མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༨༦ གསུམ་བཅུའི་དུས་དྲན་ཐེངས་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    བོད་ཕྱི་ནང་ལ་འཁོད་པའི་རང་རིགས་སྐྱ་སེར་རྒན་གཞོན་མཐའ་དག་ལ༑ གངས་ཅན་བོད་མི་མང་གིས་རང་དབང་ཐོབ་ཐང་སྐྱར་གསོ་རྩོད་ལེན་བྱེད་པའི་ལས་འགུལ་ཆེན་པོ་ཞིག་བརྩམས་ནས་ད་ཕན་ལོ་ཉི་ཤུ་རྩ་བདུན་འཁོར་འགྲོ་གི་ཡོད་པ་རེད། ང་ཚོའི་བོད་མི་རིགས་ནི་ལྷག་བསམ་ལྡན་པ། ཡ་རབས་གཤིས་བཟང་ལྡན་པ། རྣམ་དཔྱོད་ཤེས་རབ་ལྡན་པའི་མི་རིགས་ཤིག་ཡིན་ཅིང༌། ད་ལྟ་འཛམ་གླིང་འདིའི་ནང་གི་མི་རིགས་འདྲ་འདྲའི་ནང་ནས་གཞུང་བཟང་ཚད་འཛིན་འོས་པའི་མི་རིགས་ཤིག་ཡིན་ངེས། དེ་འདྲའི་མི་རིགས་འདིས་ཉེ་བའི་ཆར་མི་རིགས་རང་ཉིད་ཀྱི་ཐོབ་ཐང་གི་དོན་དུ་དཀའ་ཚེགས་ཆེན་པོ་དྭང་དུ་བླངས་ནས་མི་གྲངས་ས་ཡ་བརྒལ་བ་དུས་མིན་འཆི་རྐྱེན་དུ་གྱུར། མི་མང་པོ་ཞིག་གི་ལུས་སེམས་ཐོག་དཀའ་སྡུག་མཐའ་ཡས་པ་ཞིག་མྱངས་པའི་རླབས་ཆེན་གྱི་མི་དེ་དག་ལ་ད་རིང་ང་ཚོས་རྗེས་དྲན་བྱེད་རྒྱུ་དང༌། མ་འོངས་པ་ལ་ཡང་དེ་ལྟ་བུའི་བྱས་རྗེས་ལྡན་པའི་མི་རིགས་ཀྱི་དཔའ་བོ་དཔའ་མོ་དེ་རྣམས་ཀྱི་དམིགས་ཡུལ་དང༌། རེ་འདུན་གང་ཡོད་པ་དེ་དག་ང་ཚོས་མཇུག་མཐུད་ནས་འགྲུབ་པའི་འབད་བརྩོན་བྱེད་དགོས་པས་ཚང་མས་སྔར་བཞིན་ལྷག་བསམ་ཞུམ་པ་མེད་པའི་སྙིང་སྟོབས་ཇེ་ཆེར་སྐྱེད་རྒྱུ་ཤིན་ཏུ་གལ་ཆེ།

    ལྷག་པར་ཉེ་དུས་བོད་ནང་ཕྲན་བུའི་གནས་ཚུལ་བཟང་དུ་འགྲོ་གི་ཡོད་ན་ཡང༌། ཚང་མས་ང་རང་ཚོའི་ཐོག་མའི་དམ་བཅའ་བརྟན་པོ་སྙིང་ལ་བཀོད་པ་དེ་ནམ་ཡང་མི་བརྗེད་པ་དང༌། འགྱུར་བ་མེད་པར་གནས་ཀྱི་ཡོད་པ་དེ་བསྔགས་པར་འོས་པ་ཞིག་ཡིན་པས། ངོས་ནས་དེ་རིང་གི་གོ་སྐབས་འདིར་རྗེས་སུ་ཡི་རངས་དང༌། ཐུགས་རྗེ་ཆེ་ཞུ་གི་ཡོད།

    བོད་ནི་ས་བབ་དང༌། མི་རིགས། རིག་གཞུང་གང་ཅིའི་ཆ་ནས་རྒྱལ་ཁབ་གཞན་དག་གང་ཞིག་ལས་ཐ་དད་ཡིན་ཀྱང༌། ད་ལྟའི་གནས་བབ་མི་སེར་སྤེལ་ཡུལ་ཞིག་ཏུ་ཆགས་ཡོད། བོད་མི་ཚོ་ཕྱི་མིའི་བཙན་འོག་ཏུ་སྡོད་འདོད་མེད་པ་བོད་དུ་ལྟ་སྐོར་འགྲོ་མཁན་གཟུར་གནས་ཕལ་མོ་ཆེར་མཐོང་ཚུལ་བྱུང་བཞིན་པ་ལྟར་རེད།

    བོད་ཀྱི་བདེན་དོན་བསྒྲུབ་རྒྱུ་འདི་ཕྱི་ནང་རྒྱུ་རྐྱེན་མང་པོ་ཞིག་འཛོམས་པའི་ཐོག་ནས་ཡོང་དགོས་པ་དང༌། གཙོ་ཆེར་མི་རིགས་རང་ཉིད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང༌། ལྷོད་པ་མེད་པའི་བརྩོན་འགྲུས་ལ་ལྟོས་པ་ཡིན་པས། མཐར་ཐུག་གི་དམིགས་ཡུལ་བཟང་པོ་མ་འགྲུབ་བར་དུ་ཚང་མས་སྔར་བཞིན་ཞུམ་པ་མེད་པའི་སྙིང་སྟོབས་རྒྱུན་བཅངས་ཐོག་ནས་འཕྲལ་སེལ་གྱི་བདེ་བ་ཅུང་ཟད་ལ་ཆོག་ཤེས་དང༌། ལྷོད་ཡངས་བག་མེད་ཀྱི་དབང་དུ་ནམ་ཡང་མ་སོང་བ་ཞིག་ངེས་པར་དུ་བྱེད་དགོས།

    ད་ལྟའི་གནས་སྐབས་འདིར་དམིགས་བསལ་གྱི་གསལ་བཤད་དྲན་སྐུལ་བྱེད་དགོས་པ་ཞིག་ལ། སོ་སོའི་མི་རིགས་ཀྱི་རྣམ་པ་ཟུར་དོད་ཡོང་བའི་རྒྱུ་མཚན་གཙོ་བོ་གཅིག་རང་གི་རིག་གཞུང་འདི་དག་ཡིན་པས། སོ་སོའི་སྐད་ཡིག་དང༌། དེ་ལ་བརྟེན་པའི་རིག་གཞུང་ཆེ་ཆུང་ཁག ཐ་ན་གྱོན་གོས་ཆ་ལུགས། རྒྱུན་གྱི་གོམས་གཤིས་བཟང་པོའི་རིགས་བཅས་པ་དེ་དག་རང་གི་ཁྱད་ནོར་དགོས་པ་གལ་ཆེར་ངོས་བཟུང་བའི་ཐོག་ནས་གཅེས་ཞེན་གྱིས་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་ཡོང་བའི་དོན་ལ་ཤུགས་སྣོན་ངེས་པར་རྒྱག་དགོས། འདི་དག་རྨང་གཞིར་ཡོད་པའི་ཐོག་ལ། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་བ་ཞིག་ཡོང་བའི་ཆེད་དུ་གོ་སྐབས་དང་དུས་ཚོད་ཆུད་ཟོས་མ་བཏང་བར་མཐོང་རྒྱ་ཐོས་རྒྱ་བསྐྱེད་ཐབས་ལ་དྭང་དོད་འབད་བརྩོན་བྱེད་རྒྱུ་གལ་ཆེ། ལྷག་པར་ལོ་གཞོན་ཕོ་མོ་རྣམས་ནས་མི་ཚེ་གཅིག་གི་རྩ་ཆེའི་ལུས་སེམས་འཚར་ལོངས་བྱེད་པའི་དུས་ཚོད་བཟང་པོའི་སྐབས་ལ་བག་མེད་ཆང་འཐུང་དང༌། རྒྱན་པོ་འགྱེད་རྩེད་སོགས་རྣམ་གཡེང་གི་རྒྱུ་རྐྱེན་ཚབས་ཆེའི་རིགས་ལ་ངེས་པར་དོ་སྣང་ཆེན་པོས་དྲན་ཤེས་བག་ཡོད་བསྟེན་དགོས།

    དེ་ནས་གནས་ཚུལ་གཅིག་ལ། བར་ལམ་རྒྱ་མིའི་སྲིད་བྱུས་འཛིན་སྟངས་དེ་སྔའི་གནས་ཚུལ་ལ་ལྟོས་ཏེ་ལྐུག་པ་ཨུ་ཚུགས་ཀྱི་བསམ་བློ་རང་མིན་པའི་ཐོག་ནས་འཛམ་གླིང་སྤྱིའི་འགྲོ་སྟངས་དང་མཐུན་ཐབས་རང་དོན་རང་གཅེས་བྱས་ནས་འགྱུར་བ་འགྲོ་དང་འགྲོ་བཞིན་པར་བསྔགས་བརྗོད་དང༌། དགའ་བསུ་འོས་པ་ཞིག་རེད། རང་ཅག་བོད་ཀྱི་ཐོག་ལ་ཡང་ཕྱོགས་གཅིག་ནས་སྲིད་བྱུས་གུ་ཡངས་དང༌། མང་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས། བོད་ཀྱི་རིག་གཞུང་ཐོག་ལ་ཡང་སྔར་དང་མི་འདྲ་བར་དོ་སྣང་ཕྲན་བུ་ཆེ་རུ་འགྲོ་བའི་གནས་ཚུལ་ཞིག་ཡོང་གི་ཡོད་ན་ཡང༌། དེ་དང་ཆབས་ཅིག་འདས་པའི་ལོ་སུམ་ཅུ་ལྷག་རིང་བོད་མིར་ཚེ་གཡོག་བཀོལ་སྤྱོད་རྡུང་རྡེག་གཏོང་ཡུལ་དུ་བལྟས་པ་མ་གཏོགས་དོན་དམ་ཤེས་ཡོན་སློབ་གསོ་འཐུས་ཤོར་བསམ་ཡུལ་ལས་འདས་པ་བཏང་བཞིན་དུ་ད་དུང་བོད་མིས་མི་འཇོན་པ་དང༌། མི་ཐུབ་པའི་རྒྱུ་མཚན་གྱིས་ལས་བཟོ་ལག་རྩལ་པ་སོགས་ཀྱི་མིང་བཏགས་ནས་རྒྱ་མི་ཤིན་ཏུ་ཕོན་ཆེན་པོ་དབུས་གཙང་གྲོང་སྡེ་ཆེ་ཁག་ལ་གསར་དུ་སླེབས་ཀྱི་ཡོད་པ་དང༌། ལྷག་དོན་མདོ་སྟོད་སྨད་ཀྱི་ས་ཁུལ་འགའ་ཤས་ལ་ས་ཆ་ཐོན་སྐྱེད་བཟང་ས་དང༌། མཐུན་རྐྱེན་འཛོམས་ས་ཁག་ལ་རྒྱ་མི་ཕོན་ཆེན་པོ་གཞིས་ཆགས་ཞིང་པ་བྱེད་པར་རིམ་བཞིན་འབྱོར་བསྡད་ཀྱིས་དོན་གྱི་བདག་པོ་བོད་མི་ཚོ་ལུང་ཁུག་ནང་འབྲོག་ཚོ་ལྟ་བུར་ཟུར་སྡོད་དགོས་པ་དེ་འདྲ་ཡོང་གི་ཡོད་འདུག་པས། ང་རང་ཚོའི་ལུང་པའི་ནང་རྒྱ་རིགས་ཁྱོན་ཆེན་པོ་ཡོང་སྡོད་བྱེད་པ་འདི་ལ་དོ་སྣང་ཞིབ་རྩིས་ཆེན་པོ་བྱེད་དགོས།

    འཕྲལ་སེལ་གྱི་མི་རིགས་སྲིད་བྱུས་འདྲ་ཆགས་པོ་གང་འདྲ་ཞིག་བཤད་རུང༌། མི་རིགས་ཀྱི་ཁྱད་ཆོས་གང་ལ་ལྡན་སའི་རྩ་བའི་མི་རིགས་དེ་ག་མཐའ་མ་མངོན་མེད་སྡུག་ཟད་དུ་འགྲོ་བའི་གནས་ཚུལ་བྱུང་བ་ཡིན་ན། ཧ་ཅང་བློ་ཕམ་དང་ཉེན་ཚབས་ཆེན་པོ་རེད། དེ་ལ་ཚང་མས་དོ་སྣང་དམིགས་བསལ་བྱེད་དགོས་ཀྱི་འདུག ཕྱོགས་མཚུངས་བོད་ནང་སློབ་གྲྭ་ཡར་རྒྱས་གཏོང་གི་ཡོད་བརྗོད་བཞིན་དུ་བོད་ཕྲུག་བྱིས་པ་ཆུང་ངུ་མང་པོ་ཆ་རྐྱེན་དང་མཐུན་རྐྱེན་བཟང་བར་བསྙད་བཏགས་ནས་རྒྱ་ནག་ནང་ཁྲིད་དེ་རིམ་པས་བོད་མིའི་གོམས་གཤིས་ཀྱི་བསམ་སྤྱོད་རང་ཡལ་དུ་གཏོང་བའི་གནས་ཚུལ་མི་ཡོང་བའི་ངེས་པ་མི་འདུག་པས། འབྲེལ་ཡོད་ཕ་མ་སོགས་དང༌། ཕྲུ་གུ་སོ་སོའི་ངོས་ནས་རང་གི་མི་རིགས་ཀྱི་ཁྱད་ཆོས་གོམས་གཤིས་དེ་དག་རང་ཉིད་ས་ཁུལ་ཉེ་འགྱངས་གང་དུ་ཡོད་ཀྱང་མ་བརླག་མི་བརྗེད་པ་བྱེད་རྒྱུར་དོ་སྣང་ཆེན་པོའི་ཐོག་ནས་བདག་གཅེས་འབད་བརྩོན་ཆེན་པོ་བྱེད་དགོས།

    བོད་ནང་རྒྱ་མིའི་དཔལ་འབྱོར་སྲིད་བྱུས་གསར་པ་དེའི་སྐོར་ལ་ཡང་ཡིད་གཟབ་བྱེད་དགོས་པའི་གནད་དོན་ཞིག་བརྗོད་འདོད་འདུག ༡༩༨༠ ལོ་ནས་བོད་ནང་དཔལ་འབྱོར་གྱི་འགྲོ་ལུགས་གུ་ཡངས་བཏང་བའི་ཁར། ཉེ་ཆར་རྒྱ་ནག་ནས་བོད་ནང་ཕྱི་རྒྱལ་གྱི་མ་རྩ་འཛུགས་འཇོག་བྱ་རྒྱུར་འབོད་བསྐུལ་བྱས་པ་དེས་བོད་མི་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་འགྲོ་གི་ཡོད་ན་དགའ་བསུ་ཞུ་འོས་པ་རེད། འོན་ཀྱང་འདས་པའི་ལོ་ ༢༧ རིང་བོད་ནང་གི་ཐོན་སྐྱེད་མཐའ་དག་རྒྱ་མིས་འཆར་གཞི་ལྡན་པའི་སྒོ་ནས་འཕྲོག་བཅོམ་བེད་སྤྱོད་བྱས་པ་དང༌། གཙོ་བོ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དོན་དུ་བོད་དེ་རང་བྱུང་ཐོན་སྐྱེད་འབྱུང་ཁུངས་ཤིག་བཟོས་ཡོད། དེ་འདྲའི་བསམ་སྤྱོད་ལག་ལེན་མུ་མཐུད་བྱས་པ་དང༌། རྒྱ་ནག་ཁྱོན་གྱི་དཔལ་འབྱོར་དེང་རབས་ཅན་དུ་བསྒྱུར་རྒྱུའི་ཆེད་དུ་བོད་ནང་གི་གནས་སྟངས་དང༌། བོད་མིའི་དགོས་མཁོར་བསམ་གཞིགས་མེད་པར་བོད་ཀྱི་དཔལ་འབྱོར་འཆར་འགོད་འཚབ་འཚུབ་ཧོལ་རྒྱུགས་བྱས་ན། བོད་ནང་དཔལ་འབྱོར་ཟང་ཟིང་ཁུངས་མེད་དུ་འགྲོ་བས་མ་ཚད། བོད་ཀྱི་རང་བྱུང་སྐྱེ་དངོས་ཐོན་ཁུངས་ཁག་ཀྱང་ཉམས་ཆག་ཆེན་པོར་འགྱུར་ཉེན་ཡོད།

    དེ་བཞིན་བོད་ཀྱི་རིག་གཞུང་ཁོངས་ནས་ཐ་སྙད་རིག་པའི་སྐོར་ཅི་རིགས་དང༌། སྔོན་དང་ཕྱིས་ཀྱི་ལོ་རྒྱུས་རིགས་བོད་ཡིག་ནང་ཐོན་དང་ཐོན་བཞིན་པ་བསྔགས་འོས་སུ་འདུག་ཀྱང༌། བཙན་དབང་འོག་ཡོད་པས་མཐའ་མའི་བཀའ་འཁྲོལ་ཆོག་མཆན་རྒྱ་མིའི་ངོ་འཛུམ་ལ་བལྟས་ནས་ལེན་དགོས་སྟབས་དོན་རྩ་འགངས་ཆེར་སྒྲོ་སྐུར་ཕྱོགས་ལྷུངས་བདེན་དོན་མིན་པ་མི་ཉུང་བ་ཞིག་ཡོང་གི་འདུག་པར་ཚང་མས་དོ་སྣང་དང༌། སླད་འདི་རིགས་མི་འབྱུང་ཞིང༌། དག་སེལ་གྱི་ཐབས་ཤེས་འབད་བརྩོན་ཕྱོགས་གང་ས་ནས་བྱེད་དགོས་འདུག

    དེ་ནས་བར་ལམ་ལོ་ཤས་རིང་བོད་ནང་ནས་ཕྱི་རྒྱལ་ཁག་དང༌། དེ་དག་ནས་བོད་ནང་གཉེན་འཕྲད་དུ་འགྲོ་འོང་གི་གོ་སྐབས་བྱུང་བ་ནི་རང་གི་ཕ་མ་བུ་ཕྲུག་དང༌། གྲོགས་བཟའ་ཟླ་སོགས་དངོས་སུ་ཐུག་འཕྲད་ཕར་བཞག་ནས་གནས་ཚུལ་ཙམ་ཡང་ཐོས་རྒྱུ་མེད་པར་ལོ་མང་སོང་བའི་ཉེར་ལེན་གྱིས་གཉེན་འཕྲད་ལ་ཕར་འགྲོ་ཚུར་འོང་བྱེད་པའི་གནས་ཚུལ་དེ་བྱུང་བ་རེད། དེས་སྤྱི་སྒེར་རྒན་གཞོན་ཚང་མར་ཕན་ཐོགས་ཆེན་པོ་བྱུང་ཡོད། བོད་ནང་གཉེན་འཕྲད་འགྲོ་མཁན་དེ་དག་མི་དང་མིའི་བརྩེ་སེམས་ཀྱིས་རང་རང་སོ་སོའི་ཕ་མ་སྤུན་ཉེ་ཡོད་པ་རྣམས་ཐུག་འཕྲད་ཀྱི་རྩ་བར་ཕྱིན་པ་མ་གཏོགས། རྒྱ་མིའི་དབང་སྒྱུར་ལ་མོས་པ་དང༌། ད་ལྟའི་དངོས་ཡོད་གནས་ཚུལ་ལ་འདོད་པ་ཚིམས་ནས་ཕྱིན་པ་ཞིག་རྩ་བ་ནས་མིན་སྟབས་གནས་ཚུལ་འདི་དག་སྲིད་དོན་ཐོག་ནས་བེད་སྤྱོད་འཁྱོག་བཤད་བྱེད་པ་བྱུང་ན་སྙིང་པོ་མེད་པ་ཞིག་རེད། འགྲོ་ཀུན་བདེ་དགེས་འཚོ་བའི་སྨོན་ལམ་བཅས། ཏཱ་ལའི་བླ་མས། ཕྱི་ལོ་ ༡༩༨༦ ཟླ་ ༣ ཚེས་ ༡༠ ལ།།    །།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༢ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༧ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese