མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་ཀྱི་བཙོན་པ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

    དྲུག་བཞི་དོན་རྐྱེན་བྱུང་ནས་ལོ་ ༢༠ འཁོར་ལ་ཉེ་བའི་སྐབས་འདིར། གསང་བའི་སྒོ་ནས་སྒྲ་ཕབ་བྱས་པའི་ཀྲོའོ་ཙུ་ཡཱང་གི་ཕྱིར་དྲན་སྒྲ་ཐག་ཟིན་ཐོ་དེ་དབྱིན་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ཕབ་སྒྱུར་གྱིས་པར་སྐྲུན་འགྲེམས་སྤེལ་བྱས་འདུག་ལ། རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་བྱ་ཡུལ་ཞིག་ཏུའང་གྱུར་ཡོད།

    ཕྱི་ལོ་ ༡༩༨༩  ལོའི་ ༦ པའི་ཚེས་ ༤ ཉིན་རྒྱ་ནག་བཅིངས་འགྲོལ་དམག་གིས་སྒྱོགས་མདེལ་དང་མེ་མདའ་ཁོ་ནའི་ངར་ཤུགས་སྤྱད་དེ་སློབ་མའི་ལས་འགུལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པ་ནས་ད་ལྟའི་བར་དུ། ཀྲུང་གོའི་ཆབ་སྲིད་དབུ་ཁྲིད་དག་གིས་དྲུག་བཞིའི་ལས་འགུལ་དེ་ནི་རྒྱལ་ཁབ་མགོ་རྟིང་སློག་འདོད་ཀྱི་ཕྱི་འབྲེལ་ངན་ཇུས་ལྡན་པའི་ཟིང་འཁྲུགས་ཀྱི་རྣམ་པ་ཞིག་ཏུ་བསྒྱུར་ཏེ་གཡོ་འགེབས་བྱས་ཡོད་པ་རེད། ཀྲོའོ་ཙུ་ཡཱང་གི་ཕྱིར་དྲན་སྒྲ་ཐག་ཟིན་ཐོ་དེའི་ནང་གཞུང་གི་བཤད་སྟངས་དེ་ནི་རྫུན་སྒྲོག་ཁོ་ན་ཡིན་པ་དང་།  སྐབས་དེར་པེ་ཅིན་གྱི་གྲོང་ཁྱེར་མི་དམངས་ཀྱིས་བཅིངས་འགྲོལ་དམག་གྲོང་ཁྱེར་ནང་དུ་འཛུལ་རྒྱུར་སྔོན་སྲུང་བཀག་འགོག་བྱས་པ་སོགས་སྐབས་དེའི་མི་དམངས་ཀྱི་སེམས་འདུན་ངོ་མ་གསལ་འདོན་བྱས་ཡོད་པར་མ་ཟད། དམར་ཤོག་པའི་ནང་ཁུལ་གྱི་ནག་ཚོགས་དང་ནག་ཚོགས་དེ་དག་སུ་ཡིན་མིན་སོགས་དམར་རྗེན་དུ་བཏོན་ཡོད།

    ཀྲོའོ་ཙུ་ཡཱང་གིས་སྒྲ་ཐག་ཟིན་ཐོ་དེའི་ནང་བརྗོད་དོན། “ཕྱི་ཟླ་ ༦ པའི་ཚེས་ ༣ ཀྱི་མཚན་མོར་ང་རང་གཞན་གྱི་ལྟ་རྟོག་འོག་རང་ཁྱིམ་གྱི་འཁྱམས་རའི་ནང་སྡོད་སྐབས། ཕྱི་ལོག་གི་རྒྱུན་ཆད་མེད་པའི་མེ་མདའི་སྒྲ་ཐོས་འོང་ལ། སྐབས་དེར། འཛམ་གླིང་མི་དམངས་སྐྱི་གཡའ་ཞིང་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་འཁྲབ་ཟིན་པའང་བདག་གིས་ཤེས་རྟོགས་བྱུང་” ཞེས་དང་། “ངས་སྔར་ནས་གྲ་སྒྲིག་བྱས་ཟིན་ལ། མ་འོངས་པར་རང་ཉིད་ཀྱི་གནས་བབ་ཅི་འདྲ་ཞིག་དུ་འགྱུར་མིན་ཀྱང་རྟོགས་ཡོད་ “ “ ང་རང་ནམ་ཡང་མི་དམངས་དམར་གསོད་གཏོང་མཁན་གྱི་སྲིད་འཛིན་ཞིག་བྱ་རྒྱུ་མིན” ཅེས་བརྗོད་ཡོད་པ་དང་། གཞན་ཡང་ཁོང་གིས་ཏིན་ཞོའོ་ཕིན་གཙོས་ཀྲུང་གུང་གི་མཐོ་རིམ་མི་སྣ་དང་ལྷན་དུ་གནང་བའི་གྲོས་མོལ་གྱི་གནས་ཚུལ་དང་།  ཀྲོའོ་ཙུ་ཡཱང་ཁོ་རང་ངོས་ནས་ནུབ་ཕྱོགས་ཀྱི་གྲོས་ཚོགས་ལམ་ལུགས་དང་། གསར་འགོད་རང་དབང་། རང་དབང་ཅན་གྱི་ཁྲིམས་འཛིན་ལམ་ལུགས་བཅས་ལ་རྒྱབ་སྐྱོར་ཡོད་པ་སོགས་གསལ་སྟོན་བྱས་ཡོད་པ་རེད།

    ཀྲོའོ་ཙུ་ཡཱང་གིས་དེ་སྔ་རྒྱ་ནག་གི་སྲིད་བློན་དང་སྲིད་འཛིན་གྱི་ལས་འགན་རིམ་པར་ཁུར་མྱོང་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་དུ་འཛུགས་པར་བྱས་རྗེས་བཞག་ཡོད་པའི་གསར་བརྗེ་རྒན་རབས་པའི་གྲས་ཤིག་ཀྱང་ཡིན། དྲུག་བཞིའི་ལས་འགུལ་ལ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་དྲག་གནོན་བྱ་རྒྱུ་ཡིན་པ་ཀྲོའོ་ཙུ་ཡཱང་གིས་ཚོར་མ་ཐག ཁོང་ཉིད་དངོས་སུ་ཐཱེན་ཨན་མཱེན་ཐང་ཆེན་དུ་འོང་སྟེ། ངོ་རྒོལ་དུ་ཞུགས་མཁན་གྱི་སློབ་མ་རྣམས་ལ་ཉེན་བརྡའི་ཚུལ་དུ། “ངས་སློབ་གྲོགས་རྣམ་པར་སྐད་ཆ་ཚིག་འགའ་བརྗོད་འདོད་བྱུང་། ང་ཚོ་ཐོན་པའི་དུས་ཚོད་འཆི་དྲགས་ཟིན། མ་གཞི་ཁྱེད་ཚོས་སྐྱོན་བརྗོད་བྱས་པ་དེ་རྒྱུ་མཚན་ལྡན་པ་རེད། ཡིན་ནའང་། ང་ཐེངས་འདིར་ཁྱེད་ཅག་ལ་ང་ཚོར་གུ་ཡངས་གཏོང་བར་ཞུ་བ་བྱེད་དུ་ཡོང་བ་མིན། ངས་བརྗོད་འདོད་པ་ནི། ད་ལྟ་སློབ་གྲོགས་རྣམས་ཀྱི་གཟུགས་པོ་ཧ་ཅང་ཉམ་ཐག་ཏུ་གྱུར་འདུག “ཞེས་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་དང་། གཞན་ཡང་དམར་ཤོག་པའི་ཆབ་སྲིད་ལ་བཅོས་སྒྱུར་བྱེད་དགོས་པའི་དགོས་འདུན་བཏོན་པ་སོགས་ལ་བརྟེན་ནས་ཁོ་རང་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་ལས་དབྱུང་བཏང་སྟེ་ཚེ་མཇུག་ཧྲིལ་བོ་ལྟ་རྟོག་བཀག་ཉར་ཁྲོད་བསྐྱེལ་དགོས་བྱུང་ཡོད།

    དུས་ཡུན་ཆུ་ཚོད་ ༣༠ ལྷག་ཡོད་པའི་ <<རྒྱལ་ཁབ་ཀྱི་བཙོན་པ། ཀྲོའོ་ཙུ་ཡཱང་གི་ཕྱིར་དྲན།>>ཞེས་པའི་ཟིན་ཐོ་འདི་ནི་ཀྲོའོ་ཙུ་ཡཱང་གི་དྲུང་ཡིག་པའོ་ཐཱུང་གི་ཆུང་མ་དང་བུ་པའོ་ཕེའོ། ཨ་རིའི་གསར་འགོད་པ་ཨེ་ཀུ་ནེ་ཁྲུའོ་སི་(Ignatius)བཅས་ཀྱིས་ལོ་བཞིའི་དུས་ཡུན་རིང་བསྡུ་སྒྲིག་དང་དབྱིན་རྒྱ་ཡིག་རིགས་གཉིས་སུ་ཕབ་སྒྱུར་གྱིས་ཨ་རིའི་ཞིས་མོན་སུ་ཆོའོ་སུ་ཁྲུར་(Simon & Schuster) པར་སྐྲུན་ཁང་དང་ཞང་ཀང་པར་སྐྲུན་ཁང་གཉིས་ནས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་འདུག

    གཞན་ཡང་ཀྲོའོ་ཙུ་ཡཱང་གི་ཕྱིར་དྲན་སྒྲ་ཐག་ཟིན་ཐོ་འདི་ཇི་ལྟར་སྒྲ་འཇུག་དང་པར་སྐྲུན་བྱས་མིན་ཐད། ཁོང་གི་དྲུང་ཡིག་པོའོ་ཐཱུང་གིས་པེ་ཅིན་ནས་འཇར་མིན་གསལ་སྤེལ་ཁང་དང་ཧྥ་རིན་སིའི་གསར་ཁང་སོགས་སུ་བརྗོད་དོན། སྐབས་དེའི་པུའུ་ཀྲང་རིམ་པའི་མཐོ་རིམ་དཔོན་རིགས་གསུམ་གྱིས་ང་ལ་སྒྲ་ཕབ་འཁོར་ཐག་ ༣༠ སྤྲད་དེ། ཀྲོའོ་ཙུ་ཡཱང་སྐུ་མ་གཤེགས་པའི་ལོ་ལྔའི་ཡར་སྔོན་དུ་གསང་བའི་སྒོ་ནས་སྒྲ་འཇུག་བྱེད་དུ་བཅུགས་པ་དང་། དངོས་སུ་སྒྲ་འཇུག་བྱེད་མཁན་གྱི་མི་བཞིས་གསང་སྟབས་ཀྱིས་ཕྱི་ལོག་ཏུ་འདོན་ཐབས་བྱས་པ་ཡིན་ཞེས་བརྗོད་ཡོད་ལ། སྒྲ་ཐག་འདིའི་ནང་ཀྲོའོ་ཙུ་ཡཱང་གི་གསུང་ངོ་མ་སྒྲ་འཇུགས་བྱས་ཡོད་པས་མེད་བརླག་ཏུ་འགྲོ་མི་རུང་བའི་གལ་གནད་ཅན་ཞིག་ཡིན་པ་དང་། འཛམ་གླིང་མི་དམངས་ལ་གུང་ཁྲན་ཏང་གི་ངོ་གདོང་དམར་རྗེན་དུ་སྟོན་བྱེད་ཅིག་ཀྱང་ཡིན་པ་སོགས་འགྲེལ་བརྗོད་བྱས་ཡོད།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༥ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༩ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 11

  1. གླང་དར་མ། says:
    ལོ་ 17 སྔོན།

    གསར་འགྱུར་བརྒྱུད་ལ་ཞིག་ཚང་དགོས་པ་ཆ་རྐྱེན་ནི་དྲང་བདེན་དང་དངོས་འབྱུང༌། གསར་འགོད་ཐུབ་པའི་སྤོབ་སེམས་བཅས་དགོས། དེ་འདྲ་ཡོད་མཁན་གསར་ཤོག་དང་རླུང་འཕྲིན། བརྙན་འཕྲིན་ཞིག་ཡིན་ན་གསར་འགྱུར་གྱི་ཆ་རྐྱེན་ཚང་ཡོད་ཟེར་བཤད་ཆོག

    Reply
  2. འཁྱམས་པོ། says:
    ལོ་ 17 སྔོན།

    ཡ་ཡ་ད་ ད་དུང་ཡང་ཆོལ་ཁ་དང་ཆོས་ལུགས་ཞེས་་་་ཕྰ་ཕྰ་་་་ཕྰ་་་ཤོད་སྡོད་མཁན་དེ་ཚོའི་ཀླད་པ་རུལ་ནས་རུལ་དྲི་ཅུང་འཐུལ་པ་དེ་རང་རེད། དྲ་གྲོགས་་་་བོད་་་་ཤ་ལགས་ཁོང་ཚོ་དེ་ག་རང་བཞག་ཞོགས། ཀླད་རྙིང་དེ་ཚོ་་་་ དེ་ན་ཚིག་དགོས་མཁོ་ཅན་ཞིག་ཡོད་པ་མ་རེད། དེ་བས་རྩ་དོན་གླེང་ན་ཡག་པོ་རེད། ད་ནི་ང་ཚོ་བོད་པའི་གཞོན་རབས་པ་ཚོ་བསམ་བློ་དེ་ལས་བརྒལ་དགོས་ལ་རྒལ་ཀྱང་ཡོད་རྒྱུ་རེད་འདོད།

    Reply
  3. གངས་ཕྲུག says:
    ལོ་ 17 སྔོན།

    བློ་རབ་ལཊ། ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་སྤོ་ཆེད་བསམ་ཚུལ་ཙམ་སྤེལ་བ་ཡིན། འོ་་་་་ཁྱེད་ཀྱིས་ཆོལ་གསུམ་དྲ་ཚིགས་དེའི་མིང་གང་ཡིན་ནམ། ནམ་ཙ་ན་ཐོན་གྱི་ཡོད་དམ།

    Reply
  4. རྭ་ལོ། says:
    ལོ་ 17 སྔོན།

    ཏིན་གྱིས་ཀྲོའོ་ཙི་ཡང་གི་བསམ་བློ་ལག་ལེན་མ་བཏབས་པ་གཅིག་པུ་ནི། ནུབ་ཕྱོགས་ཀྱི་དམངས་གཙོ་རིང་ལུགས་རེད། དེ་བས་ཏིན་གྱིས་ག་དུས་ཡིན་ནའང་། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཅིག་ཅིག་མུག་མུག་བཤད་ནས་བསྡད་པ་རེད།

    Reply
  5. རྭ་ལོ། says:
    ལོ་ 17 སྔོན།

    རྒད་པོ་འདི་དོན་ངོ་མས་བཤད་ན། རྒྱ་ནག་གི་དེང་རབས་རིང་ལུགས་པ་སྟེ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཡབ་ཆེན་རེད་ཟེར། ཡིན་ཡང་། དགོས་ཁ་ལེན་མཁན་ཏིན་ཞའོ་ཕིན་ཆགས་སོང་བ་རེད། ཏིན་གྱི་བསམ་བློ་མཐའ་དག་ཀྲོའོ་ཙི་ཡང་གི་ཁོག་ནས་བརྐུས་པ་རེད་ཟེར།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཁ་དང་སྣ་ཡི་བར་དུ་ཞེ་འཁོན་ཞིག།
    ལག་པའི་ཕྱི་ནང་བར་དུ་རྩོད་གཞི་ཞིག།
    འདི་འདྲའི་མི་རིགས་ཤིག་ལ་ཡར་རྒྱས་ཤིག།
    ཡོང་རྒྱུའི་ཕྱོགས་སུ་རེ་བ་ཡོད་དམ་ཅི།།

    རིགས་ཞེན་གཙང་མའི་མི་ཐག་མ་ལྷོད་པར།།
    སེམས་དང་བསམ་པ་བོད་ཀྱི་བདེན་དོན་ལ།།
    དྲི་མེད་ལྷག་བསམ་དངས་པའི་སྐད་ཆའི་རིགས།།
    འདི་ནས་གཅིག་གིས་གཅིག་ལ་གསུང་རོགས་ཞུ།།

    བོད་མི་ཟེར་བ་གཅིག་ལས་གཉིས་མེད་ལ།།
    བོད་དོན་ཟེར་ན་དེ་བས་གང་ཞིག་ཡོད།།
    ཆོས་དང་ཆོལ་ཁའི་ནད་རྙིང་འཕོག་མཁན་ཚོ།།
    ད་ནི་དེ་འདྲའི་གཏམ་ངན་འདིར་མི་འཁོ།།

    དང་བོ་རང་སྐྱོན་ཕྲ་མོ་ཤེས་པར་མཛོད།།
    བར་དུ་རང་གི་ཅི་འཇོན་བརྟག་པར་གྱིས།།
    ཐ་མར་བོད་རིགས་མཐུན་སྒྲིལ་ཕྱོགས་སུ་བརྩོན།།
    བྱུང་ན་སྲོག་ཀྱང་བདེན་པའི་དོན་དུ་གཉོར།།

    རིགས་ཞེན་སྙིང་གི་འཕར་ལྡིང་དྲོན་མོ་འདིས།།
    རིགས་རུས་གཅིག་པའི་བོད་ཀྱི་སྤུན་ཟླ་ཚོར།།
    དུས་དང་ནམ་ཀུན་འབོད་པ་བྱེད་ཀྱི་ཡོད།།
    བོད་སེམས་བོད་པས་འཛིན་ལུགས་འདི་ལྟར་འདོད།།

    Reply
  7. སོག་མེ་རི། says:
    ལོ་ 17 སྔོན།

    ང་རང་ཡོང་དུས་ཀུན་ལ་ཁམས་བདེ་མེད།
    ང་ཡིས་བརྗོད་དུས་ཁ་ལ་བདག་པོ་མེད།
    ང་ཡིས་བློ་ལ་གང་ཤར་འབྲི་བ་ལས།
    ང་ལ་འཚེར་སྣང་བཞེད་སྣང་སྤུ་ཙམ་མེད།
    བདག་ལ་ནོར་འཁྲུལ་ཡོད་པ་ང་རས་ཤེས།
    བདག་ལ་ཡོན་ཏན་མེད་པ་ང་རས་ཤེས།
    འོན་ཀྱང་རིགས་ལ་དུང་བའི་ཤ་ཚ་དེས།
    དུས་བབས་ཟིན་འབྲིས་ཀློག་ལ་སྤེལ་འདོད་ཆེ།
    ལྟ་བ་མི་འདྲ་སྣ་ཚོགས་འདི་ན་ཚོགས།
    བསམ་བློ་མི་འདྲ་སྣ་མང་འདི་ན་འཛོམས།
    ང་ཡང་ཉམས་མྱོང་མེད་པའི་བྱིས་པ་ཞིག།
    ཨུ་ཚུགས་སྡུག་རུས་བརྒྱབ་ནས་འདི་ན་འཛུལ།

    Reply
  8. བློ་བཟང་རབ་དགའ། says:
    ལོ་ 17 སྔོན།

    གངས་ཕྲུག་ལགས་བློ་འཕམས་དང་སེམས་ཤུགས་ཆགས་དགོས་མ་རེད།་་་་་་་་དུས་བབ་དྲ་བདག་གཙོ་ཆེ་རྣམས་མདོ་སྨད་པ་ཤ་སྟག་རེད།་་་ཁོང་ཚོས་ལས་ཀ་ཕལ་ཆེ་བ་དེ་འདྲ་ཀྱང་ཀྱང་རེད།་ཆུང་ས་ནས་བཤད་ན་མདོ་སྨད་པ་ལས་ཞན་པ་ཞིག་གིས་ཟིན་བྲིས་དཀའ་ངལ་ལ་གོང་ལེན་བྱ་ཕྱོགས་རེ་སྐུལ་ག་ཚོད་ཞུས་ཀྱང་སྟོང་པ་རང་རེད།་སྤྱིར་བོད་མི་ཚང་མ་དེ་འདྲ་འདྲ་བོ་ཞིག་འདུག་ག་ཨེ་གསར་ཚ་བོ།་དུས་བབ་དྲ་ཚིག་ཏུ་མདོ་སྨད་པ་མ་གཏོགས་གཤོངས་ཀྱི་མེད་ན་ངས་ཆོལ་གསུམ་ཡོད་རྒུ་གཤོངས་བའི་དྲ་ཚིག་གི་གྲ་སྒྲིག་བྱེད་བཞིན་པ་ཡིན།་སེམས་ཤུགས་མ་ཆགས།

    Reply
  9. གངས་ཕྲུག says:
    ལོ་ 17 སྔོན།

    དུས་བབ་འདིར་བརྒྱ་ཆ་༩༨ མདོ་སྨད་ནང་དུ་བྱུང་བའི་གནས་ཚུལ་མ་གཏོགས་བཀོད་ཤེས་ཀྱི་མི་འདུག དུས་བབ་རྒྱུན་དུ་ཀློག་མཁན་ཞིག་ཡིན་པའི་ཆ་ནས་བློ་ཕམ་ཡོད། དངོས་ཡོད་བསམ་ཚུལ་ཙམ་ལས་ཆོལ་ཁའི་འཐེན་འཁྱེར་མིན་པས་དགོངས་ཚོམ་མི་མཛད་པ་ཞུ། ད་དུང་བཀའ་བཀྱོན་རེ་གནང་ན་ལཱ་ལཊ་སོ་ཞུ་རྒྱུ་ལས་མེད།

    ཨེ་ཤི་ཡ་རང་དབང་རླུང་འཕྲིན་དྲ་རྒྱ་ནས་བཤུས།།

    ན་ནིང་ཞི་རྒོལ་བྱེད་མཁན་བོད་མི་གཉིས་བཙན་བྱོལ་དུ་འབྱོར་བ།
    2009-05-18
    དཀར་མཛེས་ནང་ངོ་རྒོལ་བྱེད་མཁན་མ་འདས་མགོན་པོ་དང་བརྩི་སྲུང་དགོན་པའི་གྲྭ་ཚེ་རིང་འཇིགས་མེད་གཉིས་ད་ཆ་རྒྱ་གར་དུ་བྲོས་ཐར་ཡོད་འདུག

    ༄༅༎དེ་ཡང་ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་བ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་དཀར་མཛེས་དུ་ཆུ་ཁ་ཚང་གསེར་དགའ་གཙོས་པའི་སེར་སྐྱ་བོད་མི་སྟོང་ཕྲག་ལྷག་གིས་ངོ་རྒོལ་བྱས་པའི་སྐབས་ཞི་རྒོལ་དེའི་སྣེ་ཁྲིད་བྱེད་མཁན་རང་ལོ་བཞི་ཅུ་ཞེ་གཅིག་ཡིན་པ་མ་འདས་མགོན་པོ་དང་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་རང་ལོ་ཉི་ཤུ་རྩ་བཞི་ཡིན་པ་བརྩི་སྲུང་དགོན་པའི་གྲྭ་ཚེ་རིང་འཇིགས་མེད་གཉིས་ད་ཆ་རྒྱ་གར་དུ་བྲོས་ཐར་ཡོད་འདུག

    དཀར་མཛེས་ཉེན་རྟོག་ལས་ཁུངས་ནས་ཉིས་སྟོང་བརྒྱད་ཟླ་བ་ལྔ་པའི་ཚེས་བདུན་ཉིན་གསལ་བསྒྲགས་ཤིག་སྤེལ་ཏེ་ཁོང་རྣམ་པ་གཉིས་དང་དེ་མིན་དཀར་མཛེས་རྫོང་ཁོངས་ནས་མི་གསུམ་བྲག་མགོ་རྫོང་ཁོངས་ནས་མི་བཞི་གསེར་རྟ་རྫོང་ཁོངས་ནས་མི་ཉི་ཤུ་རྩ་བདུན་བཅས་ཁྱོན་མི་གྲངས་སུམ་ཅུ་སོ་དྲུག་པོ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་གཏོར་བཤིག་བྱེད་མཁན་ཡིན་སྟབས་འཇུ་བཟུང་བྱ་དགོས་པ་དང་ཁོང་རྣམས་སུ་ཞིག་གིས་འཇུ་བཟུང་བྱེད་ཐུབ་པ་ཡིན་ན་བྱ་དགའ་རྒྱ་སྒོར་ཆིག་ཁྲི་ནས་ཉིས་ཁྲི་བར་སྤྲོད་རྒྱུ་ཡིན་སྐོར་རླུང་འཕྲིན་བརྒྱུད་གསལ་བསྒྲགས་ཀྱང་བྱས་ཡོད་པ་དང་ད་ལོ་ཁོང་རྣམས་འཇུ་བཟུང་གི་བྱ་དགའ་དངུལ་འབོར་མང་ཏུ་བཏང་ཡོད་འདུག

    སྐུ་ཞབས་མ་འདས་མགོན་པོ་དང་ཚེ་རིང་འཇིགས་མེད་རྣམ་པ་གཉིས་ན་ནིང་ཞི་རྒོལ་ལ་དྲག་གནོན་བྱེད་སྐབས་ལོ་གཅིག་ལྷག་ཙམ་རིང་རི་ལ་བྲོས་ནས་གབ་གཡོལ་བྱས་པ་ད་དེ་ནས་ས་སྟོང་ལུང་སྟོང་བསྐོར་ཏེ་ད་ཆ་རྒྱ་གར་དུ་བྲོས་ཐར་ཡོད་འདུག

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    བདེན་པའི་ཡོན་ཏན་ནི་ཇི་ཙམ་བརྟག་དཔྱད་ཞིབ་འཇུག་བྱས་པ་དེའི་ཚོད་ཀྱིས་དངོས་ཡོད་གནས་ཚུལ་གསལ་དུ་གསལ་དུ་འགྲོ་རྒྱུ་དེ་རེད།།

    Reply
  11. རི་སྐྱེས་ཁ་བ་འཚོ། says:
    ལོ་ 17 སྔོན།

    དྲང་བདེན་ལས་སྟོབས་ཤུགས་གལ་ཆེ་བ་དང་། འཚོ་བ་ལས་ཚེ་སྲོག་གལ་ཆེ་བ་དེས་བློ་མཐུན་ཀྲོ་ཙི་ཡང་འདི་ལྟར་བདེན་པ་དང་གནས་ལུགས་རུམ་ནས་གཤེགས་ཟིན། ད་དུང་བདེན་པ་དང་གནས་ལུགས་ཡོད་པའི་མཐོ་རིམ་མི་སྣ་ཅི་ཙམ་འདི་ལྟར་ཚེ་སྲོག་ལ་འཛེམ་ནས་འཁག་ཡོད་དམ། སྤྱིར་མཐོ་རིམ་མི་སྣའི་ཕྲུ་གུ་ཚང་མ་དུས་རབས་ཀྱི་དབང་གིས་གཉིད་ལས་སད་ཡོད་པས་ཕ་བུ་གཉིས་ཀའི་བར་ན་སྐད་ཆའི་གོ་བརྡ་འཕྲོད་ཀྱི་ཡོད་དམ། འདི་ནི་ངས་རྒྱུན་དུ་ང་ལ་འདྲི་བཞིན་པའི་དྲི་བ་དེ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese