྱ་ནག་གི་ཁ་དཔེར། རྣ་ཐོས་བརྒྱ་ལས་མིག་མཐོང་གཅིག་དགའ་ཟེར་བ་བཞིན། ཐེངས་འདི་ནི་ང་རང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ངྷ་རམ་ས་ལར་ཡོང་ཐེངས་ཐོག་མ་དེ་ཡིན། གནས་འདིར་སླེབས་པ་ནས་ང་ལ་ཡིད་སྐྱོ་བའི་ཚོར་སྣང་ཞིག་བྱུང་བ་དང་མཉམ་དུ་སྐུལ་སློང་ཞིག་ཀྱང་བྱས་སོང༌། ཡིད་སྐྱོ་བའི་གནས་ནི། བོད་མི་ཚོ་རང་ཉིད་ཀྱི་ཕ་ཡུལ་དང་ཁ་བྲལ་ཏེ་མིའི་ལུང་པར་བཙན་བྱོལ་གྱི་འཚོ་བ་རོལ་དགོས་པ་དེ་རེད། དེ་བཞིན་ཕ་མ་མེད་པའི་དྭ་ཕྲུག་དེ་དག་གིས་རང་ཡུལ་དང་ཕ་མ་བསྐྱུར་ཏེ། གནས་འདི་རུ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་འབད་བརྩོན་བྱེད་ཀྱིན་ཡོད་པ་འདི་མཐོང་སྐབས། རྒྱ་གཞུང་གིས་བོད་མི་རིགས་ལ་ཇི་འདྲའི་དཀའ་སྡུག་དང་ཇི་འདྲའི་མུན་ནག་གི་དུས་ཚོད་ཅིག་སྤྲད་པ་རེད་སྙམ། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་འདིས་ང་ལ་སྐུལ་མ་བཏང་བྱུང༌། དེ་ནི་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱི་གྲུབ་འབྲས་འདི་རེད། ལྷག་པར་དུ་ཐེངས་འདིའི་ཚེས་ ༩ དང་ ༡༠ ཉིན་གྱི་མཛད་སྒོ་དེ་དག་ཧ་ཅང་གོ་རིམ་ལྡན་པ་དང༌། བོད་མི་རིགས་ཀྱི་རིག་གཞུང་སླར་གསོ་ཐུབ་པ་མངོན་པ་འདི་དག་གིས་ང་ལ་སྐུལ་མ་བཏང་སོང༌།

 

འབྲེལ་ཡོད་གསར་འགྱུར།

བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༡༣ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧

མཆན། 11

  1. ཨ་འཇིགས། says:
    ལོ་ 17 སྔོན།

    སྤྱིར་བཏང་རྒྱ་ཡི་རིགས་འདི་མགོ་བདེ་དྲན་འཕྲུལ་རྒོད་ལ་གཡོ་དང་སྨྱོ་ཧམ་ཆེ་བས། བོད་མི་དང་བོད་རྒྱལ་ཁབ་ལ་རྒྱུས་མངའ་ཅི་ཙམ་བྱུང་བ་དེ་ཙམ་གྱིས་རང་དོན་སྒྲུབ་རྒྱུ་ནི་བཤད་མ་དགོས་པ་ཞིག་རེད། དཔེར་ན། ང་ཚོ་འདི་ལྟར་བཙན་བྱོལ་དུ་གྱར་དགོས་ཐུག་པ་འདི་རེད། འབྲེལ་འདྲིས་བྱེད་རྒྱུ་ནི་ང་ཚོའི་ལས་འགན་རེད་ལ། དེ་ལས་གལ་ཆེ་བ་ནི་གཟབ་གཟབ་བྱེད་རྒྱུ་རེད།

    Reply
  2. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    གླིང་བུ་ལགས། སྐུ་ཞབས་ཝང་ལིས་ཞོན་གྱི་རྩོམ་ལ་ལྟོས་ཞེས་སྐུལ་བྱས་མྱོང་མོད། ཁྱོད་རང་ད་དུང་ཡིད་ཆེས་དང་ཁོའི་རྩོམ་ལ་བལྟས་རྗེས་དཔྱད་པ་གཏོང་རྒྱུར་མི་དགའ་བ་ཡིན་ནམ། དེ་རིང་ངའི་འདིར་ཁོང་གི་རྩོམ་ཡིག་དེ་དག་འཁྱེར་མེད། ཕྱིས་སུ་ངས་ཁྱོད་ཚོར་ཁོའི་རྩོམ་ཡིག་དེ་དག་དུས་དེབ་དང་ཚགས་སོགས་གར་ཡོད་གསལ་བྱེད་བྱོས་ཆོག གཞན་ཁྱོད་ཀྱིས་ཆུང་དུས་རྒྱ་མིས་བཟོས་པའི་གློག་བརྙན་ཀྲུང་གོ་དང་གོ་མིན་ཏང༌། ཡང་ན་ཀྲུང་གོ་དང་འཇར་པན་དམག་འཁྲུག་བྱེད་སྐབས། ཀྲུང་གོའི་གསང་མྱུལ་བ་དེ་དག་དྲན་གྱི་མི་འདུག་གམ། སྤྱིར་གློག་བརྙན་རེད་དེ། འདི་དའྲ་དངོས་ཡོད་གནས་ལ་ཧ་ཅང་མང་བ་མ་ཟད། ཉེ་སྔོན་བཞུགས་སྒེར་རྡ་ས་ནས་རྒྱ་མི་ཞིག་སྒོར་མོ་མེད་ཁུལ་གྱིས་སྐྱོ་མདོག་བྱས་པར་སྤྱི་འཐུས་རེས་རོགས་དངུལ་སྤྲད་ལ་སོགས་ཕྱིས་སུ་རྒྱ་མི་དེ་བཟུང་རྗེས་ད་གཟོད་ཤེས་རྟོགས་བྱུང་བ་དང༌། གཞན་སྔ་ལོར་ཀོ་རི་ཡའི་བུད་མོ་གཉིས་ཀྱང་བཟུང་མྱོང་བ་རྒྱ་གཞུང་གི་གསང་མྱུལ་བ་ཡིན་ཚུལ་གསར་ལམ་ཁག་ནས་མ་མཐོང་ངམ། རྒྱ་རིགས་ཡིན་ཚད་ཟེར་གི་མེད་མོད། ཝང་ལིས་ཞོན་ལྟ་བུར་ང་ཚོས་ནམ་ཡང་གཟབ་གཟབ་བྱ་དགོས་པར་སེམས་གཏིང་ནས་འདོད།

    Reply
  3. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ངའི་བསམ་ན་རྒྱ་གཞུང་གི་གསོས་ཕྲུག་ཞིག་གམ་རྒྱ་གཞུང་ཡིད་ཆེས་ཡོད་པའི་མི་ཞིག་ང་ཚོའི་འདིར་ཡོང་ནས་སྐད་ཆ་བྱེད་རྒྱུ་རེག་ཡོད་ན་དེ་ནི་་ཧ་ཅང་གི་རླབས་ཆེན་རེད།་ང་ཚོ་ཕྱི་གསལ་ནང་གསལ་ཡིན་པ་རྒྱ་གཞུང་གི་རྟོགས་ཐུབ་གྱི་རེད།་དེ་ལྟར་བྱུང་ན་ངོ་མའི་རླབས་ཆེན་མ་རེད་དམ།

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ང་ཚོའི་རྩོད་ལེན་བྱས་སའི་་རྒོལ་བ་རྒྱ་གཞུང་ཡིན་ཚང་རྒྱ་གཞུང་མི་དེ་དག་གི་སྐད་ཆ་ལ་རྒྱུས་ལོན་དང་རྟགས་དཔྱད་ནན་མོ་བྱས་ཏེ་འབྲེལ་འདྲེས་བྱེད་རྒུ་གལ་ཆེན་པོ་རེད།་་གང་གིས་ཕྱིར་ན།་་དང་པོ་རྩོད་ལེན་བྱས་བ་ལ་རྩོད་ལེན་བྱས་སའི་རྒོལ་བའི་འདོད་པ་དང་ཁས་ལེན་ཡག་པོ་ཤེས་དགོས་དེ་ལྟར་མ་ཤེས་པར་ང་ཚོ་ལ་བདེན་པ་ཡོད་ཟེར་ནས་སྐད་ག་ཚད་རྒྱབ་ཀྱང་ང་ཚོའི་བདེན་མཐའ་སེལ་མི་ཐུབ་པ་མི་བླུན་པོ་ཞི་ག་མིན་ན་མ་གཏོགས་སུ་ཀྱང་རྟོགས་སླ།་་ཁོ་ཚོ་རྒྱ་གཞུང་གི་མི་རེད་ཁོ་ཚོ་རྒྱ་མིའི་གསོས་ཕྲུག་རེད་ཟེར་ནས་མཁོན་འཛིན་དང་རྣམ་རྟོག་རྐྱང་རྐྱང་ཟ་བསྡད་ན་ཕན་འབྲས་གང་ཡང་སོན་གྱི་མ་རེད།དེའི་ཕྱིར།་་༧གོང་ས་མཆོག་གིས་ཡང་བོད་རྒྱ་མཛའ་འབྲེལ་ཚོགས་པ་འཛུགས་དགོས་པ་ཡང་ཡང་གསུངས་ཡོད་པ་ཐོས་ལོས་ཡོད་

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྒྱ་ནག་མི་རིགས་ཀྱི་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་ཡོད་པའི་རྒྱ་མི་ཤེས་ཡོན་ཅན་འདི་དག་གི་སྐད་ཆའི་ནང་དུ་ལེན་རྒྱུ་ཡོད་མེད་ང་ཚོས་བརྟག་དཔྱད་བྱས་ན་འགྲིག་པ་ལས། འདི་དག་གི་སྐད་ཆ་ལ་གདེང་འཇོག་བྱེད་པ་ནི་བོད་པ་ཚང་གི་ནོར་འཁྲུལ་ཁོ་ན་ཡིན།

    Reply
  6. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    ཝང་ལུས་ཞོན་དང་ཁོང་གི་སྐུ་ཟླ་འོད་ཟེར་གཉིས་ཀྱིས་བོད་དོན་སྐོར་བྲིས་འདྲ་འདྲ་ཡིན་ཀྱང་ཝང་ལུས་ཞོན་གར་འགྲོ་འདིར་འདུག་ལ་ཧ་ཅང་རང་དབང་ཆེ་ཞིང༌། འོད་ཟེར་ནི་དེ་ལྒོག་སྟེ་དམ་དྲམ་ཆེན་པོ་བྱེད་བཞིན་པས་ཀྱང་ཝང་ལུས་ཞོན་ཁོ་རང་རྒྱ་གཞུང་གི་གསོས་ཕྲུག་ཡིན་པ་མི་ཤེས་སམ། གང་ཞིག་ན་འགྲེལ་ལོག་ཅིག་འདུག ཁྲིན་ཕའོ་ཁོན་དང་ཀྲའོ་རེའེ་སོགས་ཀྱི་སྐད་ཆ་ཚང་མ་གླུ་བརྒྱ་གདངས་གཅིག་རེད་མི་འདུག་གམ། ཝང་ལུས་ཞོན་གྱི་རྩོམ་ཡིག་མང་དག་ཅིག་ཀློགས་དང་ཁོ་བ་གང་འདྲ་ཞིག་ཡིན་པ་མཁྱེན་ངེས་ཡིན།

    Reply
  7. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ཁོང་ནི་འདྲེ་ཡིན་ཀྱང་རུང་ལྷ་ཡིན་ཀྱང་རིང་ང་ཚོས་ཁོང་གི་སྐད་ཆའི་གནད་དོན་དང་རྒྱབ་ལྗོངས་ཀྱི་་ལེགས་ཆ་ལེན་དགོས་པ་དེ་བསམ་བློ་ཞིག་བ་ཞིག་འོས་འགན་རེད་ལ་གནད་འགག་ཞིག་ཀྱང་རེད།་དེ་ལས་ལྡོག་སྟེ་འགྲེལ་ལོག་རྐྱང་རྐྱང་རྒྱབ་བསྡད་ན་མཁས་པ་སུ་འདྲ་ཞིག་གི་དོན་སྙིང་ཅན་གྱི་སྐད་ཆ་ག་ཚད་བརྗོད་ཀྱང་རུང་མི་འདི་འདྲའི་རིགས་ལ་ཕན་འབྲས་ཞིག་ལེན་རྒྱུ་མེད་པ་རེད།

    Reply
  8. གངས་བུ། says:
    ལོ་ 17 སྔོན།

    འོན་ཀྱང་ཁྲིན་ཕའོ་ཁོན་ཁོང་ནི་ཕར་བལྟོས་ཚོད་ཀྱིས་གྲིབ་སྐྱོན་ཅན་གྱི་ནད་པ་ཞིག་ཡིན་པ་འདྲ་ཡང་ཁོའི་ཀླད་ཤུགས་ཀྱི་ནུས་བ་དེ་ངར་སེ་འདུག་ག།

    Reply
  9. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    ཝང་ལུས་ཞོན་བཟའ་ཟླ་གཉིས་ཀྱི་གྱི་རྩོམ་ཡིག་བསྒྱུར་བསྒྲགས་དང་རྒྱ་རིགས་འགའ་འདི་གར་སླེནས་དུ་འཚང་ཁ་ཤུག་ཤུག་གིས་བཅར་འདི་བྱེད་པ་སོགས་ནི་སྤྱིར་ཅུང་ཙམ་ཕན་སྲིད་ནའང་ཐང་མོད། འོན་ཀྱང་ཅུང་ཙམ་ཨག་གསར་ཡང་ཆེ་ཚོད་དུ་འདུག་སྙམ། འདི་ང་རང་གི་བསམ་ཚུལ་ཙམ་ཡིན། དགོངས་པ་མ་འཚོམས།་འོན་ཀྱང་ཝང་ལུས་ཞོན་གྱི་རྩོམ་ལས་ང་ཚོས་ཉམས་འཇོག་དགོས་ས་གང་མང་འདུག ངས་ནི་རྒྱ་རྒན་འདི་རྒྱ་གཞུང་གི་གསོས་ཕྲུག་ཅིག་ཏུ་ངོས་འཛིན་བྱེད་ཀི་ཡོད།

    Reply
  10. གངས་བུ། says:
    ལོ་ 17 སྔོན།

    དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་གཅིག་རྗེས་གཉིས་མཐུད་དུ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སླེབས་བཞིན་འདུག་ན་འདིའི་ཕྱོགས་ལ་ང་ཚོའི་གཞུང་ངོས་ནས་ལྟ་སྟངས་ཇི་ཙམ་འཛིན་གྱི་ཡོད་མེད་མི་ཤེས་མོད། གང་ལྟར་གང་ཟག་སྒེར་ཞིག་གི་བསམ་ཚུལ་ཡིན་ཡང་རུང་ཁྱི་སྤྱང་ངན་འབྲེལ་གྱི་སྲིད་ཇུས་ཤིག་ཡིན་ཡང་རུང་གང་ལྟར་ང་ཚོའི་ངོས་ནས་ཡང་མུ་མཐུད་དུ་འབྲེལ་ལམ་ཡག་པོའི་སྒོ་ནས་བེད་སྤྱོད་གཏོང་རྒྱུ་དང་ཡང་ན་ཁོང་ཚོའི་དམིགས་ཡུལ་རྒྱབ་ལྗོངས་དེ་ཤེས་རྟོགས་ཡོང་རྒྱུ་གལ་ཆེན་པོ་རེད། མ་གཞིར་ཁོང་ཚོ་རྒྱ་ནག་གུང་ཁྲན་གྱི་འོག་ནས་མནར་གཅོད་མྱངས་མཁན་ཤ་རྟགས་ཡིན་ན་གུང་ཁྲན་ལ་བློ་ལོག་པ་དང་གུང་ཁྲན་གྱི་བྱེད་ལུགས་ལ་ཐེར་འདོན་བྱེད་མཁན་ཡིན་པ་སྨོས་མེད་ཐོག་ང་ཚོའི་ལག་ཡ་དང་གུང་ཁྲན་ལ་འཐབ་རོགས་བྱས་ན་མི་འགྲིག་པ་འེ་ཡོད་སྙམ།།

    Reply
  11. dolmakyab says:
    ལོ་ 17 སྔོན།

    thanks for the works and i will write in tibetan soon.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese